རྨེ་གྲྭ་ཚེ་རིང་བསམ་འགྲུབ་ཀྱིས་བརྩམས་པའི《འཚོ་བའི་ལག་རྟེན》ཞེས་པའི་དེབ་གསར་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-13 11:23:00 ཀློག་གྲངས།:

རྨེ་གྲྭ་ཚེ་རིང་བསམ་འགྲུབ་ཀྱིས་བརྩམས་པའི《འཚོ་བའི་ལག་རྟེན》ཞེས་པའི་དེབ་གསར་འགྲེམ་སྤེལ་བྱས།
རྨེ་གྲྭ་ཚེ་རིང་བསམ་འགྲུབ་ཀྱིས་བརྩམས་པའི《འཚོ་བའི་ལག་རྟེན》ཞེས་པའི་དེབ་གསར་འགྲེམ་སྤེལ་བྱས།

     ཉེ་ལམ། བོད་ཕྱི་ནང་ཀུན་ན་གྲགས་པ་འབར་བཞིན་པའི་རྩོམ་པ་པོ་གྲགས་ཅན་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་བརྩམས་གནང་མཛད་པའི《འཚོ་བའི་ལག་རྟེན》ཞེས་པའི་དེབ་གསར་འགྲེམ་སྤེལ་བྱས་ཏེ་དངོས་གནས་སྤྱི་ཚོགས་ལ་ཧ་ཅང་མཁོ་གལ་ཆེ་བའི་འཚོ་བའི་ལག་རྟེན་དངོས་ཤིག་ཏུ་འགྱུར་བཞིན་ཡོད།  
     《འཚོ་བའི་ལག་རྟེན》མི་ཡུལ་དུ་འཁྲུངས་ནས་ཟླ་ངོ་གཉིས་ལྷག་ཙམ་གྱི་རིང་ལ་པར་ཐེངས་གསུམ་བསྟུད་མར་དཔར་དགོས་བྱུང་བར་མ་ཟད་མིག་སྔར་པར་ཐེངས་བཞི་པར་དགོངས་འཆར་སྤེལ་བཞིན་ཡོད། ཡིན་ནའང་ད་དུང་མདོ་དབུས་ཁམས་གསུམ་གྱི་དཔེ་འཚོང་ཁང་བརྒྱ་ཆའི90ལྷག་ལ་དགྲམ་རྒྱུ་ཐེམས་མེད་པ་ཡིན། 
     རྒྱུས་ལོན་བྱས་པ་ལྟར་ན། ཉེ་ཆར་བོད་ནང་དུ་བཀྲམ་པའི་དཔེ་དེབ་དག་ལས་དུས་ཡུན་ཐུང་ངུའི་ནང་དུ་ཆེས་འཁོར་རྒྱུག་ཆེ་བའི་དཔེ་དེབ་གཅིག་པུར་གྱུར་ཡོད་པ་དང་།  
འདི་ནི་ཁོ་རང་ཉིད་ཀྱི་དགེ་མཚན་དང་རྩོམ་རྩལ་ལེགས་པས་མ་ཡིན་པར།  ནང་དོན་དེ་སེར་སྐྱ་མང་ཚོགས་ཀྱི་འཚོ་བ་དང་ནམ་དུའང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་བོད་རིགས་ཀློག་པ་པོ་ཁྲི་མ་འབུམ་གྱིས་འདི་ལ་རྒྱུན་པར་གདེང་འཇོག་དང་རྒྱབ་སྐྱོར་བླ་མེད་ཐོབ་པའི་དགེ་མཚན་ཁོ་ན་ལས་བྱུང་བ་ཡིན་པར་བཤད། འཚོ་བའི་ལག་རྟེན་འདི་སྤྱི་ཚོགས་ཧྲིལ་བོའི་འཚོ་བ་ལ་སྔ་ན་མེད་པའི་ཤེས་རྟོགས་དང་འགྱུར་བ་གཏོང་ཐུབ་པའི་སྨོན་འདུན་ཞུས།
འཚོ་བའི་ལག་རྟེན་གྱི་དཀར་ཆག
དང་པོ།   བདེ་སྐྱིད་ཀྱི་སྐོར།
1   རྒྱུན་ཤེས་ནི་མིའི་ཚེ་སྲོག་གི་གྲུབ་ཆ་གལ་ཆེན་ཞིག 1
2   ངོས་འཛིན་དང་བདེ་སྐྱིད། 2
3   དམིགས་ཡུལ་དང་བདེ་སྐྱིད།  6
4   ཐབས་ལམ་དང་བདེ་སྐྱིད།  7
5  བདེ་སྐྱིད་དང་སྐྲུན་བྱེད།  9
གཉིས་པ།  ཆོས་ཕྱོགས་ཀྱི་སྐོར།
6   གང་ལ་སྐྱབས་སུ་འགྲོ་དགོས། 12
7   དགེ་བ་དང་མི་དགེ་བ་གཉིས། 14
8   ཕྱག་འཚལ་བའི་དགོས་པ། 18
9   ནང་བ་སངས་རྒྱས་པ་ཟེར་བ།  20
10   གང་འདྲ་ཞིག་ལ་དམ་པའི་ཆོས་ཟེར། 22
11   འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞི།  25
12   ཧིན་དྷུའི་ཆོས་ལུགས། 25
13   དབྱི་སི་ལན་གྱི་ཆོས་ལུགས། 26
14   ཡེ་ཤུའི་ཆོས་ལུགས། 28
15   སངས་རྒྱས་ཆོས་ལུགས།  30
16   ཆོས་ལུགས་ཆེ་ཁག་བཞིའི་མཚོན་རྟགས། 32
17   ཧིན་དྷུ་ཆོས་ལུགས་ཀྱི་མཚོན་རྟགས། 32
18   སངས་རྒྱས་ཆོས་ལུགས་ཀྱི་མཚོན་རྟགས། 33
19   ཡེ་ཤུའི་ཆོས་ལུགས་ཀྱི་མཚོན་རྟགས། 34
20   དབྱི་སི་ལན་ཆོས་ལུགས་ཀྱི་མཚོན་རྟགས། 35
གསུམ་པ།  མི་སྣའི་སྐོར།
21   ཨ་རི་དང་རང་དབང་ལྷ་མོ། 36
22   མི་སྣ་གྲགས་ཅན་ཁུང་ཙི། 39
23   གླུ་གཞས་པ་གྲགས་ཅན་ཅཱེ་ཁུ་ཤེན། 42
24   འཛམ་གླིང་སྟེང་ཚེ་ཐག་ཆེས་རིང་བའི་མི། 45
25   གསར་བཏོད་པ་སྐུ་ཞབས་ཆོ་པོས་སུ། 47
26   འཛམ་གླིང་གཏམ་བཤད་པ་གྲགས་ཅན་ནིས་ཁུ། 50
27   བོད་ཀྱི་ལུས་རྩལ་བ་གྲགས་ཅན། 54
28   ཆོས་དབྱིངས་སྐྱིད།  54
29   མཚོ་མོ་སྐྱིད།  56
བཞི་བ།  གྲོང་ཁྱེར་གྱི་སྐོར།
30   མགྲོན་ཁང་དང་སྒོར་མོའི་གནས་ཚུལ། 57
31   སྤྱི་ཚོགས་སྟེང་གླེན་པ་འདི་འདྲ་འདུག  62
32   གཙང་སྤྱོད་ཁང་ལ་འགྲོ་ན་འདི་ལྟར་སོང་།  65
33   གྲོང་ཁྱེར་ནས་གླ་གཏོང་རླངས་འཁོར།  67
ལྔ་བ།  ཀུན་སྤྱོད་ཀྱི་སྐོར།
34   ཤེས་རབ་དང་རྨོངས་དད་གཉིས།  72
35   དད་པ་དང་འདོད་ཆགས་གཉིས།  75
36   རྩོམ་ཡིག་དང་པིར་མིང་རྐུན་ལ་ཤོར་བ།  77
37   མི་ཞིག་གིས་ཁྱོད་ལ་ངན་སྨྲས་བྱས་ན།  81
38   དེ་རིང་འདི་ནས་ཟ་མ་འཕྲོ་བརླག་བཏང་ན།  83
39   བྱིས་པས་གང་འདོད་བསྒྲུབས་ན་འདི་འདྲ་རེད།  86
40  གཞན་རྩོམ་བཤུ་འབྲི་བྱེད་སྐབས།  88
41  རྒྱལ་ཁབ་བརྒྱས་ཀུན་སྤྱོད་འགྲན་བསྡུར།   92
དྲུག་པ།  ཁྲིམས་ལུགས་ཀྱི་སྐོར།
42   དཔའ་རྒོད་དང་མཛེས་མའི་ལམ་ག   95
43   ཁྲིམས་མཐུན་གྱི་འགེབ་སྲུང་།   98
44  རྙིང་ཧྲུལ་དུ་གྱུར་པའི་སྒོར་མོ་ཇི་ལྟར་བྱ་དགོས།  100
45   བྱིས་པས་གཞན་གྱི་རྒྱུ་རྫས་བརླགས་ན། 102
46   བུད་མེད་དང་བྱིས་པ་འཚོང་མཁན་འདུག 103
47   གཞན་ལ་བསམ་བཞིན་དུ་གནོད་པ་བཟོ་མཁན། 104
48   ཁྲིམས་འགལ་གྱི་པར་སྐྲུན་བཟོས་ཚེ། 106
49   དམངས་སྒོར་རྫུན་མའི་ཚོང་ལས།  108
50   མི་སུས་ཁྲིམས་ལུགས་འཁུར་དགོས།  110
51   མི་སུས་ཁྲིམས་ལུགས་འཁུར་མི་དགོས།  111
བདུན་པ།  འཕྲོད་བསྟེན་གྱི་སྐོར།
52   མི་རྒས་སྔ་ཕྱི་ནི་འཚོ་བ་རོལ་སྟངས་ལ་རག་ལས།  113
53   དུས་ཚོད་ཉེར་བཞིའི་མིའི་ལུས་ཁམས།  117
54   ཁྱེད་ཀྱི་ལུས་སེམས་བདེ་ཐང་ཡིན་མིན་ལྟོས།120
55   ནམ་རྒྱུན་རང་གི་འཚོ་བའི་རྒྱུན་ཤེས་བཅུ།  125
56   རྒྱུན་པར་གཟབ་དགོས་པའི་སྤྱོད་ལམ་འགའ། 126
57   གོས་རྙིང་བ་ལས་ནད་འགོས་པར་རྟོགས།  131
58   སྨན་འཐུང་སྐབས་འདི་ལྟར་བྱོས།  134
59   བུད་མེད་ཚོས་དང་ཐོག་འདི་ལ་གཅིག་ལྟོས།  135
60   མིག་ཇི་ལྟར་སྲུང་སྐྱོབ་བྱ་དགོས།  141
61   གཙང་སྦྲ་མེད་ན་བདེ་ཐང་མེད།  142
62   རང་ལུས་བདེ་ཐང་འདོད་ན་ལམ་འདིར་ཞུགས། 145
63   ང་ཚོས་ཟས་བཟའ་བ་ལས་དུག་མི་བཟའ། 148
64   ཆུ་ཁོལ་འཐུངས་ན་ཕན་ནུས་འདི་དག་ལྡན། 151
65   སྐྲ་ལོ་རྒྱ་ལྕང་ལོ་མ་སྲུང་སྐྱོབ་བྱ་ཚུལ།  154
66  ཐ་མག་གིས་མི་གསོད་ལུགས།  157
67  ཤོག་དངུལ་ལས་བདེ་ཐང་གཙོ། 160
བརྒྱད་པ།  འཚོ་བའི་སྐོར།
68   ང་ཚོ་བོད་པའི་ལོ་ནམ་སར་གྱིན་ཡོད།  162
69   ན་གཞོན་ཚོ་གཉེན་སྒྲིག་སྔ་མི་རུང་།  165
70   སྐྱེས་པ་འདི་ལ་བུད་མེད་མང་པོ་འདུག 168
71   བྱིས་པ་ཞིག་ལ་རྐང་བ་བཞི་ཡོད། 170
72   འགན་འཁྲིའི་འདུ་ཤེས་མེད་པའི་བྱིས་པ།  173
73   ཟ་དགའ་ལས་སྡུག་གི་བྱིས་པ།  175
74   གང་དྲན་དྲན་སྒྲུབ་པའི་བྱིས་པ། 177
75  བྱིས་པ་སྐྱོང་ཚུལ་འདི་ཡང་ཤེས་དགོས། 179
76   སྐྱེས་པ་ཞིག་ལ་བུ་ཞིག་སྐྱེས་ནས་འདུག   182
77  ཕ་མས་རང་གི་བུ་ཕྲུག་བསད་འདུག   184
78  ཕོ་མོའི་ལྷན་སྐྱེས་ཀྱི་གཤིས་ཀ    191
དགུ་བ།  སྤྱི་ཚོགས་ཀྱི་སྐོར།
79   མིའི་རིགས་སྡུག་ལ་སྦྱར་བའི་ཉིན།  196
80  མཛེས་མའི་ལུས་སྟེང་གི་གསོལ་སྟོན།  199
བཅུ་བ།  དོ་སྣང་བྱ་ཡུལ་སྐོར།
81   སྐད་ཡིག་འཇིག་པའི་ཉེན་ཁ་ཡོད་འདུག  202
82   བརྙན་འཕྲིན་ལ་ལྟ་འདོད་ན།  206
83  འཁྱག་སྒམ་ནང་ཆུ་གཏོར་ནས་བཀྲུ་མི་རུང་།  207
84   གཞོན་སྐྱེས་ཚོ་ཆེས་དགའ་ཤོས་ཀྱི་ཟས། 209
85  དུས་རབས་གསར་བའི་མིའི་གཤེད་མ་གསུམ།  211
86  འདིས་མི་ཚེ་གསོན་པོར་བསྒྱུར་ཐུབ།  214
87  འཛམ་གླིང་གི་མི་མང་ཆེས་དགའ་སའི་མི་གསུམ།  216
88  འདི་རང་ལ་མཁོ་བས་དེ་རིང་ནས་ཤེས་དགོས།  217
89  ལག་འཛིན་ཁ་པར་ཡོད་ན་འདི་ལྟར་མ་བཀོལ།  219
90 ཁ་པར་གྱི་བཞུར་རྒྱུན་ཇི་ལྟར་ཟད་འགྲོ་བ་རེད།  224
91  ཇི་ལྟར་བྱས་ན་མི་འཇོན་ཐང་ཅན་ཞིག་གྲུབ།  228
92  འཛམ་གླིང་རྒྱལ་ཁབ་ཀྱི་ལྟད་མོ།  230
93  ས་འགུལ་ལ་གཡོལ་ཐབས།   233
94  ས་སྒང་གི་ཁུར་བོ་ཇེ་ལྕི་རེད།  237
95   འཛམ་གླིང་སྟེང་གི་རྒྱལ་ཁབ་དང་ས་ཁུལ།  237
96  འཛམ་གླིང་སྟེང་ཆེས་ཕྱུག་པའི་རྒྱལ་ཁབ།  238
97   འཛམ་གླིང་སྟེང་ཆེས་དབུལ་བའི་རྒྱལ་ཁབ། 239
98  ཡཱ་ཧུ་ད་པའི་མི་རིགས་ཀྱི་ལམ།  240
99   སྒོར་མོའི་ནུས་པ་དང་མི་ནུས་པ།   245
100  རིག་གནས་པ་ཟེར་ན།   246
བཅུ་གཅིག་པ།  ཁོར་ཡུག་གི་སྐོར།
101   འདི་དག་གིས་རང་གི་ཚེ་སྲོག་ལ་རྒོལ། 248
102   འཐུང་ཆུ་ཟད་རྒྱུ་རེད།  250
103   རང་གི་ཁོར་ཡུག་ཕྱི་ནང་ལ་ལྟ་བ།  262
བཅུ་གཉིས་པ།  ཉེར་སྤྱོད་ཀྱི་སྐོར།
104   སྤྱོད་བདེའི་རླངས་འཁོར་ལྔ། 259
105   རྒྱུགས་ཆེ་བའི་རླངས་འཁོར་བཅོ་ལྔ།  261
106   རྟགས་འདི་དག་སྐུར་རྐྱང་མ་རེད།   276
107   སྤྲོ་ཉམས་མཚོན་རྟགས་ཀྱི་སྐོར།   277
108   སྐྱོ་ཉམས་མཚོན་རྟགས་ཀྱི་སྐོར།   278
109   ཡིད་འགྱུར་མཚོན་རྟགས་ཀྱི་སྐོར།   279
110   འཇིགས་སྣང་མཚོན་རྟགས་ཀྱི་སྐོར།   281
111   བརྩེ་བ་མཚོན་རྟགས་ཀྱི་སྐོར།   283
112   བརྡ་སྟོན་མཚོན་རྟགས་ཀྱི་སྐོར། 285
113   ཚྭ་ལ་དགེ་མཚན་མང་པོ་ལྡན།  286
114   འདི་དག་ཀྱང་ཤེས་དགོས།  289
115  འཛམ་གླིང་སྟེང་གི་ཆེས་མཐོ་བའི་མཆོད་རྟེན་གསུམ།  289
116   འཛམ་གླིང་སྟེང་གི་ཐོག་ཁང་མཐོན་པོ་གསུམ།  290
117  མི་རྣམས་ཆེས་དགའ་སའི་ཁ་པར་བཅུ།   293
118  དངུལ་བྱང་བཟོ་ལུགས།  300
བཅུ་གསུམ་པ།  རིན་ཐང་གི་སྐོར།
119   བསམ་བློ་གཏོང་རིན་ཡོད་པ།  305
120   སྐད་ཆ་བཤད་ན་གཏམ་དཔེ་དགོས།   306
121   སྤྲོ་ཚོགས་འཛོམས་སར་ཁེད་འཇོག་དགོས།  308
122  དེང་རབས་ཀྱི་གཏམ་དཔེ།   316
བཅུ་བཞི་བ།  འགྲིམ་འགྲུལ་གྱི་སྐོར།
123   ལམ་འགྲོ་བ་དང་མེ་འཁོར།   318
བཅོ་ལྔ་པ།  དུས་ཆེན་གྱི་སྐོར།
124   འཛམ་གླིང་དགེ་རྒན་དུས་ཆེན།    324
125   འཛམ་གླིང་གི་དཔེ་ཀློག་ཉིན་མོ།   325
126   ཡུལ་ཤུལ་ས་འགུལ་དུས་ཚིགས།    327
127   འཛམ་གླིང་འབྲུ་རིགས་ཉིན་མོ།   328
128   འཛམ་གླིང་ཕ་སྐད་སྲུང་སྐྱོབ་ཀྱི་ཉིན་མོ།  329
129   ལོ་སར་དུས་ཆེན།   331
130   མཛའ་གྲོགས་དུས་ཆེན།  332
131   འཛམ་གླིང་མ་ཡུམ་དུས་ཆེན།    333
132   རྒྱལ་སྤྱིའི་བུད་མེད་དུས་ཆེན།   335
133   རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན།   336
134   རྒྱལ་སྤྱིའི་བྱིས་པའི་དུས་ཆེན།   337
135   འཛམ་གླིང་ཡབ་ཆེན་དུས་ཆེན།   338
136   འཛམ་གླིང་འཐུང་ཆུའི་དུས་ཆེན།  338
137   མཛའ་གྲོགས་དུས་ཆེན་བཅུ་གཉིས།  339
138   ཉིན་ཐོའི་མཛའ་གྲོགས་དུས་ཆེན།  340
139   སྲོལ་རྒྱུན་མཛའ་གྲོགས་དུས་ཆེན།  341
140   མཛའ་གྲོགས་དུས་ཆེན་དཀར་བོ།  341
141   མཛའ་གྲོགས་དུས་ཆེན་ནག་པོ།   342
142   རྒྱ་སེ་མེ་ཏོག་གི་མཛའ་གྲོགས་དུས་ཆེན།  342
143   འོ་སྦྱོར་མཛའ་གྲོགས་དུས་ཆེན།  343
144   དངུལ་མདོག་མཛའ་གྲོགས་དུས་ཆེན།  343
145   ལྗང་མདོག་མཛའ་གྲོགས་དུས་ཆེན།   344
146   རོལ་དབྱངས་མཛའ་གྲོགས་དུས་ཆེན།  344
147   རྒུན་ཆང་མཛའ་གྲོགས་དུས་ཆེན།  345
148   གསེར་མདོག་མཛའ་གྲོགས་དུས་ཆེན། 345
149   པང་འཁྱུད་མཛའ་གྲོགས་དུས་ཆེན།   345
བཅུ་དྲུག་པ།  མཚོན་རིས་ཀྱི་སྐོར།
150   ཚེ་རིང་རྣམ་དྲུག   347
151   མཐུན་པ་སྤུན་བཞི། 348
152   བཀྲ་ཤིས་རྟགས་བརྒྱད།  350


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།