-
༄༅།།ཀུན་མཁྱེན་གྲུབ་པའི་དབང་བོ་འཇམ་མགོན་སངས་རྒྱས་གཉིས་པའི་སྐུ་ཞབས་སུ་ཟུར་གསལ་ལྟར་གྱི་ཞུ་འཕྲིན་འདེགས་པ་ལ་ཆེད་མངགས་ཀྱི་ཕོ་ཉ་བ་གཞོན་ནུ་དོན་རབ་ཏུ་གྲུབ་པ་སྐབས་བབ་ཀྱི་གཏམ་དང་བཅས་པ་འཕེལ།...
2022-07-19 08:48:59 ཡོངས་འཛིན་བློ་བཟང་དཔལ་ལྡན། 24931 -
རྟག་ཏུ་འཆར་ལ་ནུབ་པ་མི་སྲིད་པ།།རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཉི་མའོ།།དེ་དང་དེ་ཡི་རེག་བྱས་ཡིད་ཚིམ་པས།།ཐམས་ཅད་རྣམ་པ་ཀུན་གྱི་ཕྱག་གི་འོས།།སྙིགས་དུས་ཕྱོགས་རིས་ཟུག་ངུ་ཆེ་བ་དང་།།སྔོན་ལས་ཀྱིས་འཕངས་སྨྲ་མཆུ་མང་ན་ཡང་།།རང་སྤྱོད་རྒྱལ་བའི་བསྟན་ལས་མ་གཡོལ་ན།།བྱས་ཚད་འཚེངས་པ་ཡིན་ནོ་རིགས་ཀྱི་བུ།།...
2022-07-14 09:17:06 ཀུན་མཁྱེན་པདྨ་དཀར་པོ། 23564 -
འབྲུག་པ་ཀུན་ལེགས་བཞིན་བཤད་ན།།མཐོས་རྒྱག་དམས་རྒྱག་ལ་གཏོང་ངོ༌།།གེ་སར་སྒྲུང་གླུ་ལ་ཉལ་བཞིན།།དགའ་མདོག་སྡུག་མདོག་རེ་གྱིས་དང༌།།ཉམས་ལེན་གནད་འདྲིལ་ཞིག་བྱེད་ན།།རྩ་བ་ཀུན་སློང་ནས་ཚུགས་དགོས།།གཏད་སོ་མེད་པ་ཞིག་བྱེད་ན།།ཁ་ཟིན་སྣ་ཟིན་ནས་སྒོམས་ཤིག།...
2022-07-12 10:55:39 གུང་ཐང་བསྟན་པའི་སྒྲོན་མེ། 22870 -
འདི་ནི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ཨེ་ཝཾ་ལས་བཤུས་པའོ།།...
2022-06-30 09:22:42 པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚ 23535 -
ཨོཾ་བདེ་ལེགས་སུ་གྱུར་ཅིགསྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ།།མར་གད་ཞུ་བ་འཁྱིལ་འདྲའི་མཚོ་འགྲམ་དུ།།བསིལ་ཟེར་བྱེད་པའི་སྟེང་ན་ཀེ་ལ་ཤའི།།མདངས་ཀྱིས་རབ་མཛེས་ཙོག་པུའི་ཚུལ་གྱིས་འགྱིང་།།རྒྱུད་མང་སྔོན་པོའི་སྒྲ་ཡིས་རོལ་དེར་འདུད།།...
2022-06-30 08:43:58 རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། 22832 -
མཆོག་གསུམ་ཀུན་འདུས་དྲིན་ཅན་བླ་མ་ལ།།རྩེ་གཅིག་ཡིད་ཀྱི་གུས་པས་བཏུད་བྱས་ཏེ།།དམ་པ་རྣམས་ཀྱི་གསུང་གི་སྙིང་པོའི་དོན།།གཞེན་བསྐུལ་བསླབ་བྱ་མདོ་ཙམ་བྲི་བར་བྱ།།རྒྱལ་བའི་གསུང་རབ་དགོངས་འགྲེལ་བཅས་པ་ཀུན།།གདུལ་བྱའི་སེམས་རྒྱུད་འཆོས་པའི་ཐབས་ཡིན་པས།།དེ་དག་ལས་ལྷག་གདམས་ངག་བསླབ་བྱ་ནི།།བློ་དང་ལྡན་པ་སུ་ཡིས་གང་ནས་རྙེད།།ཁྱད་པར་སྙིང་ནས་ཆོས་བཞིན་བྱ་འདོད་ན།།བཀའ་གདམས་གོང་མའི་གསུང་ལས་བྱུང་བ་བཞིན།།ཚེ་འདི་བློས་བཏང་བུད་བསྙེགས་ཐོབ་གསུམ་སོགས།།ངེས་པར་དགོས་མོད་དེ་ཙམ་མ་བྱུང་ཡང་།།འདི་དང་ཕྱི་མ་གཉིས་ལས་ཕྱི་མ་གཙོ།།ཆོས་དང་འཇིག་རྟེན་གཉིས་ལས་དམ་ཆོས་གཙོ།།...
2022-06-21 09:33:57 ལྕང་སྐྱ་རོལ་པའི་རྡོ་རྗེ། 22381 -
འཛམ་བུ་གླིང་གི་རྒྱན་དམ་པ་ཉི་ཟླ་ལྟར་གྲགས་པའི་རྗེ་བཙུན་དམ་པ་ས་སྐྱ་པཎྜི་ཏའི་ཞབས་ལ་བདག་སོགས་སེམས་ཅན་ཐམས་ཅད་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།བདུད་དང་གཤིན་རྗེའི་འཇིགས་ལས་བཟློག་ཏུ་གསོལ།ཐབས་དང་།སྐྱབས་དང་།དག་པ་ལས་བསླུ་བའི་མདའ་ལྔ་པའི་སྤྱོད་ཡུལ་ལས་བཟློག་ཏུ་གསོལ།ཉིད་ཀྱིས་ཇི་ལྟར་བརྙེས་པའི་ལམ་རྣམ་པར་གྲོལ་བའི་བདུད་རྩི་གནང་བར་མཛད་དུ་གསོལ།...
2022-06-15 09:54:59 གློ་བོ་མཁན་ཆེན་བསོད་ནམས་ལྷུན་ག 22359 -
ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་རང་གི་སློབ་མ་ལ་གྲོས་འདེབས་པའི་ཡི་གེ་སྙིང་གི་ཐུར་མ་སྟེ་ཡོངས་གྲགས་སུ་བུ་སྟོན་སྙིང་ཐར་ཞེས་མཁས་པ་མཐའ་དག་གི་ཡིད་དབང་མེད་དུ་འཕྲོག་ནུས་པའི་ལེགས་བཤད་མཚུངས་ཟླ་མེད་པ་འདི་ནི།གང་ཉིད་ཀྱིས་ཆོས་དང་ཟང་ཟིང་གིས་ཡུན་རིང་དུ་བསྐྱངས་པའི་བུ་སློབ་ཕུལ་ཏུ་ཕྱིན་པ་ཞིག་ཡོད་པ་དེ།སྡིག་གྲོགས་ཀྱི་དབང་དུ་སོང་སྟེ་ཚུལ་ཁྲིམས་འཆལ་བ་བྱུང་བ་དེའི་ཉེས་དམིགས་ཚར་གཅོད་པ་དང་།སློབ་མ་ལ་འགྱོད་བཤགས་བྱ་བར་བསྐུལ་ཕྱིར་གསུངས་པ་ཡིན་ནོ།།བརྗོད་དོན་གྱི་ཐད་ལ།དལ་འབྱོར་རྙེད་དཀའ་བ་དང་དོན་ཆེ་ལ་འཇིག་སླ་བ་དེ་ཤེས་ནས་དོན་མེད་དུ་གཏོང་མི་རིགས་ལ།ཡོན་ཏན་ཀུན་གྱི་གཞི་མ་ཚུལ་ཁྲིམས་འདོར་མི་རིགས་པར་གདམས་ཏེ།ལམ་གྱི་འཇུག་སྒོ་ནས་གསོལ་བ་འདེབས་པ་དང་།ཟླ་བ་སྒྲོན་མེའི་མདོ་ལ་སོགས་པ་ནས་ཚུལ་ཁྲིམས་འཆལ་བའི་ཉེས་དམིགས་ལུང་གིས་བསྟན་པ་དང་།ཤེས་བཞིན་ཁྱད་དུ་བསད་ན་མི་རིགས་པ་རིགས་པས་བསྒྲུབས་ཏེ་ཚུལ་ཁྲིམས་བསྟན་པ་དང་།ཉེས་པ་མཛུབ་མོས་བསྟན་ནས་ལྷ་དང་བླ་མ་ལ་གསོལ་བ་འདེབས་པ་དང་།གཉེན་པོ་སྟོབས་བཞིའི་བཤགས་སྡོམ་བྱེད་པར་ཚོགས་པས་རྣ་བར་སྙན་ཞིང་ཡིད་དུ་འཐད་པ།བསམ་ན་ངོ་མཚར་ཞིང་གདམས་དོན་བསླུ་བ་མེད་པ།ཡིད་ཤིན་ཏུ་འཁུལ་ཞིང་དད་པ་དང་སྐྱོ་བ་འགྲན་བཞིན་འཕེལ་བ་སོགས།གསུང་གི་དགེ་མཚན་མངོན་པར་གསལ་བ་ནི།སྙིང་གི་བདུད་རྩི་ཁོ་ནར་འགྱུར་ཞིང་ཚ་བས་གདུངས་པ་ལ་ཟླ་ཟེར་གྱིས་བསིལ་བ་ལྟ་བུ་ཞིག་ཡིན་ནོ།།...
2022-06-09 09:48:48 བུ་སྟོན་རིན་ཆེན་གྲུབ། 22788 -
ལེགས་བྱས་ལམ་བཟང་སྲོང་བའི་མངའ་བདག་རྗེ།།ལུགས་གཉིས་བཀའ་ཁྲིམས་བཙན་པོའི་ར་བ་ལས།།ཆབ་སྲིད་འདའ་བ་མ་ཡིན་མི་ཡི་དབང༌།།བློ་གྲོས་གཏིང་དཔག་དཀའ་བས་སྒམ་པོ་ཡིན།།མཁའ་ལ་ཉིན་བྱེད་ཤར་བའི་འོད་སྣང་གིས།།འདབ་སྟོང་གེ་སར་འཛུམ་པའི་མདངས་བརྒྱ་སྦྱིན།།ས་དབང་བཀའ་མཆིད་གཏམ་གྱིས་རབ་བསྐུལ་ཏེ།།ཐུ་མིའི་སྙིང་སྟོབས་པདྨོ་ལྷག་པར་བཞད།།ཧ་རི་ཙནྡན་ཚལ་ནས་འོངས་པའི་རླུང༌།།གང་ཡང་བསུང་ཞིམ་དྲི་ཡི་ངད་ཀྱིས་བགོས།།སྲོང་བཙན་མི་ཡི་དབང་པོས་བགྱི་བ་ཀུན།།ཚུལ་བཟང་འཐད་པའི་ལས་ཀྱི་ལྷག་པར་བགོས།།...
2022-06-05 22:08:53 རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའ 22277 -
མའི་བཀའ་དྲིན་བསྟན་པའི་ཡི་གེ།...
2022-05-09 10:17:39 མཉམ་མེད་དྭགས་པོ་ལྷ་རྗེ། 21891