རིག་གནས་དང་སྐད་བརྡ། ལོ་ཙཱ་བཅས་ཀྱི་འབྲེལ་བ་གླེང་བ།
རྩོམ་པ་པོ།:དབང་ཆེན་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-11-07 08:49:23
ཀློག་གྲངས།:
སྐད་བརྡ་དང་རིག་གནས། ལོ་ཙཱ་བཅས་ཀྱི་བར་དུ་འབྲེལ་བ་ཤིན་ཏུ་དམ་ཟབ་ལྡན་ཏེ། སྐད་བརྡ་ནི་རིག་གནས་ཀྱི་མཚོན་བྱེད་ལག་ཆ་ཡིན་པའི་ངོས་ནས་དེར་རིག་གནས་ཀྱི་ཚད་བཀག་ཀྱང་ངེས་ཅན་ཐེབས་ཡོད། ལོ་ཙཱ་ནི་སྐད་བརྡ་དང་རིག་གནས་ཕན་ཚུན་བརྗེ་རེས་ཀྱི་ཡོ་བྱད་གལ་ཆེན་དེ་ཡིན་ལ། སྐད་བརྡ་མི་འདྲ་བ་གཉིས་ཀྱི་དབར་ད་གཟོད་ལོ་ཙཱའི་བྱེད་སྒོ་བྱུང་བ་ཡིན། དེ་ཡང་སྒྱུར་མཁན་གྱིས་ལོ་ཙཱ་བྱེད་སྐབས། བསྒྱུར་བྱ་དང་སྒྱུར་བྱེད་གཉིས་ཀྱི་སྐད་བརྡ་ལ་རྒྱུས་མངའ་ཟབ་མོ་ཡོད་དགོས་པར་མ་ཟད། སྐད་བརྡ་གཉིས་ཀྱི་རྒྱབ་ལོགས་ཀྱི་རིག་གནས་ཁྱད་ཆོས་ལ་དེ་བས་ཀྱང་རྒྱུས་ལོན་ངེས་ཅན་ཡོད་དགོས། དཔྱད་རྩོམ་འདིར། སྐད་བརྡ་དང་རིག་གནས། ལོ་ཙཱ་བཅས་ཀྱི་གོ་དོན་དང་འབྲེལ་ནས་ཕན་ཚུན་བར་ཤུགས་རྐྱེན་ཐེབས་ཚུལ་དང་། སྐད་བརྡ་དང་རིག་གནས་ཀྱིས་མཚོན་པའི་ལོ་ཙཱའི་ལས་སྒོའི་སྐོར་ནས་ཅུང་ཙམ་གླེང་ཡོད།
དང་པོ། སྐད་བརྡ་དང་རིག་གནས། ལོ་ཙཱ་བཅས་ཀྱི་གོ་དོན་སྤྱི་བཤད།
སྐད་བརྡ་ནི་སྒྲ་ཡངས་འཇུག་གི་གོ་དོན་ལས་སྤྲོས་པ་ཡིན་ལ། སྤྱི་མཐུན་གྱིས་བཀོལ་སྤྱོད་བྱེད་བཞིན་པའི་བརྡ་རྟགས་སམ་མཚོན་ཐབས། ཐག་གཅོད་སྒྲིག་སྲོལ་ཞིག་ཡིན། ཨེ་ཏི་ཧྭ་ཕོ་ནེ་ཐྲི་ཐེ་ལིས1871ལོར་ཐེངས་དང་པོར་རིག་གནས་ལ་གོ་དོན་བཞག ཁོའི་བསམ་པར་རིག་གནས་ནི་རྙོག་འཛིང་ཆེ་བའི་ཚོགས་སྤྱི་ཞིག་ཡིན་ལ། ཤེས་བྱ་དང་དད་མོས། སྒྱུ་རྩལ། ཀུན་སྤྱོད། ཁྲིམས་ལུགས། གོམས་སྲོལ་བཅས་དང་སྤྱི་ཚོགས་ཁོངས་མི་ཞིག་གི་ངོས་ནས་མི་སྒེར་ལ་ཐོབ་པའི་ནུས་པ་གང་རུང་དང་གོམས་གཤིས་ཤིག་ལ་བྱ། མདོར་ན་རིག་གནས་ནི་མིའི་རིགས་ཀྱིས་དུས་ཡུན་ངེས་ཅན་གྱི་ཉམས་མྱོང་ཁྲོད་བཟོས་པའི་སྤྱི་མཐུན་གྱི་འཚོ་བ་སྐྱེལ་སྟངས་ཏེ་དངོས་པོ་དང་འདུ་ཤེས་གཉིས་ཀ་འདུ། གཞན་རིག་གཞུང་བསམ་བློ་ལ་སོགས་པའི་གཟུགས་འདས་རིག་པའི་བྱེད་སྒོ་དང་གྲུབ་འབྲས་ལའང་བྱ་ཞིང་། ལོ་ཙཱ་ནི་སྐད་བརྡ་དང་རིག་གནས་གང་རུང་ཞིག་སྐད་བརྡ་དང་རིག་གནས་གཞན་ཞིག་ཏུ་སྒྱུར་བྱེད་ཀྱི་ཐབས་དང་རིག་པ། གཞུང་ལུགས་ལ་བྱ།
རིག་གནས་དང་སྐད་བརྡ་ནི་ཕན་ཚུན་འབྲལ་ཐབས་མེད་དེ། སྐད་བརྡ་ནི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་རིག་པ་ཞིག་ཡིན། རིག་གནས་ཀྱི་ནང་དོན་མི་འདུ་བའི་སྐད་བརྡ་ཞིག་ཡོད་མི་སྲིད། མི་རིགས་སོ་སོའི་སྐད་བརྡའི་འབྲེལ་འདྲིས་ལ་ནམ་རྒྱུན་རིག་གནས་མི་འདྲ་བའི་ཁྱད་པར་དང་ཧེ་བག་གིས་གེགས་རྐྱེན་ཐེབས་ཀྱིན་ཡོད་ཅིང་། རིག་གནས་ཕན་ཚུན་བར་གྱི་ཁྱད་པར་ནི་ནམ་རྒྱུན་ལོ་ཙཱའི་བྱ་བའི་གེགས་སུ་གྱུར་དང་འགྱུར་མུས་སུ་ཡོད། སྒྱུར་མཁན་ལ་མཚོན་ན་རིག་གནས་དང་སྐད་བརྡ་མི་འདྲ་བའི་ཁྱད་པར་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པ་ནི་ལོ་ཙཱའི་བྱ་བ་དེ་རིག་གནས་བརྒྱུད་སྒྲོག་གི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བའི་སྔོན་འགྲོ་ཡིན། རྒྱལ་ཁབ་དང་མི་རིགས་མི་འདྲ་བ་སོ་སོར་སྐད་བརྡ་དང་རིག་གནས་ཀྱི་གོམས་སྲོལ་མི་འདྲ་བ་རེ་ཡོད་ལ། སྐད་བརྡ་མི་འདྲ་བ་རེ་རེས་དེས་བསྐྲུན་པའི་རིག་གནས་ཀྱི་ནང་དོན་ཚུར་སྣང་བྱེད་ཀྱིན་ཡོད་པ་དང་། སྐད་བརྡ་ཡིས་སྤྱི་ཚོགས་རིག་གནས་ཀྱི་འཕེལ་རྒྱས་ལ་དོ་སྣང་བྱེད་པས། རིག་གནས་ཀྱི་འགྱུར་ལྡོག་ཡོད་དོ་ཅོག་སྐད་བརྡ་ལས་མངོན་པར་མཚོན་གྱིན་ཡོད། སྐད་བརྡ་རིག་པའི་ཟུར་ནས་བལྟས་ཚེ། སྐད་བརྡ་ནི་རིག་གནས་ཀྱི་གཞི་རྟེན་ཡིན་ཞིང་། རིག་གནས་ཀྱང་སྐད་བརྡའི་གསེང་ལ་ཐིམ་ཡོད། སྐད་བརྡ་ནི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པར་མ་ཟད། རིག་གནས་སྐྱོང་སྤེལ་གྱི་ལག་ཆ་གོ་ཆོད་ཅིག་ཀྱང་ཡིན།
གཉིས་པ། རིག་གནས་དང་སྐད་བརྡ། ལོ་ཙཱ་བཅས་ཀྱི་འབྲེལ་བ་བཤད་པ།
སྐད་བརྡ་དང་རིག་གནས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་གནས་ཡོད་ཅིང་། དེ་ཡང1921ལོར་ཨ་མེ་རི་ཁའི་སྐད་བརྡ་རིག་པ་བ་སཱ་ཕེ་ཨཱར་གྱིས«སྐད་བརྡ་སྨྲ་བ»ཞེས་པར་སྐད་བརྡ་ནི་རིག་གནས་དང་བྲལ་ཏེ་གནས་མི་ཐུབ། སྤྱི་ཚོགས་སྐད་བརྡ་རིག་པ་བས་སྐད་བརྡ་ནི་རིག་གནས་ཀྱི་ཐེག་གཟུགས་ཡིན་པ་དང་། རིག་གནས་ཀྱང་དེ་དང་འདྲ་བར་སྐད་བརྡའི་གཏིང་རིམ་ལ་སིམ་ནས་ཡོད་ཅེས་པ་བཞིན། སྐད་བརྡའི་འཕེལ་རིམ་ཁྲོད། སྐད་བརྡས་རིག་གནས་ཉར་ཚགས་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་ཡིན་ཞིང་། “སྐད་བརྡ་རེ་རེས་རིག་གནས་ཤིག་གི་སྣང་ཚུལ་དང་ངོ་བོ། ཁྱད་ཆོས་སོགས་ཕྱིར་མཚོན་བྱས་ཏེ་རིག་གནས་གང་དེར་ཞབས་ཞུ་བྱེད་པ་ཡིན། སྐད་བརྡ་དང་རིག་གནས་ཀྱི་འབྲེལ་བ་ནི་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་ལ། རིག་གནས་ཀྱི་རྣམ་པ་དང་ཡུལ་སྲོལ་གོམས་གཤིས། འཚོ་བ་སྐྱེལ་སྟངས་སོགས་ཐམས་ཅད་སྐད་བརྡ་ལས་ཕྱིར་མངོན་པ་ཡིན”ཏེ། མིག་སྔར་རང་རྒྱལ་གྱི་ལོ་ཙཱའི་སྡེ་ཁག་ཏུ། སྐད་བརྡ་ནི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས། རིག་གནས་ཀྱི་ཕྱིའི་རྣམ་པ་ཞིག་དང་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་ཞིག་ཀྱང་ཡིན་པར་བཞེད། དེ་བས། སྐད་བརྡ་བརྗེ་རེས་ཀྱི་རྨང་གཞིར་གྱུར་པའི་ལོ་ཙཱར་མཚོན་ན། རིག་གནས་བརྒྱུད་སྒྲོག་ནི་བརྗོད་བྱ་གཙོ་བོ་ཞིག་ཏུ་གྱུར་ཡོད། ལོ་ཙཱའི་ངོ་བོ་ནི་དོན་སྙིང་བརྒྱུད་སྒྲོག་གི་བྱེད་སྒོ་ཞིག་ཡིན་ཏེ། སྐད་བརྡ་གང་རུང་ཞིག་སྐད་བརྡ་གཞན་ཞིག་སྤྱད་དེ་དེར་འདུས་པའི་བསམ་བློའི་དགོངས་དོན་ཆ་ཚང་དང་བཅས་པ་གནད་དུ་འཁེལ་ཞིང་ཡང་དག་པར་བསྐྱར་མཚོན་བྱེད་པ་ཞིག་ཡིན། ཕྱི་ཚུལ་ནས་བལྟས་པ་ཙམ་གྱིས་ལོ་ཙཱ་ནི་སྐད་བརྡའི་ངོས་ཐད་ཀྱི་བྱེད་སྒོ་ཞིག་ཡིན་མོད། དོན་གྱིས་ལོ་ཙཱའི་གོ་རིམ་ནི་རིག་གནས་ཆ་འཕྲིན་བརྒྱུད་སྒྲོག་གི་གོ་རིམ་ཞིག་ཡིན། སྐད་བརྡ་ནི་རིག་གནས་ཀྱི་གྲུབ་ཆ་ཡིན་པར་མ་ཟད་རིག་གནས་ཀྱི་མཚོན་རྟགས་ཀྱང་ཡིན། དེའི་རྐྱེན་གྱིས་བྱེད་ཐབས་དང་མཚོན་དོན་གང་ཅིའི་ཐད་དུའང་རིག་གནས་ཀྱི་བརྗོད་བྱ་དང་ནང་དོན་ལྡན་ཞིང་། སྐད་བརྡ་ལ་རིག་གནས་ཀྱི་ཤུགས་རྐྱེན་དང་ཚོད་འཛིན་ཐེབས་ཀྱིན་ཡོད། དུས་རྒྱུན་གྱི་ལོ་ཙཱ་བྱ་བའི་གོ་རིམ་ཁྲོད། མིང་བརྡ་དང་ཐ་སྙད་གང་དེའི་ཚིག་ངོས་ཀྱི་ནང་དོན་ཧ་གོ་ན་ཡང་དེའི་རིག་གནས་ཀྱི་རིན་ཐང་དང་ནུས་པ་ཇི་བཞིན་མཚོན་དཀའ་བའམ་ཐ་ན་མཚོན་མི་ཐུབ་པའི་སྣང་ཚུལ་ཅི་རིགས་འབྱུང་། ལོ་ཙཱ་དང་རིག་གནས་ལ་མ་གཞི་ནས་འབྲེལ་བ་དམ་ཟབ་ལྡན་ཏེ། རྒྱབ་ལྗོངས་མི་འདྲ་བ་ལས་སྐད་བརྡ་མི་འདྲ་བ་འབྱུང་ལ། སྐད་བརྡ་མི་འདྲ་བར་རིག་གནས་མི་འདྲ་བ་རེ་ཡོད། མ་རྩོམ་གྱི་སྐད་བརྡའི་བརྩམས་ཆོས་ཁྲོད་མ་རྩོམ་གྱི་སྐད་བརྡ་དང་འབྲེལ་བའི་མི་རིགས་དེའི་རིག་གནས་མང་པོ་ཞིག་འདུ་བ་ནི་སྨོས་མ་དགོས་ཏེ། མ་རྩོམ་ནི་མ་གཞི་ནས་རིག་གནས་ཀྱི་ཐོན་རྫས་ཤིག་ཡིན་ལ། ལོ་ཙཱ་བ་ནི་ཐོན་རྫས་རིག་གནས་དེའི་བརྒྱུད་སྒྲོག་པ་དང་སྣེ་ཤན་པ་ཡིན། སྒྱུར་མཁན་གྱིས་མ་རྩོམ་གྱི་སྐད་བརྡའི་བརྩམས་ཆོས་ལ་རྒྱུས་ལོན་བྱེད་པའི་གོ་རིམ་ནི་རིག་གནས་གཞན་དང་འབྲེལ་འདྲིས་བྱེད་པའི་གོ་རིམ་ཞིག་ཡིན། དེ་ཉིད་མཚོན་པའི་སྐབས་སུ་ལོ་ཙཱ་བས་རང་མི་རིགས་ཀྱི་ཀློག་པ་པོ་དང་གདོང་གཏད་དགོས་ཤིང་ལོ་ཙཱའི་གོ་རིམ་ཁྲོད་ཀྱི་གནད་དོན་གང་མང་ཞིག་ཐག་གཅོད་བྱེད་དགོས། ལོ་ཙཱ་ནི་སྐད་བརྡ་དང་ཡིག་རིགས་གཉིས་བར་གྱི་བརྗེ་རེས་ཙམ་མ་ཡིན་པར། རིག་གནས་ཀྱི་མངའ་ཁོངས་བརྒལ་བའི་འབྲེལ་འདྲིས་ཀྱི་བྱེད་སྒོ་ཞིག་ཡིན།
གསུམ་པ། ལོ་ཙཱས་བརྒྱུད་སྒྲོག་བྱེད་པའི་རིག་གནས་ཀྱི་ནང་དོན།
ཁ་ཅིག་གིས་སྐད་བརྡ་མི་མཚུངས་པའི་མིང་བརྡ་ཕན་ཚུན་དོ་མི་མཉམ་པའི་ཁྱད་པར་རྒྱུ་མཚན་དུ་བྱས་ཏེ། སྐད་བརྡ་གཉིས་བརྗོད་པའི་མི་སོ་སོའི་བསམ་བློ་གཏོང་སྟངས་མི་མཚུངས་པ་བདེན་དཔང་བྱེད་པར་འདོད་དེ། དཔེར་ན་ལོ་ཙཱའི་བརྒྱུད་རིམ་ཁྲོད་དུ་སྐད་བརྡ་སོ་སོའི་མིང་བརྡ་ཕན་ཚུན་འདྲ་མཚུངས་སུ་བསྒྱུར་དཀའ་བ་དང་། བརྡ་སྤྲོད་ཀྱི་སྒྲིག་སྲོལ་ཕན་ཚུན་དོ་མི་མཉམ་པས་ཕན་ཚུན་ལ་ཁྱད་པར་ཆེན་པོ་ཡོད་པར་སྙམ་པ་ལྟ་བུ་རེད། འོན་ཀྱང་ཁྱད་པར་འདི་རིགས་ཀྱིས་སྐད་བརྡ་མི་མཚུངས་པའི་བརྡ་སྤྲོད་སྟངས་མི་མཚུངས་པ་ཙམ་གསལ་པོར་མཚོན་པ་ལས་སྐད་བརྡ་གཉིས་སོ་སོར་བེད་སྤྱོད་པའི་མི་རྣམས་ཀྱི་བསམ་གཞིག་གཏོང་སྟངས་ལ་ཁྱད་པར་ཡོད་པ་བདེན་དཔང་བྱེད་མི་ཐུབ། གལ་ཏེ་སྐད་བརྡ་མི་འདྲ་བས་བསམ་གཞིག་དང་ཤེས་ཚོར་མི་འདྲ་བ་གཏན་འཁེལ་བྱེད་སྲིད་ན། རྒྱ་སྐད་རྗོད་མཁན་རྣམས་ཀྱིས་དབྱིན་སྐད་སློབ་མི་སྲིད་ལ། བོད་སྐད་རྗོད་མཁན་རྣམས་ཀྱིས་རྒྱ་སྐད་ཀྱང་སློབ་མི་སྲིད་པས། དོན་དུ་སྐད་གཉིས་ལོ་ཙཱ་ཡི་བརྒྱུད་རིམ་ཁྲོད་ཀྱི་ལོ་ཙཱ་ནི་མི་རྣམས་ཀྱིས་སྐད་བརྡ་མི་མཚུངས་པའི་ཁྱད་ཆོས་གཞིར་བཟུང་ནས། སྒྱུར་བྱེད་སྐད་བརྡ་ལ་དགོས་ངེས་ཀྱི་སྣོན་འཕྲི་དང་སྡེབ་སྒྲིག་བྱེད་པ་ཞིག་ཡིན་པ་ལས་བསམ་གཞིག་བྱེད་སྟངས་ཤིག་བསམ་གཞིག་བྱེད་སྟངས་གཞན་ཞིག་ཏུ་བརྗེ་སྤོར་དང་འཕྲི་སྣོན་བྱེད་པ་ནི་མིན།
དེས་ན་ལོ་ཙཱའི་བྱ་རིམ་ཁྲོད་ཐ་སྙད་དང་མིང་བརྡའི་བརྗེ་རེས། ཚིག་དང་ཚིག་འདུས་མ། སྒྱུ་རྩལ་རྩོམ་རིག གཞུང་ཡིག ཚན་རྩལ་སོགས་ཀྱི་ལོ་ཙཱའི་བྱ་བ་ནི་ཚོགས་གསུམ་གྱི་རྣམ་གཞག་དང་ཡེ་ནས་འབྲལ་ཐབས་མེད་ཅིང་། ལོ་ཙཱའི་བྱ་བ་འདི་དག་ཀྱང་རིག་གནས་དང་སྐད་བརྡའི་བརྗེ་རེས་ཤིག་ཡིན་པའི་ཆ་ནས། མིང་བརྡ་དང་ཐ་སྙད་ལོ་ཙཱའི་སྒྲ་དོན་གྱི་ཁྱད་པར་དང་། བསམ་བློའི་རྒྱབ་ལྗོངས་དང་འབྲེལ་ཆེ་ཞིང་། རྩོམ་རིག་སྐོར་གྱི་ལོ་ཙཱ་ལ་ཚིག་གི་སྡེབ་སྦྱོར་དང་སྒྲིག་གཞི། འཇམ་རྩུབ། ལྕི་ཡང་། ཚིག་སྦྱོར་སྔ་ཕྱིའི་གདངས་འགྲོས་མཉམ་མིན། དཔེ་ལྟོས་མཚུངས་སུ་སྦྱར་ཡོད་མེད། དོན་དང་རྣམ་པའི་སྡེབ་སྟངས་ཆ་འགྲིག་མིན། རིག་གནས་མཛེས་རྟོག་ལ་མཐུན་མིན་སོགས་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་རིག་གནས་ལ་འབྲེལ་བ་དམ་ཟབ་ལྡན་ཏེ། དེ་ནང་བཞིན་སྐད་བརྡ་ནི་རིག་གནས་མཚོན་བྱེད་ཀྱི་བརྡ་རྟགས་ཡིན་པས། ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་ལ་གཅིག་གྲོགས་སུ་འགྲོ་བ་ནི་སྨོས་མེད་རེད། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号