ངོས་དང་པོ > ཆེད་དོན། > ཉིན་རེའི་ཞལ་གསུང་། > «མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་ལྔ་པའི་སྤྱིར་བཏང་རྩོད་གླེང་ཐོག་གནང་བའི་གསུང་བཤད།»
«མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་ལྔ་པའི་སྤྱིར་བཏང་རྩོད་གླེང་ཐོག་གནང་བའི་གསུང་བཤད།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-03-12 08:15:04
ཀློག་གྲངས།:
དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་ནི་ཕྱི་རོལ་ཡུལ་གྱི་དོན་དངོས་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་གནས་བབ་ཆེན་པོའི་མདུན་དུ། བྱ་རྔ་མོང་དང་འདྲ་བར་མགོ་བོ་བྱེ་མའི་ནང་དུ་སྦས་ནས་མཐོང་ཡང་མ་མཐོང་ཁུལ་བྱེད་པ་དང་། ཡང་ན་ཐང་ཅི་ཧོ་ཏེ་དང་འདྲ་བར་མདུང་རིང་གཡུག་ནས་བཀག་འགོག་བྱེད་པ་ཐམས་ཅད་ལོ་རྒྱུས་ཀྱི་ཆོས་ཉིད་ལ་རྒྱབ་འགལ་བྱས་པ་རེད། འཛམ་གླིང་ཕན་ཚུན་བཀག་སྡོམ་དང་ཁེར་རྐྱང་གི་རྣམ་པར་ཕྱིར་བཤོལ་བྱེད་མི་སྲིད་ལ། མིས་བསམ་བཞིན་ཁ་ཕྲལ་དུ་ཡང་གཏོང་ཐུབ་མི་སྲིད། ང་ཚོ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་གྱུར་པ་ལས་བྱུང་བའི་འགྲན་སློང་ལས་གཡོལ་ཐབས་བྱེད་མི་རུང་བར་ངེས་པར་དུ་དབུལ་ཕྱུག་གི་ཧེ་བག་དང་འཕེལ་རྒྱས་ཀྱི་ཧེ་བག་སོགས་གནད་དོན་གལ་ཆེན་ལ་ཐད་ཀར་ཁ་གཏད་གཅོག་དགོས། ང་ཚོས་སྲིད་གཞུང་དང་ཚོང་ར་དང་། དྲང་གཞག་དང་ལས་ཆོད། འཕར་སྣོན་དང་བགོ་བཤའ། ལག་རྩལ་དང་ལས་ཞུགས་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། འཕེལ་རྒྱས་དོ་མཉམ་དང་གང་ལེགས་ཀྱིས་འབྱུང་བར་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་འདྲ་མཉམ་ངང་རྒྱལ་ཁབ་མི་འདྲ་བ་དང་རིམ་གྲས་མི་འདྲ་བ་དང་མི་ཚོགས་མི་འདྲ་བར་ཕན་པའི་གསོས་སུ་སྒྲུབ་དགོས། ང་ཚོས་སྒོ་འབྱེད་བསྟུན་མཁས་ཀྱི་འདུ་ཤེས་བསྐྱེད་དེ་བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་རྨང་རྡོ་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་སྲུང་སྐྱོང་། དར་ཆ་གསལ་སྒྲེང་གིས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་བརྟན་པོ་དང་ཤར་གཏོང་ཐུབ་པ་སྲུང་སྐྱོང་བཅས་བྱེད་དགོས།
—«མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་ལྔ་པའི་སྤྱིར་བཏང་རྩོད་གླེང་ཐོག་གནང་བའི་གསུང་བཤད།» (༢༠༢༠ལོའི་ཟླ༩ཚེས༢༢ཉིན།) «ཞི་ཅིན་ཕིང་གི་ཕྱི་འབྲེལ་གཏམ་བཤད་གཅེས་བསྒྲིགས།»པོད་གཉིས་པ། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༢ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༢༦༠པ་ནས༢༦༡པའི་བར།

经济全球化是客观现实和历史潮流。面对经济全球化大势,像鸵鸟一样把头埋在沙里假装视而不见,或像堂吉诃德一样挥舞长矛加以抵制,都违背了历史规律。世界退不回彼此封闭孤立的状态,更不可能被人为割裂。我们不能回避经济全球化带来的挑战,必须直面贫富差距、发展鸿沟等重大问题。我们要处理好政府和市场、公平和效率、增长和分配、技术和就业的关系,使发展既平衡又充分,发展成果公平惠及不同国家不同阶层不同人群。我们要秉持开放包容理念,坚定不移构建开放型世界经济,维护以世界贸易组织为基石的多边贸易体制,旗帜鲜明反对单边主义、保护主义,维护全球产业链供应链稳定畅通。
—《在第七十五届联合国大会一般性辩论上的讲话》(2020年9月22日),《习近平外交演讲集》第二卷,中央文献出版社2022年版,第260-261页
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།