བོད་ཡིག་གི་དབུ་ཁྱུད་ལ་རགས་ཙམ་དཔྱད་པ།
རྩོམ་པ་པོ།:འབུམ་ཐུབ་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-08-21 08:52:59
ཀློག་གྲངས།:
དང་པོ། དབུ་ཁྱུད་ཡི་གེའི་བྱུང་ལུགས་སྐོར་གླེང་བ།
དེ་ཡང་ལོ་ངོ་སྟོང་ཕྲག་གི་བྱུང་བ་མངའ་བའི་བོད་ཀྱི་ཡི་གེ་འཕེལ་རིམ་ལས་རྐྱེན་གྱི་ཡི་གེ་གཉིས་ལས་དབུ་ཁྱུད་ཀྱི་བྱུང་ལུགས་སྐོར་ལ་བཞེད་ལུགས་སྣ་ཚོགས་མཆིས་པ་ལ། ཐོག་མར་སྤུ་རྒྱལ་བོད་ཀྱི་ཡུལ་ལུང་ན་ངོ་མཚར་གྱི་གཏམ་རྒྱུད་དུ་མས་ཕྱུག་པའི་སྲོག་ཆགས་ཁྱུང་དང་གཡག་གཉིས་ལས་བྱུང་བ་ཞིག་སྟེ། དབུ་ཁྱུང་གིས་དྲངས་ནས་མཇུག་གཡག་རྔས་སྡུད་པའི་གོ་དོན་ནི་བོད་ཀྱི་དབུ་ཤད་གཉིས་ཀྱི་འབྱུང་ཁུངས་དངོས་ཡིན་པར་བཤད་པ་དང་།ཨ་མདོའི་འབྲོག་པ་རྣམས་ཀྱི་ཡུལ་སྐད་རྙིང་པར་ཡི་གེའི་མགོ་རྒྱན་དེ་ལ་དབུ་ཁྱུང་ཞེས་གྲགས་པ་དང་། བྱ་ཐམས་ཅད་ཀྱི་རྒྱལ་པོ་ཁྱུང་ཡིན་པས་ཁ་སྐད་དུའང་བྱ་རྒྱལ་ཁྱུང་ཆེན་ཟེར་ཞིང་བྱ་རྣམས་ནམ་འཕང་བཅད་ནས་འཕུར་བའི་ཚེ་ཁྱུང་གིས་མགོ་འདྲེན་པ་ལྟར་ཡི་གེ་དང་བརྗོད་བྱ་གང་ཞིག་མགོ་རྩོམ་པའི་ཚེ་ནའང་དབུ་ཁྱུང་གིས་མགོ་འདྲེན་དགོས་པ་ཡིན་ཟེར་བ་དང་།དབུ་ཁྱུད་ལ་བེརྒ་ཡང་ཟེར་བ་སྟེ། བེར་ཤིང་གིས་ལས་པའི་འབྲུ་མགོ་རྡུང་བྱེད་ཀྱི་དབྱུ་གུ་སོགས་ལ་གོ་ཞིང་། དེ་རྒྱུན་པར་སྔོན་ལ་བཏགས་ནས་འགྲོ་བས་ན་ཡི་གེ་འབྲི་དུས་ཀྱང་སྔོན་ལ་བེརྒའི་གཟུགས་ཀྱི་དབུ་ཁྱུད་འབྲི་སྲོལ་བྱུང་བར་བཤད་པ་སོགས་བཞེད་པ་མི་འདྲ་བ་དུ་མ་སྣང་ཡང་།དུས་རབས་རིམ་བྱོན་གྱི་གནའ་བོའི་ཡིག་ཚགས་དང་མཁས་དབང་དམ་པ་དག་གི་རིགས་པའི་བཤུལ་དུ་མཇལ་ན། དབུ་ཁྱུད་ནི་དང་པོ་བོད་རང་ནས་བྱུང་བ་མ་ཡིན་པར་རྒྱ་ནས་ཚུར་དྲངས་པ་ཡིན་པར་བསྒྲུབས་པ་དེ། རྒྱ་དཔེ་རྣམས་ཀྱི་མགོར་ཨོཾ་ཡིག་འཇོག་སྲོལ་ཡོད་པ་ལས་རིམ་འགྱུར་བྱས་ཏེ་བྱུང་བ་དང་རང་རེའི་གནའ་བོའི་ཡིག་ཚགས་ཁྲོད་དུའང་ཡིག་མགོར་ཨོཾ་སོར་འཇོག་བྱས་ཡོད་དེ། རིམ་བཞིན་ཨོཾ་ཡིག་སོགས་ཀྱི་གཟུགས་འགྱུར་བ་ལས་དབུ་ཁྱུད་བྱུང་བ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཡིག་མགོའི་དང་ཀྱོག་འདི་ཡང་ཨོཾ་ཡིག་གི་གཟུགས་རིམ་གྱིས་འགྱུར་བར་བཞེད་དེ། རྒྱ་དཔེ་རྣམས་ཀྱི་ལྡེབ་དང་པོ་ལ་ཨོཾ་ཡིག་རེ་འབྲི་སྲོལ་འདུག་ཅིང་། དེའི་གཟུགས་ནི་རང་རེའི་དཔེ་རྙིང་འགའ་རེའི་དབུ་ལ་བྲིས་པའི་དང་ཀྱོག་དང་འདྲ་འདུག ཅེས་པ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་གིས། དབུ་ཁྱུད་ནི་སྔགས་ཀྱི་གཟུངས་མང་པོར་ཨོཾ་ཡིག་གིས་མགོ་འདྲེན་པ་ལྟར་ཝརྟུའི་ཨོཾ་ཡིག་གི་གཟུགས་འོུཾ་བྲིས་པ་རིམ་གྱིས་འགྱུར་ནས་ད་ལྟའི་དབུ་ཁྱུད༄ཡི་འབྲི་སྲོལ་འདི་དར་བ་རེད། ཅེས་པ་ནང་བཞིན་དབུ་ཁྱུད་ཀྱི་འབྱུང་ཁུངས་ནི་རྒྱ་གར་གྱི་ཡི་གེ་ཡིན། ཡང་དབུ་ཁྱུད་ཀྱི་ཆེས་ཐོག་མའི་རྣམ་པ་དེ་ཉི་ཟླའི་འོག་ཏུ་མེའམ་ཡང་ན་སྤྲིན་ཞིག་ཡོད་པའི་རིས་དང་ཤིན་ཏུ་འདྲ་སྟེ། རྒྱ་གར་གྱི་ཡི་གེའི་རིག་གནས་ཀྱི་རྩ་བ་བྲམ་ཟེའི་རིག་བྱེད་བཞིའི་བསྟོད་པ་དང་མཆོད་གནས་ཀྱི་བརྗོད་བྱ་དང་མཐུན་པ་ལས། ཨོཾ་ཡིག་ནི་རྒྱ་གར་རིག་བྱེད་སྐབས་ཀྱི་ཚངས་པ་གྲུབ་མཐའི་ལྟ་བ་སྟེ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཨ་ཨུ་མ་ལ་བསྡུས་པའི་སྙིང་བོ་ཡིན་པ་དང་། དེའི་གཟུགས་ནི་ཉི་ཟླའི་འོག་ཏུ་སྤྲིན་པ་ལྟ་བུར་བྲིས་ལ་གོ་དོན་ནི། མཆོག་དང་ནོར་གཏེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དག་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །གསང་སྔགས་གང་དག་བརྗོད་པ་ཡི། །ཐོག་མར་ཡི་གེ་འདི་བཞག་ན། །རབ་ཏུ་བསྔགས་ཞེས་བཤད་པ་ཡིན། །ཞེས་པ་ལས་ཨོཾ་ཡིག་གི་ནུས་པ་དང་དེ་བོད་དུ་དར་བའི་རྒྱུ་རྐྱེན་སོགས་གསལ་བོར་བསྟན་ཡོད་པ་རེད།
གཉིས་པ། དབུ་ཁྱུད་ཡི་གེའི་རིགས་དང་རྣམ་པ།
སྤྱིར་བྱ་དངོས་ཤིག་ལ་རིགས་འབྱེད་དུས། ཕྱོགས་མང་པོའི་ཐད་ནས་བསམ་བློ་གཏོང་དགོས་པས།དབུ་ཁྱུད་ལ་རིགས་དགར་རྒྱུ་ནི་ལས་སླ་བོ་ཞིག་མ་ཡིན་ཏེ། དེ་ཉིད་ལེགས་སྦྱར་ལས་དྲངས་པ་ཡིན་ཕྱིར་ཁོ་བོ་ལྟ་བུས་གསལ་ཐག་ཆོད་པར་རིགས་འབྱེད་ཐུབ་པ་ཞིག་གཏན་ནས་མིན་ནའང་། རིགས་དབྱེ་ནས་ངོས་མ་བཟུང་ཚེ། སྐབས་དོན་འཆད་པར་དཀའ་བས།འདིར་རྒྱ་དཔེ་ལས་དྲངས་ཤིང་བོད་ཡིག་ལ་ཐད་ཀར་སྦྱར་བ་དང་།དེ་ལས་འགྱུར་བའི་དབུ་ཁྱུད་རྣམས་ལ་མིང་གི་འདོགས་སྟངས་དང་འབྲི་སྟངས། དུས་ཀྱི་སྔ་ཕྱིའི་ཆ་བཅས་ནས་དེ་སྔའི་བོད་ཀྱི་རྡོ་རིང་དང་བྲག་བརྐོས། ཅོང་ཡིག ཁྲམ་ཤིང་། ཏུན་ཧོང་ཡིག་རྙིང་སོགས་ལས་བྱུང་བའི་དབུ་ཁྱུད་ཀྱི་རིགས་སམ་དབྱེ་བ་རགས་ཙམ་དགར་ན། དང་པོ་དབུ་ཁྱུད་ལ་མིང་གི་འདོགས་སྟངས་ཀྱི་ཐད་ནས་དབུ་ཁྱུད་དང་དབུ་ཁྱུང་། མགོ་ཡིག ཏང་ཀྱོག་གམ་དང་ཀྱོག་ཡང་ན་དང་ཁྱོག བེརྒ་དང་བེར་ཀ་བཅས་འབོད་སྟངས་ཆེན་པོ་གསུམ་དུ་ཆགས་ཡོད་པ་དང་། དེ་ལས་དབུ་ཁྱུད་དམ་མགོ་ཡིག་ནི་ཡི་གེའི་མགོར་འབྲི་བའི་ཆ་ནས་བཏགས་པ་དང་། དང་ཀྱོག་གམ་དང་ཁྱོག་ནི་ཡི་གེ་རང་ཉིད་འཁྱོགས་ནས་ཡོད་པའི་ངེས་ཚིག་འདྲེན་པ་དང་ས་སྐྱ་པཎ་ཆེན་གྱིས་ཡི་གེའི་དང་པོར་འཇུག་པས་བཏགས་པར་གསུངས་པ་ནང་བཞིན་ནོ། །བེརྒ་དང་བེར་ཀ་ནི་རྒྱ་གར་སྐད་ཡིན་པ་ལ་བོད་དུའང་སྒྲ་བཞིན་བཀླགས་ནས་ཐོན་པ་ཞིག་སྟེ། ད་ལྟ་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་སིང་བྷིའི་ཡི་གེར་དང་ཀྱོག་གམ་དབུ་ཁྱུད་ལ་མཚུངས་པའི་འབྲོ་སྲོལ༄འདི་འདྲ་བ་ཅུང་ཐུར་ལ་བསྟན་པའི་རྣམ་པ་ཅན་དེ་དག་ཇི་ལྟ་བ་བཞིན་བྱུང་ཞིང་ཧ་ལམ་གཅིག་ཚབ་གཅིག་གིས་བྱེད་ཆོག་པ་དེས་བོད་ཀྱི་ཡིག་མགོའི་དང་ཀྱོག་བྱ་བའི་ཁུངས་ནི་ལེགས་སྦྱར་ལས་གཞན་མིན་པ་གསལ་བར་བསྟན། གཉིས་པ་དབུ་ཁྱུད་ལ་འབྲི་སྟངས་ཀྱི་ཆ་ནས། གྲགས་ཚོད་དུ་དབུ་ཅན་ལ་དབུ་ཁྱུད་རིགས་ཉི་ཤུར་ཉེ་བ་ཙམ་ཡོད་ཅིང་། དབུ་མེད་ལ་དབུ་ཁྱུད་ཀྱི་རིགས་བཅུ་གྲངས་ལྷག་ཡོད་པར་སྨྲ་བ་ལས་མཐོང་ཚད་དུ་ཟིན་པ་རྣམས་ཟུར་མཆན་དུ་འགོད་པར་བྱ། རྒྱུན་མཐོང་གི་དབུ་ཁྱུད་འབྲི་སྟངས་ལ་རིགས་གསུམ་ཡོད་དེ། མིག་ཕྱེད་ཙམ་དང་མིག་གཅིག་ཅན་ཡང་ན་ཆིག་སྦྲེལ༄དང་། མིག་གཉིས་ཅན་ནམ་ཉིས་སྦྲེལ༄༅། མིག་གསུམ་ཅན་ནམ་སུམ་སྦྲེལ༄༅༅། བཅས་ཡིན། གསུམ་པ་དབུ་ཁྱུད་ལ་དུས་ཀྱི་ཆ་ནས་རིགས་གཉིས་སུ་དགར་ན། དུས་རབས་བཅུ་གསུམ་པའི་ཡས་མས་ནས་དུས་ཕྱིས་ཀྱི་ཡིག་ཚང་ཁག་གི་དབུ་ཁྱུད་ནི་ལྟོས་བཅས་སུ་ཅུང་ངེས་སྲོལ་ཅན་དང་རིགས་ཉུང་དུ་སོང་ཡོད་པ་སྟེ་གོང་སྨྲས་ཀྱི་དབུ་ཁྱུད་འབྲི་སྟངས་ཐད་ཀྱི་རིགས་དགར་བ་དང་མཐུན་པས་ཡིག་ཚོགས་མི་སྤུང་བར་བྱའོ། །
གསུམ་པ། དབུ་ཁྱུད་ཡི་གེའི་ཁྱད་ཆོས།
དེང་གི་དུས་སུ་སྨྱུག་ཐོགས་པ་གང་མང་ཞིག་གིས་དབུ་ཁྱུད་ལ་ངེས་པ་མེད་པར་རིགས་སྣ་ཚོགས་སུ་འབྲི་བཞིན་ཡོད་པ་ལ་སྤྱི་བམ་ཙམ་ལས་ཞིབ་ཕྲའི་གནད་ཀ་ཐེར་འདོན་དང་། འགྲེལ་བཤད་གནང་བ་མ་མཐོང་། དབུ་ཁྱུད་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲོད་དུ་སྲོག་དང་རྐྱེན་གྱི་ཡི་གེ་དང་ཕ་མ་བུ་ཚའི་ཡི་གེ་སོགས་སུ་དབྱེ་བ་ལས།རྐྱེན་གྱི་ཡི་གེ་ཞིག་ཡིན་པས་རང་ངོས་ཀྱི་བརྡ་སྤྲོད་ནུས་པ་གཞན་གྱིས་འཐུས་སུ་མི་རུང་བ་ཞིག་ཡོད་དེ། ལེགས་སྦྱར་དུ་བཀྲ་ཤིས་པའི་རྟེན་འབྲེལ་གྱི་ནང་དོན་ལྟ་བུའི་བརྡ་སྤྲོད་ཀྱི་ནུས་པ་ཡོད་པས་བོད་དུའང་དེ་ལུགས་ཀྱི་གོ་བརྡ་ཞིག་ཆགས་ཡོད་པ་བསྔོ་ཡིག་གི་མགོར་དབུ་ཁྱུད་མི་འབྲི་བ་སོགས་ལས་གསལ་བར་བསྟན་འདུག དེ་ཡང་ཡོངས་གྲགས་སུ་དབུ་ཁྱུད༄། ༄༅།༄༅༅།འབྲི་ལུགས་འདི་གསུམ་སྤྱོད་ཤོས་ཆེ་བ་སྟེ། དེ་ལ་དང་པོ་ནི་སྤྱིར་བཏང་གི་བྱ་དངོས་ལ་སྦྱར་བ་དང་། ལྷག་པར་དུ་ཡུལ་དམན་པ་ལ་སྐུལ་དོན་དུ་བྲིས་པའི་ནང་དོན་གྱི་རིགས་ལ་བཀོལ་བ་རེད། གཉིས་པ་ནི་མཐོ་དམན་ཀུན་ལ་མཉམ་པའི་རིགས་སུ་སྤྱོད་པ། གསུམ་པ་ནི་བརྗོད་དོན་ཟབ་པ་ཆོས་ལུགས་དང་འབྲེལ་བའི་བརྗོད་ཚིག་ཅན་གྱི་དབུར་འབྲི་བ་གནའ་དཔེ་དང་ཡིག་ཚང་ལས་ཤེས་ཐུབ་པའོ། །འོན་ཀྱང་དོན་དུ་དབུ་ཁྱུད་ལ་དེ་ལས་ལྷག་པའི་བརྡ་སྤྲོད་ཀྱི་ནུས་པ་མང་དུ་ཡོད་པ་ལ་ནུས་ཚོད་ཀྱིས་རེ་རེ་བཞིན་བགྲང་ན། དང་པོ་གང་ལ་སྦྱར་བའི་ཡུལ་ལ་བཀྲ་ཤིས་ཕུན་ཚོགས་ཀྱི་དོན་དང་ལྡན་པར་བྱེད་པ་ཨོཾ་ཡིག་གི་གོ་དོན་དང་འབྲེལ་ནས་ཞུས་ཟིན་པ་དང་བསྔོ་ཡིག་ལ་དབུ་ཁྱད་འབྲི་སྲོལ་མེད་པས་སོ། ། གཉིས་པ་དབུ་ཁྱུད་ཀྱི་མིག་གི་མང་ཉུང་ལྟར་བསྟན་བཅོས་ཀྱི་རིགས་སྤྱི་ཙམ་པ་གང་ལ་གཏོགས་པ་ཤེས་ཐུབ་པ་ཡང་གོང་དུ་འཆད་ཟིན་པའོ། །གསུམ་པ་སྔོན་གྱི་ཤིང་པར་སྣ་རིང་ལ་མཚོན་ན་ཆ་རྐྱེན་གྱི་དབང་གིས་པོད་གཅིག་ནང་གི་ཆོས་ཚན་མི་འདྲ་བ་གཅིག་རྫོགས་ནས་གཞན་ཞིག་གི་མགོ་རྩོམ་དགོས་ནའང་། ཤོག་ངོས་རྗེས་མ་ནས་མི་རྩོམ་པར་དེ་མུར་བར་དུ་དབུ་ཁྱུད་རེ་བཞག་ནས་རྗེས་སུ་མཐུད་ཡོད་པས། དབུ་ཁྱུད་ལ་ལེའུ་དང་ཆོས་ཚན་མི་འདྲ་བ་དགར་བ་དང་མགོ་བརྩམས་པ་མཚོན་པའི་ནུས་པ་ལྡན། བཞི་པ་གཞུང་ཆེན་གྱི་ཚིག་དོན་མི་འཁྲུགས་པར་བྱེད་པའི་གླེགས་བམ་གྱི་རྒྱ་རིམ་པ་བདུན་ལས་ལྡེབ་མི་འཁྲུག་པའི་ཆེད་དུ་ཡིན་པ་སྟེ། དགེ་འདུན་ཆོས་འཕེལ་གྱིས། རྒྱ་དཔེ་རྣམས་ཀྱི་དབུ་ཤོག་གི་དང་པོ་ལ་ཨོཾ་ཞིག་བྲིས་པ་མ་གཏོགས་གཞན་ལྡེབ་རེ་རེའི་མགོ་ལ་ཏིང་ཀྱོག་སོགས་བྲིས་པ་ཡང་མི་སྣང་བས་ཁ་ཐོར་ཚེ་ལྡེབ་ཀྱི་ཉིན་སྲིབ་གང་ཡིན་ཡང་མི་ཤེས། ཤོག་བུ་ལ་བྲིས་པའི་རྒྱ་དཔེ་རྣམས་ནི་ཤོག་བུའི་ཉིན་ལ་གུར་ཀུམ་གྱིས་ཁ་བསྒྱུར་ཏེ་སེར་པོ་དང་སྲིབ་ཕྱོགས་རང་མདོག་ཏུ་བཞག་པ་ཤ་སྟག་ཏུ་སྣང་།ཞེས་པ་ནང་བཞིན་སྔོན་གྱི་གླེགས་བམ་སྣ་རིང་གི་ཉིན་ཤོག་གི་མགོར་དབུ་ཁྱུད་ཅིག་བྲིས་པས་ཉིན་སྲིབ་མི་ནོར་བའི་ནུས་པ་ལྡན། ལྔ་པ་དུས་རབས་སོ་སོའི་བྲིས་རྒྱུན་མི་འདྲ་བ་དང་སྨྱུག་རིས་མི་འདྲ་བའི་ཆ་ནས་དབུ་ཁྱུད་ལ་མཛེས་དཔྱོད་ཀྱི་ནུས་པ་གཞན་གྱིས་ཚབ་བྱེད་མི་ནུས་པ་ཡོད་དེ། དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་གིས། དུས་རབས་བརྒྱད་པ་ནས་དགུ་པའི་ནང་གི་དབུ་ཁྱུད་ཀྱི་རྣམ་པ་དེ་ད་ལྟ་བཞིན་བྱུང་མེད་ཀྱང་ད་ལྟའི་འབྲི་སྲོལ་རྣམས་ཀྱི་དཔེ་ཙམ་དུ་དེ་དུས་ནས་ཡོད་ཅིང་། རིམ་གྱིས་དབུ་ཁྱུད་དེ་ལྟ་བུ་རྣམས་མཛེས་ཆོས་སུ་བྱས་པ་ལྟ་བུའི་དབུ་ཁྱུད༄། ༄༅། ༄༅༅། འདི་འདྲ་བ་རྣམས་བྱུང་བས། དེང་གི་དུས་སུ་ཕལ་ཆེར་ངེས་སྲོལ་ཅན་དུ་གྱུར་ཅེས་དབུ་ཁྱུད་ཀྱི་མཛེས་དཔྱོད་ནུས་པར་དཔྱད་པ་གནང་འདུག་གོ །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།