《གདོད་མའི་བོད་མི་བྱུང་འཕེལ་གྱི་ལོ་རྒྱུས》དང《རྭ་ལོ་ཙཱ་བའི་རྣམ་ཐར》པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-22 09:47:00 ཀློག་གྲངས།:

     ཉེ་ལམ། བོད་རིགས་ཤེས་ཡོན་པ་པདྨ་རྡོ་རྗེས་བརྩམས་པའི་རྒྱ་ཡིག་བརྩམས་ཆོས《གདོད་མའི་བོད་མི་བྱུང་འཕེལ་གྱི་ལོ་རྒྱུས》དང་ཁོས་རྒྱ་ཡིག་ཏུ་བསྒྱུར་བའི《རྭ་ལོ་ཙཱ་བའི་རྣམ་ཐར》ཞེས་པའི་དཔེ་དེབ་གཉིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།
     《གདོད་མའི་བོད་མི་བྱུང་འཕེལ་གྱི་ལོ་རྒྱུས》ཁྲོད་ཀྱི་བོད་མི་བྱུང་འཕེལ་གྱི་གཏམ་རྒྱུད་ལ་འཇིག་རྟེན་ཁམས་ཆེན་པོ་དང་མིའི་རིགས་ཀྱི་སྤྱི་ཚོགས་བཅས་ཁག་ཆེན་པོ་གཉིས་ཡོད་ཅིང་། 《རྭ་ལོ་ཙཱ་བའི་རྣམ་ཐར》ནི་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་མཁས་དབང་རྭ་ལོ་ཙཱ་བའི་རྣམ་ཐར་བརྗོད་པ་ཡིན་ལ། རྣམ་ཐར་འདི་ནི་བོད་ཁུལ་གྱི་ཁྱབ་རྒྱ་ཤིན་ཏུ་ཆེ་ཞིང་། བོད་ཡིག་པར་གཞི་ཐོག་དང་པོར་དཔར་རྗེས་བསྐྱར་དཔར་ཐེངས་མང་བྱས་མྱོང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།