ངོས་དང་པོ > ལོ་ཙཱ། > ལོ་ཙཱའི་གཞུང་ལུགས། > ༄༅། །སྒྲ་སྦྱོར་བམ་གཉིས་ཀྱི་དབུའི་བཀས་བཅད་ཚིགས་བཅད་དུ་སྡེབ་པ་བཞུགས་སོ། །
༄༅། །སྒྲ་སྦྱོར་བམ་གཉིས་ཀྱི་དབུའི་བཀས་བཅད་ཚིགས་བཅད་དུ་སྡེབ་པ་བཞུགས་སོ། །
རྩོམ་པ་པོ།:སྒྲོལ་དཀར་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-12-30 08:25:37
ཀློག་གྲངས།:
རྟ་ཡི་ལོ་ལ་ཕོ་བྲང་འོན་ཅང་དོར། །
རྒྱ་བོད་མཁས་པ་འཚོགས་ཏེ་ལྷ་བཙན་པོ། །
ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་བཀས་བཅད་པ། །
ཆོས་ཀྱི་གཞུང་ལས་ཇི་ལྟར་འབྱུང་བ་དང་། །
སྒྲ་ཡི་ལུགས་ལས་ཇི་སྐད་འདྲེན་པར་བསྟུན། །
མཇལ་དཀའ་གཏན་ཚིགས་ཀྱིས་བཤད་གཞུང་དུ་བྲིས། །
སྐད་རྐྱང་བཤད་མི་འཚལ་བ་སྒྲ་བཞིན་དུ། །
བསྒྱུར་བར་རིགས་པ་སྒྲ་ཉིད་བཙན་པར་བགྱིས། །
ཁ་ཅིག་དོན་བཞིན་གདགས་པར་རིགས་པ་རྣམས། །
དོན་ཉིད་བཙན་པར་བགྱིས་ཏེ་མིང་དུ་བཏགས། །
རྗེ་བློན་འཛོམས་ཏེ་སྒྱུར་ཐབས་བཀས་བཅད་པ། །
དམ་ཆོས་བསྒྱུར་བའི་ལུགས་ནི་འདི་ལྟ་སྟེ། །
དོན་དང་མི་འགལ་བོད་ལ་གོ་བདེར་གྱིས། །
རྒྱ་སྐད་གོ་རིམ་མ་བསྣོར་བོད་སྐད་དུ། །
ཚིག་དོན་འབྲེལ་ཞིང་བདེ་ན་བསྣོར་མི་བྱ། །
བསྣོར་ན་བདེ་ཞིང་གོ་བ་སྐྱེད་པ་ན། །
ཚིགས་བཅད་གཅིག་ནང་གར་བདེར་བསྣོར་ཞིང་སྒྱུར། །
རྐྱང་པར་གང་སྙེགས་ཡན་ཆད་བསྣོར་ཞིང་སྒྱུར། །
དུ་མར་འཇུག་པ་ལྟག་འོག་ལ་བསྟུན་ནས། །
གར་སྙེགས་བཞིན་དུ་མིང་ནི་གདགས་པར་བྱ། །
གོོ་སྒྲ་རྣམ་པ་དུ་མར་སྙེགས་པ་དང་། །
ཀོོ་ཤི་ཀ་སོགས་སྣ་གྲངས་མང་པོར་སྙེགས། །
གཅིག་ཏུ་དེ་ཀུན་འདུ་བར་མི་བཏུབ་པས། །
གཅིག་ཏུ་ཆད་པར་མི་བྱེད་སོར་བཞག་བྱ། །
གང་ཡང་དྲང་དུ་རུང་བའི་ཚིག་བྱུང་ན། །
གཅིག་ཏུ་མ་ཆད་སྤྱིར་སྙེགས་རུང་བར་གྱིས། །
ཡུལ་དང་སེམས་ཅན་མེ་ཏོག་རྩི་ཤིང་སོགས། །
མིང་རྣམས་བསྒྱུར་ན་ཡིད་གོལ་མི་བདེ་ལ། །
འོལ་ཕྱིར་བསྒྱུར་དུ་རུང་ཡང་གཏོལ་མེད་རྣམས། །
ཡུལ་དང་མེ་ཏོག་མིང་གཅིག་བླ་ཐབས་སུ། །
སྣོན་ལ་རྒྱ་གར་སྐད་ནི་སོར་བཞག་བྱ། །
གྲངས་ནི་ཐ་མལ་བོད་ཀྱི་ལུགས་བཞིན་བསྒྱུར། །
དོན་དང་མི་འགལ་བོད་ལ་ཡང་བདེ་བས། །
བསྡོམ་དུ་རུང་རྣམས་བོད་ཀྱི་སྐད་བཞིན་ཐོགས། །
པི་སི་སམ་དང་ཨུ་པ་ལ་སོགས་ཏེ། །
ཚིག་ཕྲད་རྒྱན་རྣམས་མཐུན་ཞིང་འབྱོར་པ་རྣམས། །
ཡོངས་སུ་ཡང་དག་ཉེ་བའི་སྒྲ་བཞིན་སྒྱུར། །
བརྗོད་དོན་ལྷག་པར་སྙེགས་པ་མེད་རྣམས་ནི། །
ལྷད་ཀྱིས་མི་སྣོན་དོན་བཞིན་དུ་ཐོགས་ཤིག །
རྣམ་གྲངས་གཏོགས་པའི་ཚིག་རྣམས་མ་འདོམ་ན། །
བོད་དུ་སྤྱིར་གྲགས་ཚིག་ཏུ་གར་བདེར་གདགས། །
འདོམ་ན་སོ་སོར་བཏགས་པ་བཞིན་དུ་ཐོགས། །
སངས་རྒྱས་བྱང་སེམས་ཉན་ཐོས་ལ་སོགས་པར། །
ཞེ་ས་རྐོ་ལོང་ཚིག་གི་རིམ་པ་ནི། །
སངས་རྒྱས་ཞེ་སའི་ཚིག་དང་གཞན་རྣམས་ལ། །
འབྲིང་པོ་མན་ཆད་ཙམ་དུ་བསྒྱུར་བྱ་སྟེ། །
ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་། །
ལོ་ཙཱ་མཁས་པ་འཚོགས་པས་ཆོས་བསྒྱུར་ཏེ། །
གཏན་ལ་ཕབ་པའི་ལུགས་བཞིན་བསྒྱུར་བར་བྱ། །
སྐད་ཀྱི་ལུགས་ནི་འདི་ལྟར་བཀས་བཅད་པས། །
སུའང་འཆོས་ཤིང་གསར་པ་འདོགས་མི་གནང་། །
གསར་པ་གདགས་པའི་དགོས་པ་ཡོད་ན་ཡང་། །
གཞུང་དང་སྒྲ་ལས་འབྱུང་བའི་གཏན་ཚིགས་དང་། །
ཆོས་ལ་ཇི་སྐད་གདགས་པར་ལེགས་དཔྱད་དེ། །
བཅོམ་ལྡན་འདས་ཀྱི་རིང་ལུགས་འདུན་ས་དང་། །
དྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། །
བཀས་བཅད་སྐད་ཀྱི་དཀར་ཆག་དཀྱུས་སུ་བསྣན། །
སྔགས་ཀྱི་རྒྱུད་རྣམས་གསང་བར་བྱ་བ་སྟེ། །
སྣོད་མ་ཡིན་ལ་བསྟན་པར་མི་རུང་ལ། །
བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། །
ལྡེམ་པོ་ངག་ཏུ་བཤད་པ་མ་ཁྲོལ་ནས། །
སྒྲ་བཞིན་འཛིན་ཅིང་ལོག་པར་སྤྱོད་པའང་བྱུང་། །
ཕྱིན་ཆད་གཟུངས་སྔགས་བླ་ནས་བཀའ་བསྩལ་ཏེ། །
བསྒྱུར་དུ་བཅུག་པ་མ་གཏོགས་སྔགས་ཀྱི་རྒྱུད། །
སྔགས་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་། །
རྒྱ་བོད་མཁས་པ་འཚོགས་ཏེ་ལྷ་བཙན་པོ། །
ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་བཀས་བཅད་པ། །
ཆོས་ཀྱི་གཞུང་ལས་ཇི་ལྟར་འབྱུང་བ་དང་། །
སྒྲ་ཡི་ལུགས་ལས་ཇི་སྐད་འདྲེན་པར་བསྟུན། །
མཇལ་དཀའ་གཏན་ཚིགས་ཀྱིས་བཤད་གཞུང་དུ་བྲིས། །
སྐད་རྐྱང་བཤད་མི་འཚལ་བ་སྒྲ་བཞིན་དུ། །
བསྒྱུར་བར་རིགས་པ་སྒྲ་ཉིད་བཙན་པར་བགྱིས། །
ཁ་ཅིག་དོན་བཞིན་གདགས་པར་རིགས་པ་རྣམས། །
དོན་ཉིད་བཙན་པར་བགྱིས་ཏེ་མིང་དུ་བཏགས། །
རྗེ་བློན་འཛོམས་ཏེ་སྒྱུར་ཐབས་བཀས་བཅད་པ། །
དམ་ཆོས་བསྒྱུར་བའི་ལུགས་ནི་འདི་ལྟ་སྟེ། །
དོན་དང་མི་འགལ་བོད་ལ་གོ་བདེར་གྱིས། །
རྒྱ་སྐད་གོ་རིམ་མ་བསྣོར་བོད་སྐད་དུ། །
ཚིག་དོན་འབྲེལ་ཞིང་བདེ་ན་བསྣོར་མི་བྱ། །
བསྣོར་ན་བདེ་ཞིང་གོ་བ་སྐྱེད་པ་ན། །
ཚིགས་བཅད་གཅིག་ནང་གར་བདེར་བསྣོར་ཞིང་སྒྱུར། །
རྐྱང་པར་གང་སྙེགས་ཡན་ཆད་བསྣོར་ཞིང་སྒྱུར། །
དུ་མར་འཇུག་པ་ལྟག་འོག་ལ་བསྟུན་ནས། །
གར་སྙེགས་བཞིན་དུ་མིང་ནི་གདགས་པར་བྱ། །
གོོ་སྒྲ་རྣམ་པ་དུ་མར་སྙེགས་པ་དང་། །
ཀོོ་ཤི་ཀ་སོགས་སྣ་གྲངས་མང་པོར་སྙེགས། །
གཅིག་ཏུ་དེ་ཀུན་འདུ་བར་མི་བཏུབ་པས། །
གཅིག་ཏུ་ཆད་པར་མི་བྱེད་སོར་བཞག་བྱ། །
གང་ཡང་དྲང་དུ་རུང་བའི་ཚིག་བྱུང་ན། །
གཅིག་ཏུ་མ་ཆད་སྤྱིར་སྙེགས་རུང་བར་གྱིས། །
ཡུལ་དང་སེམས་ཅན་མེ་ཏོག་རྩི་ཤིང་སོགས། །
མིང་རྣམས་བསྒྱུར་ན་ཡིད་གོལ་མི་བདེ་ལ། །
འོལ་ཕྱིར་བསྒྱུར་དུ་རུང་ཡང་གཏོལ་མེད་རྣམས། །
ཡུལ་དང་མེ་ཏོག་མིང་གཅིག་བླ་ཐབས་སུ། །
སྣོན་ལ་རྒྱ་གར་སྐད་ནི་སོར་བཞག་བྱ། །
གྲངས་ནི་ཐ་མལ་བོད་ཀྱི་ལུགས་བཞིན་བསྒྱུར། །
དོན་དང་མི་འགལ་བོད་ལ་ཡང་བདེ་བས། །
བསྡོམ་དུ་རུང་རྣམས་བོད་ཀྱི་སྐད་བཞིན་ཐོགས། །
པི་སི་སམ་དང་ཨུ་པ་ལ་སོགས་ཏེ། །
ཚིག་ཕྲད་རྒྱན་རྣམས་མཐུན་ཞིང་འབྱོར་པ་རྣམས། །
ཡོངས་སུ་ཡང་དག་ཉེ་བའི་སྒྲ་བཞིན་སྒྱུར། །
བརྗོད་དོན་ལྷག་པར་སྙེགས་པ་མེད་རྣམས་ནི། །
ལྷད་ཀྱིས་མི་སྣོན་དོན་བཞིན་དུ་ཐོགས་ཤིག །
རྣམ་གྲངས་གཏོགས་པའི་ཚིག་རྣམས་མ་འདོམ་ན། །
བོད་དུ་སྤྱིར་གྲགས་ཚིག་ཏུ་གར་བདེར་གདགས། །
འདོམ་ན་སོ་སོར་བཏགས་པ་བཞིན་དུ་ཐོགས། །
སངས་རྒྱས་བྱང་སེམས་ཉན་ཐོས་ལ་སོགས་པར། །
ཞེ་ས་རྐོ་ལོང་ཚིག་གི་རིམ་པ་ནི། །
སངས་རྒྱས་ཞེ་སའི་ཚིག་དང་གཞན་རྣམས་ལ། །
འབྲིང་པོ་མན་ཆད་ཙམ་དུ་བསྒྱུར་བྱ་སྟེ། །
ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་། །
ལོ་ཙཱ་མཁས་པ་འཚོགས་པས་ཆོས་བསྒྱུར་ཏེ། །
གཏན་ལ་ཕབ་པའི་ལུགས་བཞིན་བསྒྱུར་བར་བྱ། །
སྐད་ཀྱི་ལུགས་ནི་འདི་ལྟར་བཀས་བཅད་པས། །
སུའང་འཆོས་ཤིང་གསར་པ་འདོགས་མི་གནང་། །
གསར་པ་གདགས་པའི་དགོས་པ་ཡོད་ན་ཡང་། །
གཞུང་དང་སྒྲ་ལས་འབྱུང་བའི་གཏན་ཚིགས་དང་། །
ཆོས་ལ་ཇི་སྐད་གདགས་པར་ལེགས་དཔྱད་དེ། །
བཅོམ་ལྡན་འདས་ཀྱི་རིང་ལུགས་འདུན་ས་དང་། །
དྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། །
བཀས་བཅད་སྐད་ཀྱི་དཀར་ཆག་དཀྱུས་སུ་བསྣན། །
སྔགས་ཀྱི་རྒྱུད་རྣམས་གསང་བར་བྱ་བ་སྟེ། །
སྣོད་མ་ཡིན་ལ་བསྟན་པར་མི་རུང་ལ། །
བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། །
ལྡེམ་པོ་ངག་ཏུ་བཤད་པ་མ་ཁྲོལ་ནས། །
སྒྲ་བཞིན་འཛིན་ཅིང་ལོག་པར་སྤྱོད་པའང་བྱུང་། །
ཕྱིན་ཆད་གཟུངས་སྔགས་བླ་ནས་བཀའ་བསྩལ་ཏེ། །
བསྒྱུར་དུ་བཅུག་པ་མ་གཏོགས་སྔགས་ཀྱི་རྒྱུད། །
སྔགས་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་། །
ཞེས་པ་འདི༢༠༢༥ལོའི་ཟླ༡༡པའི་ཚེས༢༦ཉིན་སྒྲོལ་དཀར་ཚེ་རིང་དུ་འབོད་པས་ལོ་ཙཱའི་རིགས་ཐིགས་སྒྲ་སྦྱོར་བམ་པོ་གཉིས་པའི་དབུའི་བཀས་བཅད་ཚིགས་བཅད་དུ་བསྡེབས་པ་དགེའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号