• ཟླ༢པའི་ཚེས༡༩ཉིན།བོད་ལྗོངས་ལྷ་སར་བསྟུན་མར་ཁ་བ་བབས་པས་གྲོང་ཁྱེར་གྱི་ཕྱོགས་བཞིར་ཁ་བ་དཀར་པོས་གཡོགས་པ་དང་།ཁ་བ་དང་བཟོ་སྐྲུན་གཉིས་ཀྱིས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཞིག་གྲུབ་ཡོད།...

    2025-02-21 09:06:41 རྒྱལ་མོ་སྐྱིད་ཀྱིས་བསྒྱུར། 1631
  • ཟླ2པའི་ཚེས1ཉིན།རང་ཞིང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་གངས་དཀར་ལྗོངས་ཁུལ་དུ་ཡུལ་སྐོར་པ་མང་པོ་སླེབས།ལོ་གསར་གྱི་སྐབས་སུ།རྔམ་བརྗིད་ལྡན་པའི་གངས་རི་དང་ཚོན་མདངས་བཀྲ་བའི་རྦབ་ཆུའི་འཁྱགས་དར་སོགས་ཁྱད་དུ་འཕགས་པའི་རང་བྱུང་མཛེས་ལྗོངས་དང་།རི་རྩེར་འགོ་བ་དང་རྟར་བཞོན་པ་སོགས་ཀྱི་ལས་སྒོ་ཡིས་ཕྱོགས་སོ་སོའི་ཡུལ་སྐོར་པ་མང་པོ་དྲངས་པས།རང་ཞིང་གི་དགུན་དུས་ཡུལ་སྐོར་ལ་གསོན་ཤུགས་གསར་པ་བསྩལ་ཡོད།...

    2025-02-10 09:29:41 མཚོ་སྔོན་པོ་དྲ་བ། 2087
  • དགུན་དུས་ཀྱི་སྒོ་མེའི་རྒོད་རྩེའི་མཛེས་ལྗོངས།

    མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྒོ་མེ་ལ་མགོའི་དགུན་དུས་ཀྱི་ཉི་རྩེ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་མཐོང་།ཉི་ཤར་གྱི་རྩེ་མོ་དགུན་གྱི་གྲང་ངར་བརྟོལ་ནས་འཕྲོས་པ་ན།གངས་ཀྱིས་གཡོགས་པའི་རི་ཀླུང་ཐམས་ཅད་སེར་ལམ་མེར་བརྒྱན་ཏེ།རང་བྱུང་ཁམས་ལ་རི་མོ་མཁན་གྱི་ཚོན་མདངས་བྱུག་པ་བཞིན་དུ་བསྒྱུར་འགྲོ་བས།ཕྱོགས་ཡོང་མགྲོན་པོ་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་སྟེ།རབ་མཛེས་མཚོ་སྔོན་གྱི་དགུན་དུས་ཡུལ་སྐོར་གྱི་གནས་མཆོག་འདི་ལ་བསྟོད་པའི་ཚིག་སྙན་ཅི་ཡང་འབུལ་བར་བྱེད།...

    2025-01-23 09:06:17 མཚོ་སྔོན་པོ་དྲ་བ། 2381
  • སྟོན་གྱི་རང་མདངས་དུས་སུ་ཤར་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་རྨ་ཆུའི་འགྲམ་ངོགས་ཡོངས་སེང་རས་ལྟ་བུའི་ཞོགས་པའི་སྨུག་རླངས་ཀྱིས་ཡོངས་སུ་བརྒྱན་ཏེ་སྣག་ཚའི་པུར་གྱིས་བཞེངས་པའི་སྣུམ་ཚོན་རི་མོ་ཞིག་ཡན་གྱིས་རྒྱོང་པ་དང་ཀུན་ནས་མཚུངས།...

    2024-11-11 10:37:07 མཚོ་སྔོན་པོ་དྲ་བ། 5427
  • སྟོན་ཁ་སླེབས་དུས་མདོ་དབུས་མཐོ་སྒང་གི་རང་བྱུང་ཁམས་ཆེན་མོར་གསེར་མདོག་གི་གཟབ་མཆོར་སྤྲས་པ་དང་།ནོར་གནག་ཁྱུ་ཚོགས་རྩྭ་ཐང་དུ་རྫོགས་ལྡན་སྟོན་ཁའི་དཔལ་ལ་རོལ་བཞིན་ཡོད།གངས་རི་དང་རྩྭ་ཐང་།སྤྲིན་དཀར་དང་མཚོ་མོ།རྟ་ནོར་ལུག་གསུམ་སོགས་སྟོན་ལྗོངས་ཀྱི་མཛེས་སྡུག་གཅིག་ཏུ་སྤུངས་པ་ནི་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པ་ལྟར་ལྷག་ཏུ་མཛེས།...

    2024-09-27 09:57:35 དྲ་བའི་རྩོམ་སྒྲིག་པ། 6709
  • དབྱར་ཟླ་བདུན་པའི་མཚོ་སྔོན་པོ་ཡིས་ལོ་གཅིག་གི་ནང་ཆེས་མཛེས་པའི་དུས་ཚིགས་བསུས་ཤིང་།ས་མུའུ་སྟོང་གི་པད་ཁའི་མེ་ཏོག་གིས་མཚོ་སྔོན་པོ་ཡོངས་སུ་བསྐོར་ཞིང་།རྒྱང་རིང་དུ་ལྟོས་ཚེ་མིག་ལམ་དུ་མངོན་པ་ནི་གསེར་མདོག་གི་པད་ཁའི་མེ་ཏོག་དང་རླབས་སྔོན་ཡམ་ཡོམ་དུ་གཡོ་བའི་མཚོ།གནམ་སྔོན་པོ་དང་སྤྲིན་དཀར་པོ་ཕན་ཚུན་འདྲེས་པ།ལྕགས་རྟ་ཞོན་མཁན་མཚོ་བསྐོར་ནས་རྒྱུ་པའི་རྣམ་པ་ནི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བར་གནས་དེར་ཡོང་བའི་ཡུལ་སྐོར་པ་ཚོའི་ཡིད་སེམས་དབང་མེད་དུ་འཕྲོག་པ་རེད།...

    2024-07-18 08:48:06 ལྷ་སྒྲོན་མཚོས་བསྒྱུར། 8030
  • ཡུལ་སྐོར་དུས་ཚིགས་སླེབས་པ་དང་བསྟུན།མཚོ་སྔོན་པོའི་ནུ་ལྕེ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་མང་པོ་བཀུགས་ཤིང།ཡུལ་སྐོར་པས་གནམ་མཚོ་འདྲེས་མཚམས་སུ་རང་བྱུང་ཁམས་ཆེན་མོའི་མཛེས་ཉམས་ལ་རོལ་མྱོང་བྱེད།ཉེ་བའི་ལོ་འགའི་རིང་།མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་མངོན་གསལ་གྱིས་ལེགས་བཅོས་བྱུང་ཞིང་།མི་དང་སྐྱེ་ཁམས་འཆམ་མཐུན་མཉམ་གནས་ཀྱི་རི་མོ་ཞིག་ངང་གིས་གྲུབ་ནས།ཡུལ་སྐོར་པ་མང་པོ་ཡིད་དབང་ཅིག་ཅར་ཏུ་འཕྲོགས་ཡོད།...

    2024-05-24 09:13:46 རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 8253
  • “མཐོ་སྒང་གི་བེེཌཱུརྱ་སྔོན་པོ”ཞེས་འབོད་པའི་མཚོ་སྔོན་པོའི་རླབས་ཀྱི་ཁྲེམ་གཉེར་གཡོ་ཞིང་མཚོ་ངོས་སུ་ཆུ་བྱ་སྣ་ཚོགས་འདུས་ནས་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་རང་བྱུང་གིས་གྲུབ་འདུག།མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་ཤར་བྱང་རྒྱུད་དུ་གནས་ཤིང་།རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཡིན་པ་མ་ཟད།མདོ་དབུས་མཐོ་སྒང་ཤར་བྱང་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་རང་རྒྱལ་ནུབ་ཕྱོགས་ཀྱི་སྐྱེ་ཁམས་དོ་མཉམ་ཡོང་བའི་མཚོ་མོ་གལ་ཆེན་ཞིག་ཡིན།།...

    2024-04-15 10:31:27 མཚོ་སྔོན་པོ་དྲ་བ། 8307
  • ཀ་ལ་གྲོང་ཚོ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡུབ་ཆུས་སུ་གནས་ཤིང་།“ཁམ་བུའི་མེ་ཏོག་གི་གྲོང་ཚོ”ཞེས་པའི་མཚན་སྙན་ལྡན།དཔྱིད་ཀ་སླེབས་དུས་སུ་གྲོང་ཚོའི་ཁམ་བུའི་མེ་ཏོག་ཡོངས་སུ་བཞད་དེ་པད་ཁ་མེ་ཏོག་དང་ཕན་ཚུན་གཅིག་ལ་གཅིག་གིས་བརྒྱན་པས།ཡིད་འོང་གི་མཛེས་ལྗོངས་དེས་ཕྱོགས་བཞིའི་ཡུལ་སྐོར་པ་མང་པོ་བཀུགས་ཡོད།།...

    2024-04-08 09:02:09 ལྷ་སྒྲོན་མཚོས་བསྒྱུར། 8413
  • དོ་དམ་སྒྲིག་སྲོལ་འཐུས་ཚང་དང་ད་ཡོད་ཀྱི་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ།མཛེས་ལྗོངས་གཞི་གཅིག་ཅན་དང་དོ་དམ་གཞི་གཅིག་ཅན།འཛུགས་སྐྲུན་གཞི་གཅིག་ཅན།ལས་གཉེར་གཞི་གཅིག་ཅན་བཅས་ཀྱི་དམིགས་འབེན་ལྟར།འཆར་འགོད་གཅིག་གྱུར་དང་ཚད་གཞི་གཅིག་གྱུར།ལས་གཉེར་གཅིག་གྱུར་བཅས་བྱས།རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་ཚད་གཞི་གཏན་འབེབས་བྱས་ནས།འཛུགས་སྐྲུན་དམིགས་ཚད་གཏན་འབེབས་དང་གདེང་འཇོག་མ་ལག་ཁ་གསལ་བཟོས་ནས་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་ལ་བརྟག་དཔྱད་ལམ་སྲོལ་དང་།ཕྱོགས་གསུམ་པའི་གདེང་འཇོག་ལམ་སྲོལ།དཔྱད་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཀྱི་བྱ་དགའ་དང་ཆད་གཅོད་ལམ་སྲོལ་བཅས་བཙུགས་ཏེ།རྒྱལ་སྤྱིའི་ཚད་གཞི་དང་འབྲེལ་མཐུད་བྱེད་པའི་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་སོགས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་བླང་བྱ་ལྟར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཚད་གཞི་ཅན་གྱི་ཚོད་ལྟའི་ལས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས།...

    2024-03-28 08:49:28 མཚོ་སྔོན་པོ་དྲ་བ། 8207

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།