《མི་ན་བར་གནས་པར་བྱ་བའི་བསྟན་བཅོས་ནད་མེད་ཚེ་བསྲིང་རིག་པ་མན་ངག་ཀུན་གྱི་སྙིང་པོ》བཀྲམ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-11 08:36:00 ཀློག་གྲངས།:

《ནད་མེད་ཚེ་བསྲིང་རིག་པ་མན་ངག་ཀུན་གྱི་སྙིང་པོ》འགྲེམ་སྤེལ།
མི་ན་བར་གནས་པར་བྱ་བའི་བསྟན་བཅོས་ནད་མེད་ཚེ་བསྲིང་རིག་པ་མན་ངག་ཀུན་གྱི་སྙིང་པོ》།

     ཉེ་ལམ། 《མི་ན་བར་གནས་པར་བྱ་བའི་བསྟན་བཅོས་ནད་མེད་ཚེ་བསྲིང་རིག་པ་མན་ངག་ཀུན་གྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ》ཞེས་པའི་སྟོད་ཆ་དང་བར་ཆ། སྨད་ཆ་འདུས་པའི་དཔེ་ཆ་འདི་ནི་མཚོ་སྔོན་ཨ་རུ་ར་བོད་སྨན་སྡེ་ཚོགས་ཀྱི་ཚོགས་གཙོ་འོ་ཚོགས་ཆེན་སོགས་ཀྱི་ཇུས་འགོད་དང་རྒྱབ་སྐྱོར་འོག  མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་འབུམ་རམས་པ་དཀོན་མཆོག་རྒྱལ་མཚན་གྱིས་གཙོ་བསྒྲིགས་བྱས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས། ན་གཞོན་དགེ་རྒན་དང་སྨན་པ། ཞིབ་འཇུག་སློབ་མ་སོགས་མི་དགུས་ལོ་ངོ་ལྔའི་རིང་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཡིན།
     ནད་མེད་ཚེ་བསྲིང་རིག་པ་ནི་བོད་ཀྱི་གསོ་བ་རིག་པའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་ཏེ། མིའི་རིགས་ཀྱི་ལུས་ཁམས་བདེ་ཐང་དང་། ཚེ་བསྲིང་། ནད་རིགས་སྔོན་འགོག་སོགས་ཀྱི་ཐད་གཞུང་ལུགས་དང་མ་ལག་རང་བཞིན་ངེས་ཅན་ལྡན་ཞིང་། ཚེ་སྲོག་གི་རིན་ཐང་མངོན་པར་དགེ་མཚན་ལྡན་པའི་རིག་པ་གལ་ཆེན་ཞིག་ཡིན།
     ཐེངས་འདིའི་སྒྲིག་རྩོམ་ལ་གཞུང་ལུགས་རང་བཞིན་དང་། ཚད་ལྡན་རང་བཞིན། ཚན་རིག་རང་བཞིན། ཁྲིད་སྟོན་རང་བཞིན་བཅས་ལྡན་པས་འདི་ནི་མིག་སྔར་བོད་ཀྱི་གསོ་རིག་སྟེང་དུས་རབས་རང་བཞིན་གྱི་བརྩམས་ཆོས་གལ་ཆེན་ཞིག་ཏུ་ངེས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།