ངོས་དང་པོ > སྣོད་བཅུད། > གནས་སྐོར་མཛེས་ལྗོངས། > མཚོ་སྔོན་མང་རྫོང་གི་ས་མུའུ་ཁྲི་ཡི་སྐེ་ཚེ་མེ་ཏོག་རྣམ་པ་བཞད།
མཚོ་སྔོན་མང་རྫོང་གི་ས་མུའུ་ཁྲི་ཡི་སྐེ་ཚེ་མེ་ཏོག་རྣམ་པ་བཞད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2022-08-02 14:57:17
ཀློག་གྲངས།:
ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མགོ་མང་གྲོང་རྡལ་གྱི་ཟི་ལིང་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་རྒྱུད་དུ་སྐེ་ཚེ་མེ་ཏོག་དུས་སུ་བཞད་ཅིང་། ས་མུའུ་ཁྲི་ལ་ཉེ་བའི་ས་ཞིང་ཡོངས་གསེར་རྡུལ་ས་ལ་བྱུག་ལྟར་མིག་འཚེར་བས། ཞིང་གྲོང་མཛེས་ལ། ཞིང་ལས་དར་བ། ཞིང་པ་ཕྱུག་པོ་ཡིན་པའི་ཞིང་གྲོང་དར་སྤེལ་གྱི་རིས་ལྗོངས་ཤིག་གྲུབ།
མཐའ་མི་མངོན་པའི་ལྗང་མདོག་གི་ཞིང་ས།
སྐེ་ཚེ་མེ་ཏོག་ནི་ཁོར་ཡུག་ལ་འཕྲོད་སླ་བ་དང་། འདེབས་འཛུགས་དོ་དམ་སྟབས་བདེ་ཡིན་པ། མ་རྩ་ཉུང་བ་བཅས་ཀྱི་དབང་གིས་འབྲུ་འདེབས་དུད་ཆེན་དང་ཡང་ན་ཞིང་ཁྱིམ་དཀྱུས་མ་གང་ཡིན་རུང་ཚང་མས་སྐེ་ཚེ་འདེབས་འཛུགས་ལ་བརྟེན་ནས་ཡོང་འབབ་རག་ཐུབ་ཀྱི་ཡོད། དེ་བཞིན་དུ་སྲོལ་རྒྱུན་འདེབས་ལས་དང་ཞིང་གྲོང་ཡུལ་སྐོར་གཉིས་མཉམ་སྤེལ་ལ་བརྟེན་ནས་ས་མུའུ་ཁྲི་ཡི་སྐེ་ཚེ་མེ་ཏོག་གི་རྒྱ་མཚོ་ཆེན་པོ་དེ་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་ཤིག་ཏུ་གྱུར་ནས་ཉེ་འཁོར་གྱི་གྲོང་ཚོ་རྣམས་མེ་ཏོག་ལ་ལྟ་མཁན་ཡུལ་སྐོར་དང་། ཁམས་གསོ་སྤྲོ་སྐྱིད། འབབ་འཕར་ཕྱུག་འགྱུར་གཞི་གཅིག་ཏུ་གྲུབ་པའི“མེ་ཏོག་གི་དཔལ་འབྱོར”འཕེལ་རྒྱས་བྱུང་བས། སྲོལ་རྒྱུན་འབྲོག་པ་རྣམས་ཀྱིས་སེར་ལམ་མེར་བཀྲ་བའི་སྐེ་ཚེ་མེ་ཏོག་ལ་བརྟེན་ནས་འབབ་འཕར་ཕྱུག་ལམ་དུ་བསྒྱུར།
མང་རྫོང་ལ“ས་མཐོའི་རྩྭ་ཐང་གི་ཕ་ས”དང“གཙག་དྲུབ་གླུ་གར་གྱི་ཕ་ས” “ཀྲུང་གོའི་ལུག་ནག་གི་ཕ་ས”རུ་འབོད། ད་ལོའི་ལོ་མགོར། མང་རྫོང་གིས་མགོ་མང་གྲོང་རྡལ་དུ“ས་མུའུ་ཁྲི་ཡི་སྐེ་ཚེ་མེ་ཏོག”གཙོ་བྱས་པའི“སྲོལ་རྒྱུན་ཞིང་ལས་ཐོན་སྐྱེད”བརྗོད་གཞིར་བཟུང་ཞིང་། “བོད་ཀྱི་ཁྱད་ཆོས”ཞེས་ས་ཁོངས་རིག་གནས་ཁྱད་ཆོས་སུ་བཟུང་སྟེ། ནང་དོན་ཕུན་སུམ་ཚོགས་ལ་གསར་ཤོས་ཆེ་བ། རིག་གནས་ནང་དོན་གཏིང་ཟབ་པ། ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རིག་གནས་སྒྱུ་རྩལ་སེམས་ཞིབ་མོས་ཇུས་འགོད་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་རྣམས་རྒྱ་མཚོ་ཆེན་པོའི་ཁྱོན་ལ་འགྲན་པའི་སྐེ་ཚེ་མེ་ཏོག་གི་ཕྱོགས་བཀུགས་ཏེ། མང་རྫོང་གི་དམངས་སྲོལ་གོམས་གཤིས་དང་ཞིང་གྲོང་གི་མཛེས་པ་ཀུན་གྱི་མིག་གི་དགའ་སྟོན་དུ་བསྟར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།