«ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-08-15 09:06:35 ཀློག་གྲངས།:
       ད་ལྟ་ཏང་ཡོན་དང་ལས་བྱེད་པ་ཁག་གི་ནང་དུ་འཁུར་ལེན་བྱེད་མི་འདོད་པ་དང་། འཁུར་ལེན་བྱེད་མི་ཕོད་པ། འཁུར་ལེན་བྱེད་མི་ཤེས་པ་བཅས་ཀྱི་གནད་དོན་ཆེ་ཆུང་འདྲ་མིན་གནས་ཡོད། ལ་ལས“དཀར་ཡོལ་བཀྲུ་བ་མང་ན་གཅོག་པ་མང་བར”དོགས་པ་དང་། “མེ་ཏོག་མང་གསོ་དང་ཚེར་མ་ཉུང་འདེབས་བྱས་ན་དགའ་སྙམ་ནས་དཀའ་ངལ་དང་འཕྲད་ཀྱང་ལག་པ་རྐྱོང་ཙམ་མི་བྱེད་པའི”སྤྱོད་ཚུལ་འཛིན་པ། “ནོར་འཁྲུལ་མ་བྱུང་ན་བྱ་བ་མ་བསྒྲབས་པས་ཆོག་འདོད་པ།” “བྱས་རྗེས་འཇོག་འདོད་ལས་འགན་འཁྲི་འཁུར་འདོད་མེད་པ་དང་། སྐད་གྲགས་ཆོད་འདོད་ལས་བརྩོན་པ་བྱེད་འདོད་མེད་པ”སོགས་ཀྱི་དབང་གིས“མི་བཟང་ངོ་བཟང”དང་། “བདེ་འཇགས་དཔོན་པོ།” “གྱང་སྟེང་གི་རྩྭ”བྱེད་ཀྱི་ཡོད། ལ་ལས་ནི“ལྷ་ཁང་ནང་གི་འཇིམ་སྐུ་བཞིན་ཆར་རླུང་མི་ཐུབ”པས་འགལ་བར་འཕྲད་དུས་རྔམ་སྐྲག་ལངས་ནས་ཅི་བྱ་གཏོལ་མེད་དུ་གྱུར་པ་དང་།འཐབ་རྩོད་དང་འཕྲད་དུས་འདར་ནད་འཕར་བ་བཅས་ཡིན། འདི་རིགས་ལ་གུང་ཁྲན་ཏང་མིའི་བཟོ་ལྟ་ཞིག་གང་ན་ཡོད་དམ། འགན་མི་འཁུར་ཞིང་ལས་དོན་མི་སྒྲུབ་ན་བྱ་བ་འགྲུབ་མི་ཡོང་བ་མ་ཟད། བྱ་བ་སྒྲུབ་པར་འགོག་རྐྱེན་ཆགས་ཤིང་བར་ཆད་བཟོས་ཡོང་བ་རེད།
—«ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང» (༢༠༢༠ལོའི་ཟླ༡པོའི་ཚེས༨ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ»(པོད་གཉིས་པ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༣༠༢པ་ནས༣༠༣པའི་བར།
  现在,在一些党员、干部中,不愿担当、不敢担当、不会担当的问题不同程度存在。有的做“老好人”、“太平官”、“墙头草”,顾虑“洗碗越多,摔碗越多”,信奉“多栽花少种刺,遇到困难不伸手”,“为了不出事,宁可不干事”,“只想争功不想揽过,只想出彩不想出力”;有的是“庙里的泥菩萨,经不起风雨”,遇到矛盾惊慌失措,遇见斗争直打摆子。这哪还有共产党人的样子?!不担当不作为,不仅成不了事,而且注定坏事、贻误大事。
—《不忘初心,牢记使命》(2020年1月8日),《习近平著作选读》第二卷,人民出版社2023年版,第302—303页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།