ངོས་དང་པོ > རྩེད་འཇོ། > སྣ་ཚོགས་གཏམ་གླེང་། > འཇིག་རྟེན་ཁམས་ཀྱི་གཏིང་རིམ་ནི་དོན་དམ་དུ་ཅི་འདྲའི་ངོ་མཚར་བ་ཞིག་ཡིན་ནམ།
འཇིག་རྟེན་ཁམས་ཀྱི་གཏིང་རིམ་ནི་དོན་དམ་དུ་ཅི་འདྲའི་ངོ་མཚར་བ་ཞིག་ཡིན་ནམ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2026-09-08 08:30:05
ཀློག་གྲངས།:
གནའ་ནས་ད་ལྟའི་བར་དུ། སྐར་ཚོགས་བཀྲ་བའི་མུ་མེད་ནམ་མཁའི་དབྱིངས་ཀྱིས་མི་མང་བོའི་མཚར་སྣང་སྐྱེད་ལ། མཁའ་དབྱིངས་ཀྱི་གཏིང་རིམ་ན་སྦས་པའི་གསང་བ་དེ་དག་གིས་ང་ཚོར་རྟོག་ཞིབ་བྱེད་འདོད་སྐྱེ་རུ་འཇུག ཉེ་སྔོན། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་ཁུལ་གྱི་གནམ་དཔྱད་པར་ལེན་འགྲན་སྡུར་སྐབས་གཉིས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་། པར་ལེན་མཁན560ཡིས་དུས་ཡུན་རིང་བོར་རྗེས་འདེད་པར་ལེན་བྱས་པའི་བརྩམས་ཆོས1376ལས། ང་ཚོར་འཇིག་རྟེན་གྱི་འཆར་ཡན་དང་ངོ་མཚར་ཐམས་ཅད་ནི་འོད་ལོ་དུང་ཕྱུར་ཁྲི་ཕྲག་བརྒལ་ནས་སའི་གོ་ལའི་པང་ལ་ལོག་པའི་སྐར་མའི་འོད་སྣང་དུ་སྦས་ཡོད་པ་གསལ་བཤད་བྱས།
པར་ལེན་མཁན་རྣམས་ཀྱིས་བརྙན་མིག་དེ་ཚད་གཞི་མི་འདྲ་བའི་གནམ་གཟུགས་ལ་གཏད་དེ། རྒྱུ་སྐར་གྱི་འཁོར་སྐྱོད་དང་། བརྟན་སྐར་གྱི་འགྱུར་ལྡོག འཇིག་རྟེན་རིག་པའི་གཞུང་ལུགས་སོགས་མ་གཞིར་གོ་དཀའ་བའི་ཚིག་སྐམ་དག་ཚང་མས་ཧ་གོ་ཐུབ་པའི་མཐོང་ཚོར་གྱི་སྐད་ཆར་བསྒྱུར་ཡོད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མཐོང་དཀོན་པའི་འཇིག་རྟེན་གྱི་ངོ་མཚར་དེ་དག་གིས་སྤྱི་དམངས་ལ་སྐར་མའི་རྒྱ་མཚོའི་གཏིང་རིམ་དུ་སྐྱོད་པའི་སྒེའུ་ཁུང་ཞིག་ཕྱེ་ཡོད།
པར་ལེན་མཁན་རྣམས་ཀྱིས་བརྙན་མིག་དེ་ཚད་གཞི་མི་འདྲ་བའི་གནམ་གཟུགས་ལ་གཏད་དེ། རྒྱུ་སྐར་གྱི་འཁོར་སྐྱོད་དང་། བརྟན་སྐར་གྱི་འགྱུར་ལྡོག འཇིག་རྟེན་རིག་པའི་གཞུང་ལུགས་སོགས་མ་གཞིར་གོ་དཀའ་བའི་ཚིག་སྐམ་དག་ཚང་མས་ཧ་གོ་ཐུབ་པའི་མཐོང་ཚོར་གྱི་སྐད་ཆར་བསྒྱུར་ཡོད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མཐོང་དཀོན་པའི་འཇིག་རྟེན་གྱི་ངོ་མཚར་དེ་དག་གིས་སྤྱི་དམངས་ལ་སྐར་མའི་རྒྱ་མཚོའི་གཏིང་རིམ་དུ་སྐྱོད་པའི་སྒེའུ་ཁུང་ཞིག་ཕྱེ་ཡོད།
སྐར་ཚོགས་བཀྲ་བའི་ནམ་མཁའ་ནི་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་ལ། མིའི་རིགས་ཀྱི་མཐོང་སྣང་དུ་གྱུར་པའི་སྐར་འོད་རེ་རེ་ནི་འོད་ལོ་དུང་ཕྱུར་མང་བོའི་དུས་ཚོད་དང་བར་སྟོང་བརྒྱུད་དེ་ད་གཟོད་སའི་གོ་ལར་སླེབས་པ་ཡིན། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། གཏན་ཁེལ་བྱས་པའི་གནམ་གཟུགས་ཀྱི་རི་མོ་འདི་དག་ནི་སྐབས་དེའི་རྣམ་པ་དངོས་མ་ཡིན་པར། འོད་ཐིག་མཆེད་མགོ་རྩོམ་དུས་ཀྱི་ཆེས་ཐོག་མའི་རྣམ་པ་དེ་ཡིན་ལ། འཇིག་རྟེན་གྱི་འདས་ཟིན་པའི་གནས་ལྗོངས་ཀྱི“དུས་ཀྱི་མགྱོགས་པར”ཡིན། བརྙན་རིས་བརྒྱུད་ནས་འཇིག་རྟེན་གྱི་འདས་སོང་ལ་ཕྱིར་མིག་ལྟ་བ་དེ་ནི་མིའི་རིགས་དང་མཐའ་ཡས་པའི་མཁའ་དབྱིངས་བར་དུ་ལབ་གླེང་བྱེད་པ་དང་། བྱ་དངོས་ཡོད་ཚད་ཀྱི་འབྱུང་ཁུངས་འཚོལ་ཞིབ་བྱེད་པའི་ཐབས་ལམ་ཞིག་ཀྱང་རེད།

ཉ་རྫིའི་མདའ་ཆེན་པོའི་སྐར་སྤྲིན་ནི་སའི་གོ་ལ་དང་བར་ཐག་འོད་ལོ2300ཙམ་ཡོད། ཞའོ་ཅན་ཧྲེང་གིས་པར་བླངས།

2025ལོའི་ཟླ10པའི་ཚེས6ཉིན། ལའེ་མེང་སྐར་མ་དུ་བ་མཇུག་རིང་ནི་འོད་གསལ་སྐར་ཚོགས་བརྒྱུད་དེ། རླུང་འཁོར་ཆུང་ངུའི་སྐར་རྒྱུད་དང་སྒྲོམ་གཅིག་ཏུ་མངོན་པར་གསལ། ལི་ཞང་ཡུས་ཀྱིས་པར་བླངས།

རྐང་གྲུག་གི་དབྱིབས་དང་འདྲ་བའི་ཚད་འདས་སྐར་གསར་གྱི་རྗེས་ཤུལ་དེ་ནི་སའི་གོ་ལ་དང་བར་ཐག་འོད་ལོ11000ཙམ་ཡོད། ཞེ་ཁྲུན་ཧྲེང་གིས་པར་བླངས།

རྔོན་པའི་སྐར་ཚོམ་ཁྲོད་ཀྱི་སྐར་སྤྲིན་རྟ་མགོ་མ་ནི་སའི་གོ་ལ་དང་བར་ཐག་འོད་ལོ1500ཙམ་ཡོད། ཧོ་ཕེ་ཏུང་གིས་པར་བླངས།

སྐར་མདའ་ཞིག་རྔོན་པའི་སྐར་ཚོམ“བརྟོལ་ནས་རྒྱུ་བ།” ཝུའུ་ཕེང་གིས་པར་བླངས།

2024ལོའི་ཟླ11པའི་ཚེས7ཉིན། ཉི་མར་ཉི་རྣ་ཆེན་པོ་ཞིག་གྲུབ་ཅིང་། དེའི་རིང་ཚད་སྤྱི་ལེ་ཁྲི50ལས་བརྒལ་ཡོད། ཀྲོའུ་ཕེང་ཧྥེ་ཡིས་པར་བླངས།

སྐར་སྤྲིན་གླག་ཕྲུག་ནི་སའི་གོ་ལ་དང་བར་ཐག་འོད་ལོ430ཙམ་ཡོད་པ་དང་། གྲང་ངར་ཆེ་བའི་སྐར་མཚམས་ཀྱི་རྡུལ་གྱིས་གྲུབ་ཅིང་། མཐའ་འཁོར་དུ་ཆིང་འབོར་ཆེན་ཡོད། ཞེ་ཁྲུན་ཧྲེང་གིས་པར་བླངས།

དགུན་དུས་ཀྱི་རྔོན་པའི་སྐར་ཚོམ་དང་པ་ན་ཏེ་ཧོན་གཉིས་བོད་ལྗོངས་གཏིང་སྐྱེས་ཀྱི་རྫོང་མཚོ་དང་གངས་རི་ཨ་མ་གྲིབ་མ་དང་མཉམ་དུ་གཟི་འོད་མཉམ་འཚེར་བྱེད། ཆན་ཧའོ་ཚུང་གིས་པར་བླངས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号