«སྒོ་འབྱེད་དང་མཉམ་ལས་ཀྱི་སྒོ་ནས་ལས་དབང་མཉམ་འཁུར་བྱེད་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-03-11 09:12:55 ཀློག་གྲངས།:
       སྒོ་འབྱེད་དང་མཉམ་སྤྱོད་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་སྐྲུན་དགོས། ང་ཚོས་ཁོང་ཡངས་གཉིས་ཕན་གྱི་འཕེལ་རྒྱས་མདུན་ལྗོངས་དོན་དུ་གཉེར་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་འཛིན་པའི་རྒྱལ་སྤྱིའི་སྒྲིག་ལམ་མཉམ་དུ་སྲུང་སྐྱོང་བྱེད་པ། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་གྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཉོ་ཚོང་དང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་སྔར་བས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི༢༠༣༠ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ཏེ། དར་རྒྱས་ཞན་ཤོས་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་རྒྱལ་ཁབ་དང་མང་ཚོགས་སྔར་ལས་མང་པོར་ཕན་པའི་གསོས་སུ་སྒྲུབ་དགོས།
—«སྒོ་འབྱེད་དང་མཉམ་ལས་ཀྱི་སྒོ་ནས་ལས་དབང་མཉམ་འཁུར་བྱེད་དགོས།» (༢༠༡༩ལོའི་ཟླ༡༡ཚེས༥ཉིན།«ཞི་ཅིན་ཕིང་གི་ཕྱི་འབྲེལ་གཏམ་བཤད་གཅེས་བསྒྲིགས།»པོད་གཉིས་པ། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༢ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༢༢༦པ་ནས༢༢༧པའི་བར།
  共建开放共享的世界经济。我们应该谋求包容互惠的发展前景,共同维护以联合国宪章宗旨和原则为基础的国际秩序,坚持多边贸易体制的核心价值和基本原则,促进贸易和投资自由化便利化,推动经济全球化朝着更加开放、包容、普惠、平衡、共赢的方向发展。我们应该落实联合国二〇三〇年可持续发展议程,加大对最不发达国家支持力度,让发展成果惠及更多国家和民众。
—《开放合作,命运与共》(2019年11月5日),《习近平外交演讲集》第二卷,中央文献出版社2022年版,第226-227页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།