ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > 2025ལོའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཚོགས་འདུ་དང་རྒྱ་བོད་ཚིག་མཛོད་རྩོམ་སྒྲིག་ལས་དོན་གྱི་དཔྱད་གླེང་ཚོགས་འདུ་འབར་ཁམས་གྲོང་ཁྱེར་དུ་འཚོགས།
2025ལོའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཚོགས་འདུ་དང་རྒྱ་བོད་ཚིག་མཛོད་རྩོམ་སྒྲིག་ལས་དོན་གྱི་དཔྱད་གླེང་ཚོགས་འདུ་འབར་ཁམས་གྲོང་ཁྱེར་དུ་འཚོགས།
རྩོམ་པ་པོ།:ནོར་བུ་ཚེ་རིང་། གཙུག་ཏོར།
ཡོང་ཁུངས།:རྔ་བའི་གསར་འགྱུར་དྲ་བ།
དུས་ཚོད།:2025-08-29 13:20:30
ཀློག་གྲངས།:
ཟླ8ཚེས29ཉིན། 2025ལོའི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་གྱི་ལས་དོན་ཚོགས་འདུ་དང་རྒྱ་བོད་ཚིག་མཛོད་རྩོམ་སྒྲིག་ལས་དོན་གྱི་དཔྱད་གླེང་ཚོགས་འདུ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དུ་འཚོགས། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་དེ་རྒྱལ་ཡོངས་བོད་ཡིག་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་རིག་ཞིབ་འཇུག་ལས་སྒོ་གཞུང་སྒྲུབ་ཁང་དང་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུསབཅས་ཀྱིས་སྒྲུབ་འགན་འཁུར་བ། སི་ཁྲོན་ཞིང་ཆེན་བོད་ཡིག་གནའ་དཔེ་ལེགས་སྒྲིག་གཞུང་ལས་ཁང་གིས་རོགས་སྒྲུབ་གནང་བ་རེད།

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའུ་ཀྲང་ཡན་ཡུང་ཧྲན་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཞའོ་པིན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་།
རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཆེན་གཞོན་པ་ཙེ་ཅོན་གྱིས་ཚོགས་འདུའི་གཙོ་འགན་བཞེས།

ཚོགས་འདུར་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡན་ཡུང་ཧྲན་གྱིས་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་ལས་དོན་སྐབས་ལྔ་པའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་གཅིག་འགོར་བའི་རིང་གི་གྲུབ་འབྲས་གཙོ་བོ་གསུམ་ལ་ཕྱིར་དྲན་བྱས་པ་སྟེ། རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་ལྡན་ཅན་ལས་དོན་སྐབས་ལྔ་པའི་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་གཅིག་འགོར་བའི་རིང་དུ«བོད་སྐད་ཀྱི་བརྡ་ཆད་གསར་བ་ཚད་ལྡན་དང་གཅིག་གྱུར་གྱི་བརྡ་སྤྲོད་སྒྲིག་སྲོལ(ཚོད་སྤྱོད།)»བཟོས་པ་དང་ཁྱབ་བསྒྲགས་བྱས་པ་དང་། «རྒྱ་བོད་གཤིབ་སྡུར་ཚིག་གསར་པ་བརྡ་ཆད་ཐ་སྙད་ཚིག་མཛོད(2012ལོ་ནས་2024ལོའི་བར)»སྡུད་སྒྲིག་དཔེ་སྐྲུན་བྱས་ཡོད། མ་འོངས་པའི་ལས་ཀའི་ཐད་ཡན་ཡུང་ཧྲན་གྲོས་མགོ་བཞི་བཏོན་དོན། ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་ཁ་ཕྱོགས་བརྟན་པོར་འཛིན་པ། དགོས་མཁོའི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་དམངས་འཚོར་ཞབས་འདེགས་ཞུ་བ། མཐུན་སྦྱོར་གསར་གཏོད་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་བློ་གྲོས་གཅིག་སྡུད་བྱ་དགོས་ལ། གྲངས་རྩིས་ནུས་སྤྲོད་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲུབ་འབྲས་མཉམ་སྤྱོད་བྱ་དགོས།

རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཞའོ་པིན་གྱིས་མགོ་ཚུགས་མཛད་སྒོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པར་མ་ཟད། རྔ་བ་ཁུལ་གྱིས་ཐེངས་འདིའི་ཚོགས་འདུ་གོ་སྐབས་སུ་བརྩིས་ནས་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གཅིག་གྱུར་དང་ཚད་ལྡན་གྱི་བོད་སྐད་ཀྱི་བརྡ་ཆད་གསར་བར་བརྟེན་ནས་ཏང་གི་སྐད་སྒྲ་བརྒྱུད་སྒྲོག་བྱེད་པ་དང་མི་སེར་གྱི་འབོད་པ་ཁྱབ་སྤེལ་བྱས་ནས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྔ་བའི་མིག་དཔེ་སྐྲུན་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་དབུལ་དགོས་པ་བསྟན།

ཚོགས་འདུར། པེ་ཅིང་དང་བོད་ལྗོངས། ཀན་སུའུ། མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་ཀྱི་མི་རིགས(སྐད་ཡིག)ཨུ་ལྷན་དང་། དཔེ་སྐྲུན་ཁང་། སློབ་ཆེན་གྱི་སློབ་གླིང་། རླུང་བརྙན་འཕྲིན་བཅས་ནས་ཕེབས་པའི་ཆེད་མཁས་པ་དང་མཁས་དབང30ལྷག་ཙམ་གྱིས་བརྡ་ཆད་གསར་བ་ཞིབ་བཤེར་གཏན་འཁེལ་དང་རྒྱ་ཆེར་སྤེལ་ཐབས། སྐད་གཉིས་ཚིག་མཛོད་སྡུད་སྒྲིག་གི་ཚད་གཞི། ཆ་འཕྲིན་ཅན་གྱི་ལག་རྩལ་བཀོལ་སྤྱོད་སོགས་ཀྱི་གྲོས་གཞི་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པར་མ་ཟད། རྔ་བ་བོད་ཡིག་དཔེ་མཛོད་ཁང་གི་གནའ་གཞུང་ཉར་ཚགས་ཁང་དང་རིག་གནས་འགྲེམས་སྟོན་ཁང་། གནའ་གཞུང་ཉམས་གསོ་ཁང་བཅས་སུ་བརྟག་དཔྱད་ཞིབ་འཇུག་དང་། བོད་ཡིག་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་རྩིས་ཐོ། གནའ་དཔེ་དངོས་ཟོག་ཁག་གཅིག་བཅས་ལ་ཡུལ་དངོས་བརྟག་དཔྱད་གནང་རྒྱུ་རེད།

ཚོགས་ཞུགས་འཐུས་མི་རྣམས་ཀྱིས། ཐེངས་འདིའི་ཚོགས་འདུའི་ཐོག་དུས་རབས་གསར་པའི་བོད་སྐད་ཀྱི་བརྡ་ཆད་གསར་པ་དང་རྒྱ་བོད་ཚིག་མཛོད་སྡུད་སྒྲིག་ལས་དོན་ལ་མཐུན་སྦྱོར་གསར་གཏོད་ཀྱི་སྟེགས་བུ་བསྐྲུན་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཀྱི་སློབ་སྦྱོང་དང་མིག་ལྟོས་བྱེད་རེས་དང་ཕན་ཚུན་འབྲེལ་མཐུད་དང་མཉམ་འདྲེས་ལ་སྔར་བས་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་ཆེད་སྐད་ཆའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་པའི་ངོས་འཛིན་གནང་།
ཚོགས་འདུར་ད་དུང་། རྔ་བ་ཁུལ་གྱི་ཁུལ་རིམ་ལས་ཁུངས་ཁག་ཅིག་གི་འགན་ཁུར་བློ་མཐུན་དང་། རྒྱ་བོད་ཡིག་སྒྱུར་གྱི་ལས་དོན་དང་འབྲེལ་བའི་ལས་རིགས་ཁག་ནས་ཕེབས་པའི་ཆེད་མཁས་པ་དང་ལས་ཀའི་རྐང་འཛིན་པ་མང་པོ་ཚོགས་འདུར་ཟུར་ཞུགས་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།