• ལྔ་བཞིའི་རྒྱལ་གཅེས་སྙིང་སྟོབས་སྔར་ལས་དར་སྤེལ་སྒོས།མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་ཆེད།ཟླ5པའི་ཚེས1ཉིན།མཛོད་དགེ་རྫོང་བྱམས་མེ་གྲོང་རྡལ་ལུས་རྩལ་ཚོགས་པས་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་བྱམས་མེ་གྲོང་རྡལ་དུ་སྤེལ།ཐེངས་འདིའི་བྱེད་སྒོ་ནི་བྱམས་མེ་གྲོང་རྡལ་ལུས་རྩལ་ཚོགས་པས་རྩ་འཛུགས་བྱས་ཤིང་།འགྲན་ཚོགས་སུ་རིག་རྩལ་དང་འགྲན་རྩོད་གཅིག་ཏུ་འདུས་ཏེ།རྒྱང་མཆོང་དང་བྱེ་ཁུག་འགྱོག་པ།རྒྱུག་འགྲན།ལྒང་རྩེད་སོགས་ལུས་རྩལ་གྱི་རྣམ་གྲངས་བཀོད་སྒྲིག་བྱས་པས།གྲོང་རྡལ་ཡོངས་ཀྱི་སྡེ་བ7གྱི་མང་ཚོགས་སྟོང་ལ་ཉེ་བ་ལྟད་མོར་བཀུག...

    2023-05-05 09:34:07 མཚོ་སྔོན་པོ་དྲ་བ། 15251
  • སྟག་མོ་མཚོ་ལ་འདུར་རྒྱུག་གི་བྱ་དགའ་ཨང་དང་པོའི་རྟགས་མ་ཐོབ།

    ད་ལོར་རྒྱལ་ཡོངས་འདུར་རྒྱུག་འགྲན་སྡུར་གྱི་སྐྱེས་མའི་ཚན་ཆུང༼རྒྱུག་སྐོར་གཉིས་པའི༽སྤྱི་ལེ་བཅུ་ཅན་གྱི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོའི་རྟགས་མ་ཐོབ།འདི་ནི་ཁོ་མོའི་ལུས་རྩལ་སློབ་གཉེར་གྱི་འདུན་མ་མངོན་འགྱུར་བྱུང་བའི་རྒྱལ་ཁའི་རྟགས་མཚན་ཡིན་ལ།ཐུན་ཏེ་རྫོང་མི་དམངས་ཀྱི་གཟི་བརྗིད་ཀྱང་རེད།...

    2023-04-12 07:56:38 མཚོ་སྔོན་པོ་དྲ་བ། 15419
  • ཆོས་དབྱིངས་སྐྱིད་སོགས་ལ་འགྲན་སྡུར་འདིའི་ནང་ཞུགས་པའི་ཐོབ་ཐང་ཐོབ།

    ཟླ3པའི་ཚེས27ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོས་གནས་ཚུལ་སྤེལ་བར་གཞིགས་ན།ཀྲུང་གོའི་བོད་རིགས་འདུར་རྒྱུག་ལུས་རྩལ་པ་གྲགས་ཅན་དང་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ལེན་མཁན་ཆོས་དབྱིངས་སྐྱིད་ཚུད་པའི་མཚོ་སྔོན་གྱི་འདུར་རྒྱུག་ལུས་རྩལ་པ་གསུམ་ལ་པུ་ཏ་ཕེ་སིའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་ཐོབ་ཡོད་པ་རེད།...

    2023-03-29 14:10:25 མཚོ་སྔོན་པོ་དྲ་བ། 15025
  • ཟླ2ཚེས23ཉིན་གྱི་སྔ་དྲོར།བོད་རང་སྐྱོང་ལྗོངས་ཀྱི2023ལོའི་བོད་ཀྱི་ཆུ་ཡོས་ལོའི་ལོ་གསར་གྱི་མི་རིགས་ཀྱི་སྲོལ་རྒྱུན་རྟ་ཐོག་རྩལ་འགྲན་དང་།མི་རིགས་ཀྱི་རྟ་རྒྱུག་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་རྟ་རྒྱུག་འགྲན་རར་འགོ་ཚུགས་པ་རེད།མཐོ་སྒང་གི་རྟ་པས་རྟ་ཕོ་རྟ་ལྕག་གིས་སྐུལ་ཏེ་སྲོལ་རྒྱུན་གྱི་ལུས་རྩལ་བྱེད་སྒོར་བརྟེན་ནས་ལོ་གསར་ལ་རྟེན་འབྲེལ་ཞུས་པ་རེད།རྟ་ཐོག་རྩལ་འགྲན་ནི་བོད་དུ་བཀྲ་ཤིས་པ་དང་།དཔའ་ངར་ལྡན་པ།བློ་གྲོས་འཛོམས་པའི་མཚོན་རྟགས་ཤིག་དང་།མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལུས་རྩལ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་རེད།ལོ་རེའི་བོད་ཀྱི་ལོ་གསར་སྐབས་མི་རིགས་ཀྱི་སྲོལ་རྒྱུན་རྟ་ཐོག་རྩལ་འགྲན་དེ་གོམས་སྲོལ་ཞིག་ཏུ་གྱུར་ནས།རྒྱ་ཆེའི་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།...

    2023-02-28 09:17:07 མཚོ་སྔོན་པོ་དྲ་བ། 18006
  • ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱ་ཆེད།ཁུལ་བཙུགས་ནས་ལོ་འཁོར70ལོན་པར་དགའ་བ་འབུམ་གྱིས་བསུས་ཏེ་མི་རིགས་སྲོལ་རྒྱུན་རིག་གནས་སྔར་ལས་དལ་སྤེལ་དུ་བཏང་ལ།ལས་བྱེད་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མི་རིགས་ལུས་རྩལ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ།སྤྱི་ཚོགས་ལུས་རྩལ་བྱེད་ནུས་འདོན་སྤེལ་བྱས་ཏེ་དམངས་ཡོངས་ཀྱི་མི་གཤིས་མཐོར་འདེགས་སུ་གཏོང་བ།ཁྱོན་ཡོངས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་གྲོང་གསེབ་དར་སྤེལ་འཛུགས་སྐྲུན་ཁྲོད་གསར་གཏོད་དང་འབད་བརྩོན་བྱས་པའི་རྣམ་པ་དེ་མངོན་པར་བྱ་དགོས།...

    2023-02-03 08:32:22 མཚོ་སྔོན་པོ་དྲ་བ། 19760
  • མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།2023ལོའི་ཟླ1པོའི་ཚེས29ཉིན།དབྱི་ཐ་ལིའི་ཤིས་ལི་གླིང་ཕྲན་དུ་སྤེལ་བའི་དབྱི་ཐ་ལིའི་འདུར་རྒྱུག་གཟེངས་རྟགས་འགྲན་སྡུར་ཁྲོད་མཚོ་སྔོན་ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཆེན་དང་པོའི་ལུས་རྩལ་པ་ཀླུ་མོ་མཚོས་ཆུ་ཚོད2དང་སྐར་མ46དང་སྐར་ཆ08སྤྱད་ནས་སྤྱི་ལེ35ཡི་སྐྱེས་མའི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པ་དང་ལུས་རྩལ་པ་བཀྲ་ཤིས་གཡང་འབུམ་གྱིས་ཆུ་ཚོད1དང་སྐར་མ29དང་སྐར་ཆ13སྤྱད་ནས་སྤྱི་ལེ20ཡི་སྐྱེས་པའི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་དྲུག་པ་བླངས།...

    2023-01-30 21:49:12 མཚོ་སྔོན་པོ་དྲ་བ། 20376

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།