རྨེ་རུ་སོན་གསར་གྱི་དེབ་གསར《གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས》འགྲེམ་སྤེལ་བྱས།
རྨེ་རུ་སོན་གསར་གྱི་དེབ་གསར《གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས》འགྲེམ་སྤེལ་བྱས།
སྤྱི་ཟླ11པའི་ཚེས3ཉིན། རྨེ་རུ་སོན་གསར་གྱི་སློབ་གསོའི་ཆེད་དེབ་གསར་བ《གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས》འགྲེམ་སྤེལ་མཛད་སྒོ་དེ་མང་རྫོང་གསེར་གྱི་སྙེ་མ་གསོལ་མགྲོན་ཁང་ཆེན་མོ་རུ་བསྡུས་ཤིང་། དེར་དེང་རབས་བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་སྟག་འབུམ་རྒྱལ་སོགས་ཁྱོན་མི16ཞུགས།
《གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས》ཞེས་པའི་དེབ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་སློབ་གསོ་ལྟ་སྐུལ་ཁང་གི་དགེ་མིང་བ་རྨེ་རུ་སོན་གསར་རམ་ནོར་བུ་འབུམ་གྱིས་མི་ལོ་ཉེར་བཞིའི་རིང་བསམ་གཞིག་དང་ལག་ལེན། དཔྱད་སྟོབས་བཅས་ལ་བརྟེན་ནས་གཞི་རིམ་སློབ་གསོའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་དཔེ་དེབ་ཅིག་ཡིན། འདི་ནི་ལེའུ་ལྔ་ཡི་བདག་ཉིད་ཅན་ཞིག་སྟེ། ལེའུ་དང་པོ་ནི་ལེགས་བཅོས་བློ་འབྱེད་དང་། ལེའུ་གཉིས་པ་ཁྱིམ་ཚང་གི་སློབ་གསོ། ལེའུ་གསུམ་པ་སློབ་གྲྭའི་སློབ་གསོ། ལེའུ་བཞི་བ་དགོན་སྡེའི་སློབ་གསོ་དང་སློབ་གྲྭའི་སློབ་གསོ། ལེའུ་ལྔ་བ་ལྟ་ཞིབ་ཟིན་ཐོ་བཅས་ཡིན་འདུག
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ་ནོར་བུ་འབུམ་མམ་སོན་གསར་ནི། 1971ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གི་ཐུད་རོལ་སྡེ་བར་སྐྱེས། 1991ལོར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཏེ་ད་ལྷའི་བར་མི་ལོ20ལྷག་འདས། དེའི་རིང་དུ་རང་སྦྱོང་ལ་བརྟེན་ནས་སློབ་ཆེན་རིམ་པའི་ལག་རྟགས་བླངས་མྱོང་ལ། སྤྱིར་བཏང་གི་དགེ་རྒན་དཀྱུས་མ་ཞིག་ནས་བོད་སྐད་ཡིག་གི་ཁྲིད་དཔྱོད་པ་དང་སློབ་སྟོན་པ། སློབ་གཙོ་གཞོན་པ་ནས་སློབ་གཙོ་སོགས་ཀྱི་འགན་བཞེས། ད་ལྟ་མང་རྫོང་གི་སློབ་གསོའི་ལྟ་སྐུལ་ཁང་ན་བྱ་བ་ལས་བཞིན་མཆིས། ཁོས་རང་འགན་མི་འདོར་བའི་ཞོར་དུ་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་དང་དཔྱད་རྩོམ་སོགས་བྲིས་ནས《སྦྲང་ཆར》དང《མཚོ་སྔོན་བོད་ཡིག་གསར་འགྱུར》《སྤང་ལྗོངས》《བོད་ཀྱི་སློབ་གསོ》སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་བཀྲམ་མྱོང་། 《གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས》ཞེས་པའི་དཔེ་དེབ་འདི་ནི་ཁོས་དགེ་རྒན་བྱེད་རིང་དངོས་སུ་ལག་ལེན་དང་ཚོད་ལྟ་བྱས་པའི་གྲུབ་འབྲས་ཡིན་པར་མ་ཟད། གཞི་རིམ་རོང་འབྲོག་ས་ཁུལ་དུ་ཡོད་པའི་བྱིས་པའི་ཁྱིམ་བདག་དང་སློབ་གྲྭའི་དགེ་རྒན་རྣམས་ལ་ཕུལ་བའི་ཉམས་མྱོང་གི་ལེགས་སྐྱེས་ཐོག་མ་ཡིན་ནོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com