• སྐོར་བསྐྱོད་འཁྲབ་སྟོན་གྱི་ལས་འགན་འབྱོར་རྗེས་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་མང་པོ་ཞིག་གིས་རང་འགུལ་ངང་ངལ་གསོ་མཚམས་བཞག་སྟེ་ཉིན་མཚན་དབྱེར་མེད་ངང་སྦྱོང་བ་བྱས་ནས་ཟླ་བ་གཉིས་ཙམ་སོང་ཡོད།ད་ལྟ་མཐོ་སྒང་གི་དབྱང་རླུང་མི་འདང་བའི་ཁོར་ཡུག་ནས་དབྱང་རླུང་མང་བའི་འབྲི་ཆུའི་ལྷོ་རྒྱུད་དུ་ཐོན་ཡོད་པས་འཁྲབ་སྟོན་པ་ཚོར་ངལ་དུབ་ཀྱིས་གཉིད་ཅོག་རྒྱག་པ་སོགས་ཀྱི་སྣང་ཚུལ་བྱུང་ཡང་ཚང་མས་དཀའ་བ་ཁྱད་བསད་བྱས་ཏེ།སྙན་འཇེབས་ཀྱི་གླུ་སྐད་དང་གར་གྱི་སྟངས་སྟབས་ལ་བརྟེན་ནས་མཚོ་ལྷོའི་མི་དམངས་ཀྱིས་ཅང་སུའུ་ལ་བཅངས་པའི་དྲིན་ཚོར་གྱི་བརྩེ་སེམས་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་བསྐྱལ་བ་རེད།...

    2023-10-26 16:36:12 མཚོ་སྔོན་པོ་དྲ་བ། 21509
  • མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་གསར་རྩོམ་བྱས་པའི་མི་རིགས་རོལ་དབྱངས་ཟློས་གར་ཆེན་མོ«ལས་དབང་གི་མཇལ་འཛོམས»ཞེས་པ་ཟླ10བའི་ཟླ་སྨད་དུ་ཅང་སུའུ་ཞིང་ཆེན་གྱི་ནན་ཅིན་གྲོང་ཁྱེར་དང་ཁྲེང་ཀྲུགདབྱང་ཀྲུགཞི་ཀྲུགནན་ཐུང་།ཡན་ཁྲིན་བཅས་ས་ཁུལ་མི་འདྲ་བ་དྲུག་ཏུ་རིམ་བཞིན་འཁྲབ་སྟོན་བྱ་རྒྱུ་ཡིན་ལ།ཐེངས་འདིའི་སྐོར་བསྐྱོད་འཁྲབ་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི།ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་འདེགས་མཛད་ནས་ལོ་འཁོར13ལོན་པར་ལྷག་བསམ་ཟོལ་མེད་ཀྱིས་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་སུ་ཕུལ་ཏེ།ས་ཁུལ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་ལ་རྒྱུས་ལོན་དང་རོགས་འདེགས་བྱེད་པའི་བརྩེ་བའི་ཕྱི་ཐག་རིང་དུ་བསྲིངས་ཏེ།མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་ལུགས་དང་མི་གཤིས་ཀྱི་མཛའ་བརྩེ་དེ་མཚོན་པར་བྱ་རྒྱུ་དེ་རེད།...

    2023-10-16 09:01:26 མཚོ་སྔོན་པོ་དྲ་བ། 21244
  • སྤྱི་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་།ཞིན་ཧེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་།རྫོང་རིག་གནས་ཁང་གིས་འཁྲབ་སྟོན་བྱས་པའི་གེ་སར་སྒྲུང་གར་སྟེགས་ཟློས་གར་ཆེན་མོ«ཤན་འདན་སྟག་སེང་ཁ་སྤྲོད»ཅེས་པ་གནའ་མཁར་ཟི་ལིང་གི་མཚོ་སྔོན་ཟློས་གར་ཁང་ཆེན་མོ་ནས་གཟིགས་འབུལ་འཁྲབ་སྟོན་བྱས།...

    2023-09-29 12:39:35 མཚོ་སྔོན་པོ་དྲ་བ། 20960
  • «ཤན་འདན་སྟག་སེང་ཁ་སྤྲོད»མཚོ་སྔོན་ཟློས་གར་ཁང་ནས་འཁྲབ་རྒྱུ་རེད།

    བྲག་དཀར་རྫོང་གིས་སྒྲིག་ཁྲིད་དང་འཁྲབ་སྟོན་བྱས་པའི་གེ་སར་སྒྲུང་ཟློས་གར་ཆེན་མོ«ཤན་འདན་སྟག་སེང་ཁ་སྤྲོད»ཅེས་པ2023ལོའི་ཟླ9པའི་ཚེས28ཉིན་གྱི་ཆུ་ཚོད19:30སྟེང་མཚོ་སྔོན་ཟློས་གར་ཁང་ཆེན་མོ་ནས་འཁྲབ་སྟོན་བྱ་རྒྱུ་རེད།...

    2023-09-28 09:12:36 མཚོ་སྔོན་པོ་དྲ་བ། 19967
  • «ཞེ་ལ་འཁྲེང་བའི་མུ་ཏིག་ནག་པོ»ཞེས་པའི་བརྙན་ཐུང་ནང་དུ་གཙོ་བོ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་རྒྱབ་ལྗོངས་ཆེན་པོའི་འོག་ཕ་ཡུལ་དུ་ལོག་མཁན་སློབ་ཆེན་སློབ་མ་བཀྲ་ཤིས་དང་ཀོས་ནན་རྫོང་ལུག་ནག་གསོ་སྤེལ་ལྟེ་གནས་ཀྱི་ལག་རྩལ་པ་གཡུ་སྒྲོན་གཉིས་ཀྱིས་ཁྱིམ་མིའི་བསམ་ཤེས་མི་བྱེད་པ་དང་སྡེ་མིའི་རྒྱབ་སྐྱོར་མི་བྱེད་པའི་གནས་ཚུལ་འོག་སྔར་བཞིན་ཐོག་མའི་སེམས་འདུན་མ་བརྗེད་པར་ཕ་ཡུལ་གྱི་གཅེས་སེམས་དེ་ལུག་ནག་གི་བྱ་གཞག་ཁྲོད་འཐིམས་པར་བྱས་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་།དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་སྲིད་ཇུས་རོགས་སྐྱོར་དང་རང་ཉིད་ཀྱི་འབད་བརྩོན་བརྒྱུད་ཀོས་ནན་གྱི་ལུག་ནག་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ་མ་ཟད།“རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས”ཀྱི་མཚན་སྙན་ཐོབ་པ་དང་།བཀྲ་ཤིས་དང་གཡུ་སྒྲོན་གཉིས་ཀྱིས་བརྒྱུད་རིམ་དེའི་ཁྲོད་ཕན་ཚུན་ལ་བརྩེ་བ་ཟབ་མོ་ཆགས་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན།...

    2023-09-26 14:48:25 མཚོ་སྔོན་པོ་དྲ་བ། 20717
  • གློག་བརྙན་འདིའི་བརྗོད་བྱ་ནི་མི་དང་མིའི་གནས་སྟངས་དམིགས་སུ་བཟུང་བའི་ཁོང་གི་གློག་བརྙན་སྔོན་མ་དག་ལས་བརྒལ་ཏེ།གོ་སླ་ལ་གཏིང་ཟབ་བའི་སྒོ་ནས་མི་དང་གཅན་གཟན།རང་བྱུང་ཁམས་ནི་ཕན་ཚུན་རྟེན་འབྱུང་གི་ཚུལ་དུ་གནས་པ་བསྟན་གཞིར་བྱས།སྣོད་བཅུད་ཀྱི་འབྲེལ་བ་དེ་ཉིད་རང་གི་གློག་བརྙན་གྱི་ཁྱད་ཆོས་སུ་བསྡུས་ཏེ།དོན་ལ་མི་དང་གཅན་གཟན་བར་ལ་གནོད་པའི་འབྲེལ་བ་ཡོད་དམ།ཡང་ན་ཕན་པའི་འབྲེལ་བ་ཡོད་པར་དོགས་སློང་བྱས་ཡོད།དེ་མིན་སྤྱི་ཚོགས་དང་དཔལ་འབྱོར།དད་མོས་སོགས་རང་བྱུང་ཁམས་དང་མི་ཆོས་ཀྱི་སྐྱེ་ཁམས་མ་ལག་ཁྲོད་འཕྲད་པའི་དཀའ་ཉོག་དང་འགྲན་སློང་བཅས་གཏིང་ཟབ་པའི་སྒོ་ནས་བརྗོད་པ་དེས་གློག་བརྙན་འདིར་ཚད་མཐོ་བའི་བསམ་བློ་དང་སྒྱུ་རྩལ་གྱི་རིན་ཐང་བསྐྲུན་འདུག...

    2023-09-07 11:18:52 མཚོ་སྔོན་པོ་དྲ་བ། 19935
  • ཟླ9བའི་ཚེས3ཉིན་གྱི་དགོང་མོར།མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པས་བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེན་མོ«ཡིད་འཕྲོག་ལྷ་མོ»ཞེས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཚོམས་ཆེན་ཁང་དུ་འཁྲབ་སྟོན་བྱས།ཟློས་གར་འདི་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་གར་སྟེགས་སྒྱུ་རྩལ་སྤུས་ལེགས་གསར་རྩོམ་ལས་གཞིའི་སྲོལ་རྒྱུན་གྱི་བསྐྱར་སྒྲིག་འཁྲབ་ཚན་ཡིན་ལ།རིག་གནས་དང་ཡུལ་སྐོར་ཅུའུ་ཡི་ཆེད་མཁས་པའི་མཛུབ་སྟོན་དང་དཔྱད་ཞིབ་དང་ལེན་བྱས།...

    2023-09-05 09:28:00 མཚོ་སྔོན་པོ་དྲ་བ། 19632
  • ཉེ་ཆར་གློག་བརྙན«ཁྱི་རྒན་བཀྲ་ཤིས»ཞེས་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་ཕབ་མགོ་བརྩམས།གློག་བརྙན་འདི་ནི་ན་གཞོན་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་འཁྲབ་ཁྲིད་པའི་འགན་ཁུར་ཞིང་།སྒྲུང་གཏམ་པ་ཁྲི་སེམས་དཔའི་སྒྲུང་ཐུང«བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ»དང«རིག་ལྡན་གྱི་ནུ་བོའི་མིང་ལ་ལོ་ལོ་ཟེར»གཉིས་བཅོས་སྒྲིག་བྱས་ནས་གྲུབ་པ་ཡིན།...

    2023-09-04 08:43:26 མཚོ་སྔོན་པོ་དྲ་བ། 19312

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།