《མཚོ་ལྷོའི་རྩོམ་རིག》ཅེས་པའི2014ལོའི་དབྱར་དུས་ཀྱི་དུས་དེབ་འགྲེམ་སྤེལ།
《མཚོ་ལྷོའི་རྩོམ་རིག》ཅེས་པའི2014ལོའི་དབྱར་དུས་ཀྱི་དུས་དེབ་འགྲེམ་སྤེལ།
ཉེ་སྔོན། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསར་དུ་མིང་བསྒྱུར་ཏེ་པར་གཞི་ལེགས་བཅོས་བྱས་པའི《མཚོ་ལྷོའི་རྩོམ་རིག》ཅེས་པའི2014ལོའི་དབྱར་དུས་ཀྱི་དུས་དེབ་དངོས་སུ་འགྲེམ་སྤེལ་བྱས། 《མཚོ་ལྷོའི་རྩོམ་རིག》ཅེས་པའི་སྔར་མིང་ལ《ཨ་མདོའི་བླ་སྲོག》ཟེར་ཞིང་། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ20འགོར་བ་ནས་བཟུང་། བསྟུད་མར་འདོན་ཐེངས14ལ་རྩོམ་སྒྲིག་དང་པར་བསྐྲུན་གནང་བ་དང་། ས་གནས་ཀྱི་རྩོམ་རིག་ལ་དུངས་པའི་མི་སྣ་གསར་བ་སྐྱེད་བསྲིང་བྱས་ཏེ་མཚོ་ལྷོ་ཁུལ་གྱི་རྩོམ་རིག་གི་གཞི་ས་སྔར་ལས་ཇེ་དྲག་ཏུ་བཏང་།
རྒྱུས་ལོན་པ་ལྟར་ན། 《མཚོ་ལྷོའི་རྩོམ་རིག》ནི་དུས་ཚིགས་ཀྱི་རྣམ་པ་ལྟར་བསྟུད་མར་རྩོམ་སྒྲིག་པར་བསྐྲུན་བྱེད་པ་དང་། དུས་དེབ་ཀྱི་ནང་དོན་ནི་དུས་རབས་རང་བཞིན་དང་། རྩོམ་རིག་རང་བཞིན། ས་ཁོངས་རང་བཞིན་བཅས་འབུར་དུ་ཐོན་པར་བྱས་ཤིང་། དེ་ནི་མཚོ་ལྷོ་ས་ཁུལ་གྱི་རྩོམ་རིག་ལ་དུངས་པའི་མི་སྣ་ཕན་ཚུན་སློབ་སྦྱོང་དང་འབྲེལ་འདྲིས་བྱེད་པའི་སྟེགས་བུ་ཡིན་པ་དང་། སྤྱི་ཚོགས་ཡོངས་སུ་རྩོམ་རིག་སྡུད་བར་བརྒྱུད་མཚོ་ལྷོ་ས་ཁུལ་གྱི་རྩོམ་རིག་ལས་དོན་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com