ངོས་དང་པོ > གསོ་རིག > སྨན་སྦྱོར་ཤེས་བྱ། > མཚོ་སྔོན་ཞིང་ཆེན་གྱི་གླ་རྩི་ཐོང་གིས་ཕྲ་ཕུང་སྐྱེ་འཕེལ་ལ་བརྟེན་ནས་ཕོ་བའི་སྐྲན་ནད་ཚོད་འཛིན་ཐུབ་པའི་བྱེད་ནུས་ཞིབ་འཇུག་ལ་འཕེལ་རྒྱས་གསར་པ་བྱུང་།
མཚོ་སྔོན་ཞིང་ཆེན་གྱི་གླ་རྩི་ཐོང་གིས་ཕྲ་ཕུང་སྐྱེ་འཕེལ་ལ་བརྟེན་ནས་ཕོ་བའི་སྐྲན་ནད་ཚོད་འཛིན་ཐུབ་པའི་བྱེད་ནུས་ཞིབ་འཇུག་ལ་འཕེལ་རྒྱས་གསར་པ་བྱུང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
དུས་ཚོད།:2025-01-13 10:31:54
ཀློག་གྲངས།:
ཉེ་ཆར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་མཚོ་སྔོན་སློབ་ཆེན་གྱིས་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་གྱི་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་འཆར་གཞིའི་རྣམ་གྲངས“གླ་རྩི་ཐོངSPAG5བར་འདྲེན་དངPI3K/AKTསྙོམས་སྒྲིག་བྱེད་པའི་བརྡ་ལམ་གྱིས་ཕོ་བའི་སྐྲན་ནད་ཀྱི་ཕྲ་ཕུང་སྐྱེ་འཚར་ཚོད་འཛིན་ཐུབ་པའི་ནུས་པར་ཞིབ་འཇུག”ལ་ཞིབ་བཤེར་རྩིས་ལེན་བྱས།
གླ་རྩི་ནི་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྫས་རྩ་ཆེན་ཞིག་ཡིན་ཞིང་། མཚོ་སྔོན་ས་ཁུལ་གྱི་དམངས་ཁྲོད་ཀྱི་ཕོ་སྐྲན་བར་མ་དུས་མཇུག་གི་ནད་པར་སྨན་བཅོས་ལ་རམ་འདེགས་བྱེད་པའི་སྨན་རྐྱང་མཆོག་ཏུ་གྱུར་བ་ཞིག་ཡིན་པ་དང་། བོད་སྨན་མཉམ་འདུས་འདྲེས་རྫས་ཁྲོད་ཀྱི་ཕོ་བའི་ནད་སྣ་ཚོགས(ཕོ་བའི་སྐྲན་ནད་འདུ)སྨན་བཅོས་བྱེད་པའི་སྨན་རྫས་རྐྱང་རྐྱང་ཞིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་ལ་ཞིབ་འཇུག་བྱས་པ་ལས་རྒྱུས་ལོན་བྱུང་བ་ལྟར་ན། གླ་རྩི་ཐོང་གིས་སྐྲན་ནད་སྨན་བཅོས་བྱས་ན་སྐྲན་ནད་ཇེ་ཆུང་དུ་གཏོང་ཐུབ་པ་མ་ཟད། ལུས་ཕུང་གི་རིམས་འགོག་ནུས་པ་ཇེ་མཐོར་དང་། ཚེ་ཐག་ཇེ་རིང་དུ་གཏོང་ཐུབ།
རྣམ་གྲངས་དེས་ཕྲ་ཕུང་གི་ཆུ་ཚད་དང་བྱི་བ་གཅེར་བུར་འབྲས་སྐྲན་གྲུབ་ཚུལ་ཉམས་ཞིབ་ཁྲོད་གླ་རྩི་ཐོང་གི་ཕན་ནུས་ཞིབ་འཇུག་བྱས་པ་ན། གླ་རྩི་ཐོང་གིས་ཕོ་བའི་སྐྲན་ནད་ཀྱི་ཕྲ་ཕུང་གི་སྐྱེ་འཚར་ལ་ཚོད་འཛིན་གྱི་ནུས་པ་ངེས་ཅན་ཞིག་ཡོད་པ་རྒྱུས་ལོན་བྱུང་། དེས་གླ་རྩི་ཐོང་བརྒྱུད་དེ་སྦུ་གུ་ཕྲ་མོ་དང་འབྲེལ་བའི་སྤྲི་དཀར་ཕྲ་ཕུང་ཁམས་དཀར་གྱི་གདོད་འགོག་ནུས་པས་འབྲས་སྐྲན་བྱུང་འཕེལ་ཚོད་འཛིན་ཐུབ་པ་ཐོག་མར་ར་སྤྲོད་བྱས། དེ་དང་ཆབས་ཅིག་རྣམ་གྲངས་དེས་འབྲས་སྐྲན་གྱི་རྒྱུད་རྒྱུ་གསར་པSPAG5དང་དེའི་སྨད་རྒྱུད་རྒྱུད་རྒྱུ་ཡིས་ཕོ་བའི་སྐྲན་ནད་འབྱུང་འཕེལ་ཁྲོད་ཀྱི་ནུས་པ་དང་ཆ་རྡུལ་ནང་རྐྱེན་ལ་དཔྱད་བསྡུར་གཏིང་ཟབ་བྱས་ཏེ། SPAG5དེ་ཕོ་བའི་སྐྲན་ནད་སྨན་བཅོས་ཀྱི་འབེན་དུ་འགྱུར་བར་གཞུང་ལུགས་ཀྱི་རྨང་གཞི་དང་། གླ་རྩི་སྤྱད་ནས་ཕོ་བའི་སྐྲན་ནད་སྨན་བཅོས་ལ་གཞུང་ལུགས་དང་ཉམས་ཞིབ་ཀྱི་གཞི་འཛིན་ས་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།