ཁེར་འགྲོའི་དཔེ་དེབ《ལེགས་གྲུབ་ཀྱི་ལམ》པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-25 10:17:00 ཀློག་གྲངས།:


ཁེར་འགྲོའི་དཔེ་དེབ《ལེགས་གྲུབ་ཀྱི་ལམ》པར་བསྐྲུན་འགྲེམ་སྤེལ་བྱས་པ།

     90རྗེས་ཀྱི་ན་གཞོན་རྩོམ་པ་པོ་ཁེར་འགྲོའི་དཔེ་དེབ《ལེགས་གྲུབ་ཀྱི་ལམ》ཞེས་པ་ཉེ་བའི་ནང་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས། འདི་ནི་བོད་ཀྱི་དེང་རབས་བརྩམས་ཆོས་ནང་གི་ལེགས་གྲུབ་རིག་པའི་དཔེ་དེབ་ཐོག་མར་བགྲང་ཆོག་ལ། ཁོའི་མི་ཚེའི་འགྲུལ་བཞུད་ལམ་གྱི་རྐང་རྗེས་ཐོག་མར་ངོས་འཛིན་ཆོག་པས། ཐོག་མ་གཉིས་ཀྱི་བར་ནས་དུས་རབས་གསར་པའི་གཞོན་ནུའི་གསར་གཏོད་ཀྱི་སྙིང་སྟོབས་དང་མདུན་བསྐྱོད་ཀྱི་སྤོབས་པ་མཚོན་ཡོད།
     དཔེ་དེབ་འདི་ནི་དཔྱོད་ལྡན་མཁས་པའི་ཡིད་དབང་འཕྲོག་པའི་དགོངས་རྒྱན་ཞིག་མིན་ཡང་། ལང་ཚོའི་དཔལ་གྱིས་ཕྱུག་པའི་ན་གཞོན་ཚོས་མི་ཀློག་ཐབས་མེད་ཀྱི་དཔེ་དེབ་ཅིག་ཡིན་པའི་ངོས་འཛིན་ཞུ་བཞིན་ཡོད་དེ། ཁ་གསལ་གོ་བདེའི་ཚིག་སྦྱོར་ལམ་ནས་གངས་ཅན་པའི་རིན་ཐང་ལྟ་བ་རྩལ་དུ་བཏོན་ཞིང་ནུབ་ཀྱི་ལེགས་གྲུབ་རིག་པའི་དགེ་མཚན་རྒྱན་དུ་བསྟར་ནས་བྲིས་པའི་ལེགས་གྲུབ་རིག་པའི་དཔེ་དེབ་ཅིག་ཡིན་པས། ཁྱེད་ལ་སྦྲང་དཀར་རྩམ་པས་བཟོས་པའི་སྟབས་ཐུག་གི་ཞིམ་མངར་ཞིག་སྦྱིན་པའི་གདེང་ཚོད་བརྙེད་ཅིང་། མི་ཚེའི་རིན་ཐང་མངོན་དུ་འགྱུར་བའི་ལམ་གྱི་རིམ་པ་རེ་རེ་རླབས་ཆེན་མི་སྣའི་དངོས་བྱུང་གཏམ་རྒྱུད་ལ་སྦྱར་ནས་བརྗོད་པའི་ཡར་སྐུལ་གྱི་བརྩམས་ཆོས་ཤིག་ཡིན་པས། ཉིད་ལ་སྐུ་ཚེ་གང་པོར་ཉམ་མི་སྲིད་པའི་ལང་ཚོའི་གསོན་ཤུགས་དང་མདུན་སྐྱོད་ཀྱི་ང་རྒྱལ་ཞིག་ཏན་ཏན་བསྟེར་ངེས།
     དཔེ་དེབ་འདི་ལྷ་ས་དང་གཞིས་རྩེ་སོགས་ཀྱི་དཔེ་ཚོང་ཁང་ཁག་ལ་དགྲམ་རྒྱུ་མ་ཟད།  ཁ་པར་དང་འཕྲིན་ཕྲན་བརྒྱུད་ནས་སིལ་ཉོ་དང་སྡེབ་ཉོ་གནང་ཆོག་པས། ཀློག་པ་པོ་རྣམ་པས་དེར་བསྟུན་དགོངས་འཇགས་འཚལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།