བོད་ཀྱི་ནང་དོན་རིག་པའི་དཔྱད་རྩོམ་ཆེད་དེབ《གཏན་ཚིགས》འགྲེམ་སྤེལ།
འགྲོ་མགོན་བཀའ་བརྒྱུད་པའི་གདན་ས་ཆེན་མོ་དཔལ་བཀྲ་ཤིས་ཟུར་མང་ཆོས་གྲྭ་མདོ་སྔགས་ལེགས་བཤད་ཆོས་གླིང་གིས་ལོ་རེ་བཞིན་ཚད་མ་དང་། ཕར་ཕྱིན། དབུ་མ། མངོན་པ། འདུལ་བ་སྟེ་གཞུང་ཆེན་པོད་ལྔ་མཐར་ཕྱིན་ཆེད《གཏན་ཚིགས》ཞེས་པའི་དེབ་འདོན་སྤེལ་བྱེད་པ་རེད།
ད་ལོའང་དཔྱད་རྩོམ་ཉི་ཤུས་གྲུབ་པའི་ཟུར་མང་ཆོས་གྲྭ་ཆེན་མོའི་སྐབས་གསུམ་པའི་གཞུང་ཆེན་པོད་ལྔ་མཐར་ཕྱིན་ཆེད་དེབ《གཏན་ཚིགས》ཞེས་པ་པར་སྐྲུན་ལེགས་གྲུབ་བྱུང་། འདི་ནི་བོད་རིག་པའི་གཞུང་ཆེན་དག་ལ་མི་ལོ་མང་པོའི་རིང་དུ་བསྲེགས་བཅད་བརྡར་གསུམ་གྱི་ལམ་ནས་ཐོན་པའི་དཔྱད་འབྲས་ཤིག་ཡིན། དེ་བཞིན་ལུང་རིགས་ཀྱིས་བརྒལ་བརྟག་ཡང་ཡང་བྱས་ཤིང་དཔྱད་གསུམ་གྱིས་དག་པའི་རིང་ལུགས་ཤིག་ཡིན། དེ་བས་ཁ་མིན་དོན་གྱི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཏུ་འགྱུར་བའི་ཡིད་ཆེས་བཅངས་ཡོད།
ད་ནས་མི་འགྱངས་བར་གཞུང་ཆེན་པོད་ལྔ་མཐར་ཕྱིན་ཆེད་དེབ《གཏན་ཚིགས》ཞེས་པ་འདི་བོད་ཁུལ་གྱི་ས་གནས་སོ་སོར་འགྲེམ་སྤེལ་བྱེད་རྒྱུ་རེད།
སྤྱིའི་འབྲེལ་གཏུག་བྱ་ཡུལ། ཟུར་མང་ཆོས་གྲྭ་ཆེན་མོ།
ཐེངས་འདིའི་འབྲེལ་གཏུག་བྱ་ཡུལ། སྐབས་གསུམ་པའི་གཞུང་ཆེན་པོད་ལྔ་མཐར་ཕྱིན་འཛིན་གྲྭ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com