རྩོམ་རིག་དུས་དེབ་ཆེན་མོ《ཁམས་པའི་རྩོམ་རིག》ཅེས་པའི་དེབ་བཞི་ཅན་པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-11 10:28:00 ཀློག་གྲངས།:3974

དཔེ་དེབ་པོད་བཞི་ཅན་པར་བསྐྲུན་འགྲེམ་སྤེལ།
རྩོམ་རིག་དུས་དེབ་ཆེན་མོ《ཁམས་པའི་རྩོམ་རིག》པར་བསྐྲུན་འགྲེམ་སྤེལ་བྱས་པ།

     ཉེ་ལམ། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཡུལ་ཤུལ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྩོམ་སྒྲིག་གནང་བའི་ཁམས་པའི་ས་ཁུལ་གྱི་ཁུལ་གསུམ་དང་ས་ཁུལ་གཅིག་གི་རྩོམ་རིག་དུས་དེབ་ཆེན་མོ《ཁམས་པའི་རྩོམ་རིག》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། འདིར་བསྡོམས་པས་དེབ་བཞི་ཡོད་པ་དང་། གཙོ་ཆེར་སི་ཁྲོན་གྱི་དཀར་མཛེས་ཁུལ་དང་། མཚོ་སྔོན་གྱི་ཡུལ་ཤུལ་ཁུལ། ཡུན་ནན་གྱི་བདེ་ཆེན་ཁུལ། བོད་ལྗོངས་ཀྱི་ཆབ་མདོ་ས་ཁུལ་བཅས་ཀྱི་རྩོམ་རིག་གྲུབ་འབྲས་ངོམ་པ་ཡིན་ལ། ས་ཁུལ་སོ་སོའི་པོ་ཏི་རྣམ་པའི་རྩོམ་རིག་འཕེལ་རྒྱས་ཀྱི་གནམ་ས་གསར་བ་ཞིག་ཡིན།
     དཀར་མཛེས་ཀྱི་དེབ་ལ་བརྩམས་སྒྲུང4དང་། བསྒྱུར་རྩོམ་བརྩམས་ཆོས4། ལྷུག་རྩོམ7། རྩོམ་རིག་རང་གླེང2། ཁམས་པའི་སྙན་ངག་པ12ཀྱི་བརྩམས་ཆོས་འདུས་པ་དང་། བདེ་ཆེན་གྱི་དེབ་ལ་བརྩམས་སྒྲུང8དང་། བསྒྱུར་རྩོམ་བརྩམས་ཆོས4། ལྷུག་རྩོམ9། རྩོམ་རིག་རང་གླེང2། ཁམས་པའི་སྙན་ངག་པ6གི་བརྩམས་ཆོས། ཡུལ་ཤུལ་གྱི་དེབ་ལ་བརྩམས་སྒྲུང4དང་། བསྒྱུར་རྩོམ་བརྩམས་ཆོས4། ལྷུག་རྩོམ7། རྩོམ་རིག་རང་གླེང2། ཁམས་པའི་སྙན་ངག་པ12ཀྱི་བརྩམས་ཆོས། ཆབ་མདོའི་དེབ་ལ་བརྩམས་སྒྲུང2དང་། ལྷུག་རྩོམ3། རྩོམ་རིག་རང་གླེང2། ཁམས་པའི་སྙན་ངག་པ1གི་བརྩམས་ཆོས་བཅས་འདུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།