《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》ཞེས་པའི་དེབ་པར་དུ་བསྐྲུན།
《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》ཞེས་པའི་དེབ་འདི་ནི། རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་ལ་བོད་དང་རྒྱའི་རྩོམ་རིག་དཔྱད་བརྗོད་པ་དག་གིས་དཔྱད་པ་རྣམས་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་བན་དེ་མཁར་གྱིས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་ཞིག་ཡིན་ཞིང་། དེ་ནི2012ལོའི་ཟླ10པའི་ཚེས27ཉིན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གིས་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་ཞིག་བསྡུས་པ་དེའི་གྲུབ་འབྲས་ཡིན་འདུག
དཔྱད་རྩོམ་ཕྱོགས་བསྒྲིགས་འདིར། བོད་རྒྱ་ཡིག་རིགས་གཉིས་ཀྱིས་བྲིས་པའི་དཔྱད་རྩོམ19ཡོད་ཅིང་། གཙོ་བོར་སྟག་འབུམ་རྒྱལ་གྱི་སྒྲུང་ཐུང《མི་རྒྱ་བྷ་དང་ཁྱི་རྒྱ་བྷ》དང《སྡུག་གི་ལོ་མ་ཆང་གིས་བངས་པ་མིན》། 《མི་རབས་གསུམ་གྱི་རྨི་ལམ》། 《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན》། 《ཧཱ་པ་གསོས་པའི་ཟིན་བྲིས》སོགས་ཀྱི་བརྗོད་བྱ་དང་བྱུང་རིམ། དུས་ཚོད། མི་སྣའི་ཇུས་འགོད་སོགས་ལ་མཐོང་སྣེ་ཐ་དད་པ་ནས་འགའ་ཞིག་དཔྱད་པ་སྤེལ་བ་དང་འགའ་ཞིག་མྱོང་ཚོར་བྲིས་ཡོད་ཅིང་། ཁ་ཅིག་སྤྱི་ཡོངས་ནས་ཁོང་གི་བརྩམས་ཆོས་ལ་གདེངས་འཇོག་བྱས་ཡོད། དེ་བས་བོད་ཀྱི་དེང་རབས་རྩོམ་རིག་ལ་ཞིབ་འཇུག་དང་ནང་སྒོས་སུ་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་ལ་དོ་སྣང་ཡོད་མཁན་དག་ལ་ནི་དེབ་འདི་ཉིད་ཟུར་བལྟ་དང་དཔྱད་གཞིའི་ཡིག་ཆ་ཡག་ཤོས་ཤིག་ཏུ་འདོད་དོ༎
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com