༢༠༢༥ལོའི་ང་ཡི་རེ་སྨོན།
རྩོམ་པ་པོ།:འཇམ་དཔལ་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-24 10:37:38
ཀློག་གྲངས།:
༢༠༢༥ལོའི་ང་ཡི་རེ་སྨོན།
ཧྲུའུ་ཡན་ཁེན་ཁུག
འཇམ་དཔལ་གྱིས་བསྒྱུར།
འཇམ་དཔལ་གྱིས་བསྒྱུར།
ལོ་ཟླ། ཆེས་དྲང་བདེན་གྱི་རྐོ་མཁན་འདིས་རྟག་ཏུ་སྣང་མེད་ངང་དེའི་གཟུགས་མེད་ཀྱི་ལག་པས་དུས་ཚོད་ཀྱི་སྤྱི་ཁོག་རགས་འབྲི་བྱེད་བཞིན་ཡོད། མིག་རྡེབ་ཙམ་ལ་ལོ་གསར་བའི་འགོ་བརྩམས་པ་དང་། ༢༠༢༤ལོའི་སྐོར་གྱི་དྲན་ཤེས་དེ་དག་ནི་ཐོར་སོང་བའི་མུ་ཏིག་དང་འདྲ་བར་དུས་ཚོད་ཀྱི་ཕྲ་ཐིག་གིས་སྦྲེལ་མཐུད་བྱས་ནས་ང་ཚོའི་སེམས་ཀྱི་ཆེས་རྩ་ཆེན་གྱི་མགུལ་རྒྱན་དུ་གྱུར་ཡོད། ལོ་འདིར། ང་ཚོས་གཅིག་བྱས་ན་སྔར་བྱུང་མྱོང་མེད་པའི་དཀའ་ངལ་བརྒྱུད་ཡོད་དེ། ཆར་རླུང་འདྲེས་པའི་མཚན་མོ་དེ་དག་དང་། མིག་ཆུ་དང་རྔུལ་ཆུ་བསྡེབས་པའི་ཉིན་མོ་དེ་དག་ཚང་མ་ང་ཚོའི་ཚེ་སྲོག་ཁྲོད་ཀྱི་གསུབ་ཐབས་བྲལ་བའི་རྟགས་མཚམས་ཤིག་ཏུ་གྱུར་ཡོད། ང་ཚོས་འཚོ་བའི་སྡུག་བསྔལ་མྱངས་ཚར་བ་དང་། ཕམ་ཉེས་ཀྱི་འདམ་རྫབ་ཁྲོད་ནས་ཡར་ལངས་ཤིང་། ཁེར་རྐྱང་གི་སྡུག་བསྔལ་ཁྲོད་ནས་ཕྱིར་ཐོན་པས། འགྱེལ་ཐེངས་རེ་རེར། ང་ཚོ་སྔར་བས་འགྱུར་མེད་སྲ་བརྟན་ཡིན་པ་ཤེས་ཐུབ་ལ། ང་ཚོས་དཀའ་སྡུག་མང་པོ་མྱངས་མྱོང་མོད། འོན་ཀྱང་དཀའ་སྡུག་དེ་དག་གི་ཁྲོད་དུ་བཟོད་སྒོམ་དང་རྒྱུས་ལོན་བྱེད་ཤེས་པ་དང་། ཇི་ལྟར་བྱས་ནས་དེ་བས་ཞི་འཇམ་གྱི་མིག་གིས་ལེགས་འཛོམས་མིན་པའི་འཇིག་རྟེན་ལ་ལྟ་སྟངས་འཛིན་དགོས།
འོན་ཀྱང་དུས་འདིར། ༢༠༢༥ལོའི་སྒོ་ཐེམ་སྟེང་དུ་ལངས་ནས་འདས་ཟིན་པ་ལ་ཕྱིར་མིག་བལྟས་ཚེ། ང་ཚོ་ཚང་མས་ཐུགས་རྗེ་ཆེ་ཞུ་དགོས། གང་ལགས་ཤེ་ན། ལོ་འདིར་ང་ཚོས་ཅི་ཞིག་བརྒྱུད་མྱོང་ནའང་། གལ་ཆེ་ཤོས་ནི་ང་ཚོ་ཚང་མ་བདེ་ཐང་ངང་བསྐྱལ་བ་དེ་རེད། འདི་ནི་ཚེ་སྲོག་གིས་ང་ཚོར་གནང་བའི་བཀའ་དྲིན་ཆེ་ཤོས་ཡིན་ལ། ང་ཚོ་མུ་མཐུད་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཆེ་ཤོས་ཀྱང་ཡིན།
འཚོ་བ་ནི་ནམ་ཡང་དྲང་ཐིག་ཅིག་མ་ཡིན་པར། ཀྱག་ཀྱོག་དང་འཕེལ་འགྲིབ་ཀྱིས་ཁེངས་ཡོད། ང་ཚོ་གཅིག་བྱས་ན་མི་ཚེའི་དམའ་རིམ་དུ་གནས་པ་དང་། གཅིག་བྱས་ན་བྱ་གཞག་གི་རྩེ་གྲར་ལངས་ཡོད་མོད། འོན་ཀྱང་རྣམ་པ་ག་འདྲ་ཡིན་རུང་། འཚོ་བའི་མཇུག་མཐའི་དམིགས་ཡུལ་ནི་བདེ་ཐང་དང་བདེ་སྐྱིད་ཡིན་པ་ཡིད་ལ་བརྟན་པོར་འཛིན་དགོས། བདེ་ཐང་ནི་ང་ཚོས་མཛེས་སྡུག་ལྡན་པའི་བྱ་དངོས་ཡོད་ཚད་དོན་གཉེར་བྱེད་པའི་རྨང་གཞི་ཡིན་ལ། བདེ་ཐང་མེད་ན། གྲུབ་འབྲས་ཡོད་ཚད་སྐྱ་མདོག་ཤུགས་མེད་ཅིག་ཡིན། སྤྲོ་སྣང་ནི་ང་ཚོའི་སེམས་ཁམས་ཀྱི་གསོ་བཅུད་ཅིག་ཡིན་པས་ང་ཚོར་སྤྱིར་བཏང་གི་འཚོ་བའི་ཁྲོད་ནས་འཚོ་བའི་སྤྲོ་སྣང་དང་དོན་སྙིང་རྙེད་ཐུབ་ངེས།
སོང་ནས་ཐང་ཆད་ཚེ། གོམ་མཚམས་བཞག་ནས་རང་ཉིད་ལ་དབུགས་འབྱིན་པའི་གོ་སྐབས་ཤིག་སྤྲད་ན་འགྲིག ཉེ་འགྲམ་གྱི་ཡུལ་ལྗོངས་ལ་བལྟ་བ་དང་། ནང་སེམས་ཀྱི་སྐད་ཆར་ཉན་ཏེ། ཐང་ཆད་པའི་སེམས་པར་ལྷིང་འཇགས་ཅུང་ཙམ་ཐོབ་ཏུ་འཇུག་དགོས། ལུས་པོ་ཐང་ཆད་ཚེ། ལྷོད་གཡེང་བྱེད་ཤེས་དགོས་ལ། ཇ་ཚ་པོ་ཕོར་བ་གང་སྦངས་པའམ་ཡང་ན་དབུགས་འབྱིན་རྔུབ་རིང་མོ་ཞིག་བྱས་པ་གང་ཡིན་རུང་། ཚང་མ་རང་ཉིད་ལ་བདག་སྐྱོང་བྱེད་ཐབས་བཟང་བོ་ཡིན། སེམས་པར་སུན་སྣང་བྱུང་ཚེ། འཇམ་ཐིང་ངེར་གནས་པའི་ཟུར་ཞིག་བཙལ་ཏེ། བསམ་པ་དྭངས་བསིང་བྱ་བ་དང་། སེམས་ཁམས་ལྷིང་འཇགས་སུ་གཏོང་དགོས།
བློ་ལ་འཛིན་རྒྱུ་ཞིག་ནི། སེམས་པ་ལྷོད་དུ་བཏང་ཚེ། ལམ་དུ་ཅི་ཙམ་སོང་ན་ད་གཟོད་དེ་ཙམ་གྱིས་ཇེ་ཡངས་སུ་འགྲོ་སྲིད། འཚོ་བའི་ཁྲོད་ཀྱི་སུན་སྣང་དང་སྐྱོ་སྣང་ནི་སྐབས་མང་པོ་ཞིག་ཏུ་ང་ཚོས་དངོས་པོ་ཁ་ཤས་ལ་མགོ་འཐོམས་དྲགས་པས། གློད་རྒྱུ་བརྗེད་པའི་རྐྱེན་གྱིས་རེད། དོན་དག་སྣང་མེད་དུ་བཞག་ཚེ། ཁྱོད་ཀྱིས་སྔོན་ཆད་ཁྱོད་ལ་དཀའ་ངལ་བཟོས་པ་དེ་དག་ནི་དོན་དངོས་སུ་དེ་འདྲའི་གལ་ཆེན་མིན་པ་ཤེས་ཐུབ་སྟེ། སྡུག་བསྔལ་གྱི་སྤྲིན་པ་ཐོར་ཚེ། ཉི་འོད་རང་ཤུགས་སུ་ནང་དུ་འཕྲོ་ངེས།
༢༠༢༥ལོར། ངའི་རེ་བ་ནི་བློ་ཕམ་དང་མི་འདོད་པ་ཡོད་ཚད་དོར་ནས་དྲིན་གཟོ་བའི་སེམས་པ་ཁྱེར་ནས་ལོ་གསར་བ་བསུ་དགོས། ༢༠༢༥ལོ་ནས་འགོ་བརྩམས་ཏེ། དཔའ་ངར་ཆེན་པོས་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་བྱས་ནས་རེ་འདུན་ཡོད་ཚད་མངོན་འགྱུར་བྱེད་པ་དང་། ཁྱེད་ཀྱི་ཉི་མ་རེ་རེ་ཉི་འོད་དང་རེ་བས་ཁེངས་ཤིང་། ཁྱེད་ཀྱི་འཚོ་བ་ནམ་ཡང་བདེ་ཐང་དང་། དགའ་སྤྲོ། མཛེས་སྡུག་ལྡན་པར་སྨོན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།