ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > མཚོ་སྔོན་པོ་དྲ་བས་ཤིང་མོ་སྦྲུལ་ལོའི་ལོ་གསར་ལ་ཕུལ་བའི་ཤིས་ཚིག
མཚོ་སྔོན་པོ་དྲ་བས་ཤིང་མོ་སྦྲུལ་ལོའི་ལོ་གསར་ལ་ཕུལ་བའི་ཤིས་ཚིག
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-28 22:29:46
ཀློག་གྲངས།:

རབ་གནས་སྦྲུལ་གྱི་ལོ་ལ་བཀྲ་ཤིས་རྟེན་འབྲེལ་འགྲིག །
གོ་ལའི་ཤར་ཕྱོགས་ས་འཛིན་གངས་ཅན་ཁ་བའི་ཡུལ། །
བཀྲ་ཤིས་གནམ་ལོ་གསར་པ་འཛིན་མའི་ཁྱོན་ལ་འཕྲོས། །
རྟེན་འབྲེལ་སྐྱེམས་ཆང་ཟས་གོས་ལོ་ལྷ་རྒན་པོས་བཏེགས། །
ཕྱྭ་དང་གཡང་གིས་གཞིས་ཁྱིམ་གྲུ་བཞིར་དགེ་ལེགས་བསྩལ། །
ཏང་སྲིད་ཉི་མས་རྒྱལ་ཁམས་མ་ལུས་དྲོད་ཀྱིས་སྲུང་། །
འཆམ་མཐུན་ཞི་བདེའི་འོད་ཀྱིས་འཛམ་གླིང་ཁྱབ་པ་དང་། །
སུམ་བརྒྱ་དྲུག་ཅུ་དྲོད་བཅུད་དགེ་ཡིས་གཏམས་པར་ཤོག །
བཀྲ་ཤིས་གནམ་ལོ་གསར་པ་འཛིན་མའི་ཁྱོན་ལ་འཕྲོས། །
རྟེན་འབྲེལ་སྐྱེམས་ཆང་ཟས་གོས་ལོ་ལྷ་རྒན་པོས་བཏེགས། །
ཕྱྭ་དང་གཡང་གིས་གཞིས་ཁྱིམ་གྲུ་བཞིར་དགེ་ལེགས་བསྩལ། །
ཏང་སྲིད་ཉི་མས་རྒྱལ་ཁམས་མ་ལུས་དྲོད་ཀྱིས་སྲུང་། །
འཆམ་མཐུན་ཞི་བདེའི་འོད་ཀྱིས་འཛམ་གླིང་ཁྱབ་པ་དང་། །
སུམ་བརྒྱ་དྲུག་ཅུ་དྲོད་བཅུད་དགེ་ཡིས་གཏམས་པར་ཤོག །
བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་བཀྲ་ཤིས་གནམ་ལོ་གསར་བ་ཚེས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་པོ་དྲ་བའི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་སྤྱི་ཚོགས་ལས་རིགས་ཁག་གི་སྤུན་ཟླ་རྣམས་ལ་ལོ་སར་གྱི་འཚམས་འདྲི་ཞུ་བ་དང་ཆབས་ཅིག ལོ་གསར་བའི་ནང་ལེགས་ཚོགས་ཇི་སྙེད་འཛོམས་པའི་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་གཡང་འབོད།
འདས་ཟིན་པའི་ལོ་གཅིག་རིང་། མཚོ་སྔོན་པོ་དྲ་བས་དྲ་རྒྱའི་བདེ་འཇགས་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་ཁུལ་གཙོ་བྱས་ཏེ་རྒྱལ་ཕྱི་ནང་གི་གསར་འགྱུར་གཙོ་གྲས་ཁག་དང་། བོད་འབྲེལ་ས་ཁུལ་གྱི་སྲིད་འབྱོར་རིག་གསུམ་གཙོ་བྱས་པའི་གསར་འགྱུར་སྣ་ཚོགས། གནའ་དེང་གི་མཁས་པ་མང་པོའི་གསུང་རྩོམ། དྲ་ལམ་ན་རྒྱུག་ཆེ་ཞིང་ཀློག་མཁན་མང་པོས་དགའ་བསུ་ཆེ་ཆེར་གནང་བའི་རྩོམ་ཡིག་སྣ་ཚོགས། དེ་མིན་གཞུང་ཕྱོགས་ཀྱིས་བཀས་བཅད་བྱས་པའི་གསར་བྱུང་བརྡ་ཆད། གསར་པར་དཔེ་དེབ་སྣ་ཚོགས། རིག་གནས་སློབ་གསོའི་སྐོར་གྱི་ཤེས་བྱ། གཞན་ཡང“ཉིན་རེའི་སློབ་སྦྱོང”དང“གསུང་ཚིག” “གཏམ་དཔེ།” “ལེགས་བཤད།” “མཚོ་ལྷོའི་སྲིད་དོན”ཞེས་པ་སོགས་ཀྱི་ལེ་ཚན་གསར་དུ་བསྣན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་སྣ་ཚོགས་དང་རྒྱའི་གསུང་ཚིག་བོད་འགྱུར་མ། ས་སྐྱ་ལེགས་བཤད་སོགས་རྒྱ་བོད་ཤན་སྦྱར་གྱི་ལམ་ནས་བཀོད་པ་སོགས་ཁྱོན་བསྡོམས་གསར་འགྱུར་ཆིག་སྟོང་ལྔ་བརྒྱ་ལས་བརྒལ་བ་དུས་ཐོག་ཏུ་དྲ་བར་བཀོད་དེ་རྒྱ་ཆེའི་ཀློག་མཁན་ཀུན་གྱི་སྤྱན་ལམ་དུ་བསྟར་གང་ཐུབ་བྱས།
ད་དུང་ཡང་། ང་ཚོས“ལོ་ཙཱའི་སྟོབས•ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ”བརྗོད་གཞི་ཡིན་པའི“མཚོ་སྔོན་པོ་དྲ་བ”རྟགས་མའི་དྲ་ལམ་སྒྱུར་རྩོམ་འགྲན་བསྡུར་སྐབས་དང་པོ་བདེ་ལེགས་ངང་བསྡུས་ཤིང་། བྱ་འགུལ་འདི་འདྲ་ཞིག་གཉེར་བ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར༧༥ལོན་པར་རྟེན་འབྲེལ་ཞུས་པ་དང་ལོ་ཙཱའི་འབྲེལ་ཟམ་འདི་བརྒྱུད་ནས་ལོ་རྒྱུས་དང་དེང་རབས་ཟུང་འབྲེལ་བྱས་ཏེ། རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བར་འབད་འབུངས་གང་ཐུབ་བྱས་ཡོད།
མ་འོངས་པར་ཡང་ངེད་དྲ་བས་དུས་དང་རྣམ་པ་ཀུན་ཏུ་དུས་རབས་ཀྱི་འགྲོ་ཕྱོགས་དང་ལྷག་པར་དུ་མཚོ་ལྷོ་ཁུལ་གྱི་དྲ་རྒྱའི་འདུ་ཤེས་འཛིན་སྟངས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པ་མཐའ་འཁྱོངས། དྲ་རྒྱའི་བདེ་འཇགས་ཀྱི་གཡུལ་ས་བརྟན་དུ་བཏང་ནས། བོད་འབྲེལ་ས་ཁུལ་གྱི་ཁྱབ་ཁོངས་ཁག་གི་བརྗོད་བྱ་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་དྲིལ་བསྒྲགས་མང་དུ་བྱེད་འཆར་ཡོད་ལ། ནང་དོན་དང་སྒྲིག་འགོད་ཀྱི་ཐད་ནས་ཀྱང་སྔར་ལས་འཐུས་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་རང་ནུས་གང་ཡོད་གདོན་འཆར་ཡོད། དེ་བཞིན་དུ་ཁྱེད་རྒྱ་ཆེའི་ཀློག་མཁན་དང་རྩོམ་པ་པོ་མང་པོས་ཀྱང་སྔར་བཞིན་རིན་ཐང་བྲལ་བའི་ལྗགས་རྩོམ་མང་པོ་དུས་ཐོག་ཏུ་བསྐུར་གནང་མཛད་དེ་ཀློག་པ་པོ་མང་པོའི་འདོད་འདུན་ཡིད་བཞིན་དུ་བསྐང་རྒྱུར་དྲ་བའི་རྩོམ་སྒྲིག་པས་དུས་ནམ་ཡང་རེ་ཞིང་སྒུག་ནས་ཡོད་དོ། །
མཐར་གནམ་ལོ་གསར་པའི་ནང་རི་ཁ་བ་གངས་རིའི་ལྗོངས་ཀྱི་རིགས་གཅིག་སྤུན་ཟླ་ཡོངས་ལ་ནད་མེད་ཚེ་རིང་དང་འདོད་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།