ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་དོན་ཐོབ་ཡི་གེ་གང་ཡིན་སྐོར་གླེང་བ། ཁག་བདུན་པ།
ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་དོན་ཐོབ་ཡི་གེ་གང་ཡིན་སྐོར་གླེང་བ། ཁག་བདུན་པ།
རྩོམ་པ་པོ།:ཀུན་ཁྱབ་ཀླུ་བྱམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-09-12 08:06:54
ཀློག་གྲངས།:
ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་ཡི་གེ་དག་མོ་ཇི་ལྟར་འབྲི་ལུགས་དང་དེའི་སྒྲ་གཟུགས་འགྱུར་སྟངས་སྐོར་ལ་རོབ་ཙམ་དཔྱད་པ།
(ཁག་བདུན་པ)
ཀུན་ཁྱབ་ཀླུ་བྱམས།
རྐོས་བཅོ་བྱིན། ཕ་རོལ་བ་ལ་འཆུན་ཕམ་བྱིན་པའམ་བརྙས་བཅོས་བྱས་པའི་དོན། དེ་རིང་ཁོས་ང་ལ་རྐོས་བཅོ་བྱིན་དེངས་ཟེར་བ་ལྟ་བུ། རྐོས་བཅོ་སྟེར་ཀྱང་ཟེར། རྐོས་ནི་སྙད་བརྐོའམ་སྙད་བརྐོས་ཞེས་པ་སྟེ། «སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱེད་དགོས་པ་བརྒྱད»ལས། བརྒྱད་པ། བཟུང་དམག་ལ་བརྙས་བཅོས་བྱེད་མི་ཆོག ཅེས་པར། བཟུང་དམག་ལ་བསྙད་བརྐོ་མི་ཆོག ཅེས་བསྒྱུར་ཡོད་པ་ལྟ་བུ། བརྙས་བརྐོ་དང་བརྙས་མ་བརྐོ་ཞེས་ཀྱང་འབྱུང་སྟེ། «འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར»ལྡེབ༨༢པར། ཆུ་རབ་གང་འགྲོར་ཐོངས། རི་ཁྲོད་དུ་འདུག་པ་སྲིད་ན་བརྙས་མ་བརྐོ། ཁྱོད་སྙིང་རྗེ་ཆེ་བ་རྣམས་ཀྱིས་ལྟོ་བྱིན། ཞེས་འབྱུང་བ་ལྟ་བུ། «དག་ཡིག་གསར་བསྒྲིགས»ཀྱི་ལྡེབ༢༧༨པར། མི་ཉམ་ཐག་ལ་སྙད་མ་རྐོ། ཞེས་འབྱུང་བ་ལྟ་བུ། བཅོ་ནི་བཅའ་དང་བཅོས་ཀྱི་མ་འོངས་པ་སྟེ། བཅའ་རྒྱུའོ་བཅུ་གསུམ་བཅོས་ཟེར་བ་ལྟ་བུས་མཚོན།ཀུན་ཁྱབ་ཀླུ་བྱམས།
ལྐུག་ཤི ཕོ་གསར་ལ་ཆགས་སྤྱོད་ཀྱི་ནུས་པ་མེད་པའམ་ཕོ་མཚན་འཁར་རྒྱུ་མེད་པའི་དོན། ཀན་ལྷོའི་ཀླུ་ཆུ་རྫོང་གི་སྐད་དུ། ལྐུག་ཤི་ཞེས་གདངས་དག་པར་ཐོན་ཅིང་། ཨ་མདོའི་ཡུལ་སྐད་དུ། ཀུག་ཤི་ཞེས་པའི་གདངས་ཐོན། སི་ཁྲོན་མཛོད་དགེ་རྫོང་གི་ངག་རྒྱུན་དུ། ཀུག་ཤི(ལྐུག་ཤི)ལམ་སྟོང་ནས་འཁར་ཟེར་སྲོལ་མཆིས། ལྐུག་ལ་ཀུག་སྒྲ་ཐོན་ཚུལ་ནི་རྩེག་ཡིག་གི་མགོ་ཅན་བོར་ནས་མིང་གཞི་དང་དབྱངས་སོགས་ཀྱི་སྒྲ་ཙམ་ལས་མ་ཐོན་པས་ཡིན་ཏེ། སྟག་ལྷ་ལ་སྟག་ལ་དང་། གྱང་གླེགས་ལ་གྱང་ལེགས་ཟེར་བ་སོགས«ཨམ་སྐད་གསང་བཀྲོལ་ལྡེ་མིག»ཏུ་གསལ་བ་བཞིན་ནོ། །མགོ་ལོག་སོགས་ཀྱི་ཡུལ་སྡེ་མང་ཤོས་སུ། གཞོར་ལོ་མ་ཟེར་ཏེ། མ་མ་གཤམ་ལ་ནང་མེད། །ཀུ་ཤི་གཞོར་མགོར་རྒྱུད་མེད། །ཅེས་ཀྱང་ཟེར་སྲོལ་མཆིས། གུག་ཤི་ཡིན་ནམ་འདོད་མཁན་ཡང་མཆིས་པས་བརྟག་འཚལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།