ངོས་དང་པོ > ཆེད་དོན། > གངས་ལྗོངས་ཀུན་གླེང་། > གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།
གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-11-10 10:28:03
ཀློག་གྲངས།:
གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པའི་གཟེངས་བསྟོད་མཛད་སྒོ་ལྷ་ས་རུ་སྤེལ།
སྟོན་གསུམ་ལོ་ལེགས་ཀྱི་འབྲས་བཟང་བང་མཛོད་དུ་ལེགས་པར་བསྡུས་ཟིན་ནས་སྤྱི་ལ་དགུན་ཚུགས་པའི་དུས་ཚིགས་ཁྱད་པར་བ་སྟེ། ཟླ་བ༡༡པའི་ཚེས༨ཉིན། གྲོང་ཁྱེར་ལྷ་སའི་ཀྲོའུ་ཅི་གསོལ་མགྲོན་ཁང་དུ་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། ཞོགས་པའི་ཉི་གཞོན་ཤར་རིའི་ཕྲག་པ་ནས་གང་ཙམ་འཕག་མཚམས་སུ། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར། ཕྱོགས་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་གཟབ་མཆོར་ལེགས་པར་སྤྲས་ནས་འཆར་ཁའི་ཉི་གཞོན་འདྲ་བའི་འཛུམ་མདངས་ཕྱུང་བཞིན་རྩོམ་རིག་གི་དགའ་སྟོན་འདིར་ལྷན་དུ་འཛོམས།

གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་ནི་རང་རྒྱལ་གྱི་བོད་ཡིག་རྩོམ་རིག་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཆེད་ལས་བྱ་དགའ་ཞིག་ཡིན་པ་དང་། བྱ་དགའ་འདིས་བོད་ཡིག་རྩོམ་རིག་གི་ཕུལ་བྱུང་བརྩམས་ཆོས་སྔོག་འདོན་དང་། མི་རིགས་ཀྱི་རྩོམ་རིག་ཤེས་ལྡན་པ་སྐྱེད་སྲིང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད།

སྐབས་འདིའི་གངས་རྒྱན་རྟགས་མ་ནི་མི་རིགས་རྩོམ་རིག་དུས་དེབ་ཁང་གིས་རིག་གཞུང་མཛུབ་སྟོན་བྱས་པ་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་མང་པོས་གཙོ་སྒྲུབ་དང་སྒྲུབ་འགན་འཁུར་བ་རེད། སྐབས་འདིའི་དཔྱད་བརྗོད་ཨུ་ལྷན་གྱིས་རྒྱལ་ཡོངས་སུ་ཁ་ཕྱོགས་ནས༢༠༡༥ལོ་ནས༢༠༢༥ལོའི་བར་ཡོང་བསྒྲགས་དཔར་སྐྲུན་བྱས་པའི་བོད་ཀྱི་རྩོམ་རིག་བརྩམས་ཆོས་གཞིར་བཟུང་ནས། གཟབ་ནན་གྱིས་གདམ་གསེས་བྱས་རྗེས་མཐར་བརྩམས་ཆོས་བདུན་བདམས་ཡོད།

སྙན་ངག་སྐོར་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་དཔལ་ལྡན་རྒྱ་མཚོའི«དབྱངས་གསལ་གན་མཛོད»ཅེས་པ་དང་། འཆི་མེད་ཀྱི«ཆུའི་ལང་ཚོ»ཞེས་པ་གཉིས་རེད།

ལྷུག་རྩོམ་སྐོར་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་གངས་དབང་བཀྲ་ཤིས་ཀྱི«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»དང་། ཉ་ནག་པ་བ་རེས་ཀྱི«ལྷུག་རྩོམ་ཆེད་སྒྲིག»གཉིས་རེད།

སྒྲུང་འབྲིང་སྐོར་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་ནམ་མཁའ་བཀྲ་ཤིས་ཀྱི«ཆུ་བོ་ལི་ཧི་ཏའི་འགྲམ་ངོགས»ཞེས་པ་དང་། གཡུ་རྔོག་ཚེ་བཀྲའི«སྦས་ཡུལ»ཞེས་པ་གཉིས་རེད།

སྒྲུང་རིང་སྐོར་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་ཚེ་རིང་གཡུ་སྒྲོན་གྱི«གཡུ་ཆུང་དྲུག་དཀར»ཞེས་པ་དེ་རེད།
གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་ནི། ༡༩༩༥ལོར་འགོ་བརྩམས་པ་ནས་ད་བར་ལོ་ངོ་བཞི་བཅུ་འཁོར་ཞིང་། ཐེངས་འདིའི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ༦༠འཁོར་བའི་དུས་བཟང་འདིར། མི་རིགས་ཀྱི་རྩོམ་རིག་དུས་དེབ་ཁང་གི་རིག་གཞུང་མཛུབ་སྟོན་འོག ལྗོངས་རིག་རྩལ་ལྷན་ཚོགས་དང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུད། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རིག་རྩལ་ལྷན་ཚོགས་བཅས་ནས་གཙོ་འགན་བཞེས་པ་དང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བཟོ་ཚོང་ལྷན་ཚོགས་དང་། བོད་ཡིག་རྩོམ་རིག་དུས་དེབ་ཁག་གི་རྩོམ་སྒྲིག་ཁང་ནས་འགན་གཉེར་གནང་བ། བོད་ལྗོངས་རྔ་བ་ཁུལ་ཚོང་ཚོགས་ནས་མ་དངུལ་རོགས་སྐྱོར་གནང་བ་བཅས་ཐུན་མོང་ཐོག་ལེགས་གྲུབ་བྱུང་ཡོད།
འདས་པའི་ལོ་བཅུའི་རིང་། བོད་ཀྱི་ཕྱོགས་ཀུན་ལ་དབྱར་གྱི་མཚོ་མོ་རྒྱས་པ་དང་། ཟླ་བ་ཡར་ངོར་ཕྱོགས་པ་ལྟ་བུའི་འཕེལ་རྒྱས་བྱུང་བ་ནི་དུས་ཐུང་ལོ་ངོ་བཅུའི་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཞེས་པའི་སྡོམ་ཚིག་ལས་མ་འདས་ཤིང་། སྤྱི་ཡོངས་ཀྱི་འཕེལ་ཕྱོགས་ཆེན་པོའི་སྟོབས་ཤུགས་ལས་བོད་ཀྱི་རྩོམ་རིག་གི་བསྟན་པའང་ཆུ་རྒྱས་གཟིངས་མཐོའི་ཚུལ་གྱིས་དར་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་ལེན་དུ་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་བོར་བཟུང་པ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁ་ཕྱོགས་གཙིགས་སུ་བཟུང་པ། མི་དམངས་ཀྱི་བསམ་བློའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་པ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཐོན་ཡོད། དེས་ན། ཀྲུང་ཧྭའི་རྩོམ་རིག་བང་མཛོད་ཆེན་པོའི་བཀྲག་མདངས་ཆེ་བའི་མུ་ཏིག་རྡོག་པོ་གཅིག་དང་གཉིས་སུ་མེད་པའི་གངས་ཅན་རྩོམ་རིག་གི་མངའ་ཐང་མུ་ནས་མུ་རུ་རྒྱས་ཆེད། བྱས་པ་ཅན་ལ་གཟིགས་གཟོས་དང་། རྗེས་རབས་རྣམས་ལ་སྐུལ་ལྕག་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་སྟབས། སྐབས་སུ་བབས་པའི་དགའ་སྟོན་ཏེ། གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པ་གཉེར་འགོ་བརྩམས་པ་རེད།
སྐབས་འདིའི་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་ཡི་རྩོམ་བསྡུའི་ཁྱབ་ཁོངས་ནི་སྤྱི་ལོ༢༠༡༥ལོ་ནས༢༠༢༤ལོའི་བར་ཡོངས་བསྒྲགས་དཔེ་སྐྲུན་བྱས་པའི་བོད་ཡིག་རྩོམ་རིག་བརྩམས་ཆོས་ཏེ། བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ངག སྙན་ཞུའི་རྩོམ་རིག་བཅས་ཚུད་ཡོད།

རྩོམ་རིག་གི་རྒྱུ་ཆར་རྫོགས་མཐའ་མེད་པས། གསར་རྩོམ་ལ་ཚར་དུས་ཤིག་ག་ལ་ཡོད། “དེང་སང་གི་སྤྱི་ཚོགས་བཟང་པོ་དང་དུས་སྐབས་ཡག་པོའི་ནང་། ལོ་ཆུང་ཚོས་རྩོམ་ཡིག་མང་པོ་འབྲི་བ་དང་། བསམ་གཞིག་གང་མང་བཏང་ན། འབྲས་བུ་གང་ལ་གང་འཚམ་ཐོབ་ཤག་ཤག་རེད”ཅེས་བྱ་དགའ་ཐོབ་མཁན་གངས་དབང་བཀྲ་ཤིས་ཀྱིས་གསུངས་པ་ལྟར། རྩོམ་རིག་གསར་རྩོམ་ལ་དགའ་ཞེན་ཆེ་ཞིང་། གསར་རྩོམ་གྱི་ལམ་བུར་འཇུག་བཞིན་པའི་བློ་གསར་ཚོས་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ལ་སློབ་སྦྱོང་དང་། ཁོང་ཚོ་མིག་དཔེར་བཟུང་ནས་རྩོམ་རིག་གསར་རྩོམ་ལས་ལ་རྟག་གུས་བརྩོན་པ་མ་ལྷོད་ན། སླད་མར་རེ་བའི་འབྲས་བཟང་སྨིན་པར་གདོན་མི་ཟའོ། །
ནང་དོན་ཡོང་ཁུངས། བོད་ཀྱི་རྩོམ་རིག་སྒྱུ་རྩལ། ཁམས་པའི་བརྙན་འཕྲིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།

青公网安备63252102000006号