《མང་ཆུ》ཞེས་པའི་དཔེ་དེབ་པར་བསྐྲུན་འགྲེམ་སྤེལ་གནང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-09-23 11:02:00 ཀློག་གྲངས།:

《མང་ཆུ》ཞེས་པའི་དཔེ་དེབ་པར་བསྐྲུན་འགྲེམ་སྤེལ་གནང་བ།

     ཉེ་སྔོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་བསྒྲིགས་པའི《མང་ཆུ》ཞེས་པའི་དཔེ་དེབ་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་།
     དཔེ་དེབ་འདིའི་ནང་། སྒྲུང་གཏམ་ལ། མིང་དུ་གྲགས་པའི་རྩོམ་པ་པོ་སྟག་འབུམ་རྒྱལ་གྱི《ཁྱི་རྒན་བཟི་སོང》དང《སྒྲུང་རིང<ལྷིང་འཇགས་ཀྱི་རྩྭ་ཐང>གླེང་བ》། འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི《དགུན་ཉི་ལྡོག》དང་འབྲོག་ཕྲུག་སོགས་ཀྱི《སྟག་འབུམ་རྒྱལ་དང་ཁོའི་རྩོམ་རིག་གི་མི་ཚེ》། སྙན་ངག་ལ། ཀླུ་ཚང་སྨོན་ལམ་གྱི《ཡུལ་ཤུལ་མི་དམངས་དང་ངའི་མིག་ཆུ་རྡོག་གཅིག》དང་། ཀྱེ་ཕུར་མཆོག་གསུམ་གྱི《ཕྱིར་དྲན་གཏམ་དུ་བསྔོས་པའི་མ་ཎི་ཡིག་དྲུག》། བདའ་ཚང་སྙེམས་གྲོལ་གྱི《ནོར་འཁྲུལ་གྱི་དུས་ཚོད》སོགས། ལྷུག་རྩོམ་ལ། སྨྲེང་བུའི《ང་དང་སྐོར་བྲོའི་ལས་འབྲེལ》དང་། བྱ་གཞུང་དབྱངས་བྷའི《མི》། ཀླུ་ཚང་སྨྱུག་གསར་གྱི《ད་ལྟའི་བདག་གི་སྙན་ངག》། བྱ་གཞུང་སྙིང་མོ་སྐྱིད་ཀྱི《ངའི་སེམས་ལ་ན་ཟུག་ཅིག་ལྷུང་སོང》། དཔྱད་རྩོམ་ལ། རྩོམ་པ་པོ་རྒྱ་གྲོལ་གྱི《བོད་ཀྱི་བྱིས་གཉོར་ཁང་གི་སློབ་གསོ་བྱེད་སྟངས་མདོར་ཙམ་གླེང་བ》དང་། ལྡོང་ཕྲུག་གི《དགེ་འདུན་ཆོས་འཕེལ་གྱི་ལྷུག་མའི་སྙན་ངག་དང་འབྲེལ་ཏེ་དཔེ་རྒྱན་གྱི་རིན་ཐང་ལ་བསྐྱར་དུ་ལྟ་བ》། གངས་འཚོའི《ཁྲི་རལ་བ་ཅན་སྐུ་བཀྲོངས་པའི་ཚུལ་ལ་དཔྱད་པ》། ཀླུ་མཚོ་སྐྱིད་ཀྱི《མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ཁྲོམ་རའི་བཀོལ་ཡིག་དར་ཐེར་བྱ་བའི་ཁྲོད་ཀྱི་བསམ་ཚུལ་རོབ་ཙམ་གླེང་བ》། ཟླ་ཚང་དཔལ་མཁར་རྒྱལ་གྱི《གློག་བརྙན་རིག་པའི་རང་མཚན་གླེང་བའི་བློ་འབྱེད་ཟིན་ཐོ》།  བསྒྱུར་རྩོམ་ལ། འཆིང་གྲོལ་གྱི《འཕང་འགྲོའི་གླུ》དང་། རྡོ་རྗེ་རབ་བརྟན་གྱི《སྐྱས་སྤོར་བའི་ཚོ་བ་ཞིག》 གནམ་ཕྱུག་རྒྱལ་གྱི《འཛམ་གླིང་གྲགས་རྩོམ་རབ་ཡིན་ན་མ་རྩོམ་ལས་སྒྱུར་ཅིག》སོགས་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།