བོད་ཀྱི་དྲག་རྩལ་སྒྲུང་རིང་ཐོག་མ《ཀླུ་འབུམ་མི་རྒོད》དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།
བོད་ཀྱི་དྲག་རྩལ་སྒྲུང་རིང་ཐོག་མ《ཀླུ་འབུམ་མི་རྒོད》དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།
《གངས་ཅན་ན་ཆུང་ཚགས་པར》གྱི་གཙོ་སྒྲིག་པ། བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་ནག་པོ་སྐལ་བཟང་གིས་བརྩམས་པའི་བོད་ཀྱི་དྲག་རྩལ་སྒྲུང་རིང་ཐོག་མ《ཀླུ་འབུམ་མི་རྒོད》ཅེས་པའི་ཡིག་འབྲུ་འབུམ་ལྔས་ཟིན་ཅིང་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་འདི2014ལོའི་ཟླ6པའི་ཚེས25ཉིན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གལ་ཆེའི་ལས་གཞིར་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་བྱུང་།
སྒྲུང་རིང་འདིའི་སྟོད་ཆ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུར་མཚོ་སྔོན་ཞིང་ཆེན་མང་ཚོགས་སྒྱུ་རྩལ་ཁང་གིས་གཙོ་གཉེར་བྱས་པའི《མང་ཚོགས་སྒྱུ་རྩལ》སྟེང་མུ་འགོད་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་ན་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ་ཅིང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། རྨད་དུ་བྱུང་བའི་བློས་བསླང་དང་མི་སེམས་འགུགས་པའི་བྱུང་རིམ། གསོན་ཉམས་ལྡན་པའི་མི་སྣ། ཞིབ་ཅིང་གནད་དུ་ཁེལ་བའི་ཚིག་སྦྱོར། མི་སེམས་ལ་སྤོབས་པ་སྩོལ་བའི་བརྗོད་དོན་སོགས་ཀྱིས་སྒྲུང་རིང་འདི་ནི་བོད་པ་ཚོའི་ཚོགས་ས་འདུག་སའི་གླེང་གཞིར་གྱུར་འདུག ཡིད་ཕངས་པ་ཞིག་ལ་སེམས་ཀྱི་ཟས་མཆོག་འདི་ཉིད་མུ་མཐུད་དེ་མྱོང་བའི་སྐལ་བ་མ་ལྡན་པར་བགྲང་བྱ་འཁོར་མོ་བཅུ་ཕྲག་ལྷག་ལ་རེ་སྒུག་བྱས་པ་ན་རྩོམ་མཁན་གྱིས་ཀྱང་ལས་སྐལ་དུ་གྱུར་པ་གང་དེའི་རྒྱུན་བསྐྱངས་ཏེ་རྒྱ་ཆེའི་ཀློག་མཁན་རྣམས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་བར་དགོངས་ཏེ་སེམས་ཤུགས་ཆེན་པོས་སྨད་ཆ་བརྩམས་ཏེ་ཀུན་པོའི་ནང་སེམས་ཀྱི་ཟས་སྟོན་དུ་བཤམས་པ་འདི་ལགས། སྟོད་སྨད་གཉིས་ཀྱི་བར་དུ་དུས་ཀྱི་བར་ཁྱད་ཆེན་པོ་མངའ་ཡང་སྟོད་ཆར་ལང་ཚོའི་དཔལ་གྱིས་བརྟས་ཤིང་སྨད་ཆར་དར་མའི་ཁོག་རྒྱས་བསྐྱེད་པ་ན་གཉིས་ཀར་ཐུན་མོང་གི་ཁྱད་ཆོས་ཏེ་གཏམ་རྒྱུད་ཀྱི་རྒྱུན་ཉམས་མེད་པས་ཀློག་པ་པོར་སྔར་ལས་ལྷག་པའི་འགུགས་ཤུགས་ཡོད་པ་ལས་གཞན་སྨད་ཆ་སྟོད་ཆ་དང་བསྡུར་ན་ག་འདྲ་ཡིན་ནམ་སྙམ་པའི་བསླུ་བྲིད་ཀྱང་ཡོད་ངེས། དེས་ན་གང་ཉིད་སྒྱུ་རྩལ་གྱི་ཞིང་ཁམས་འདིར་དལ་གྱིས་འཇུག་ལ་ལྷོད་ཀྱིས་ཞུགས་དང་། སྒྱུ་རྩལ་ཕོ་བྲང་གི་སྒོ་ཆེན་ཆེས་ཆེར་ཕྱེ་འདུག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com