《ཡུལ་གླུ་རྣ་བའི་བདུད་རྩི》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-07 08:54:00 ཀློག་གྲངས།:


《ཡུལ་གླུ་རྣ་བའི་བདུད་རྩི》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

      ཉེ་ལམ། 《ཡུལ་གླུ་རྣ་བའི་བདུད་རྩི》ཞེས་པའི་དཔེ་དེབ་འདི་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས། འདིའི་ནང་ཡུན་ནན་བདེ་ཆེན་བོད་རིགས་ཀྱི་གླུ་གཞས་དག་གཅེས་སུ་བསྡུས་ཡོད་ཅིང་། གླུ་གཞས་དེ་དག་ནི་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་མི་རིགས་སློབ་གསོ་ལ་དུངས་པའི་ཀུན་ཕན་བོད་ཡིག་སློབ་གྲྭའི་སློབ་གཙོ་ཨ་ཉིག་གིས་ལོ་ངོ་དྲུག་གི་རིང་དཀའ་སྤྱད་འབད་བརྩོན་འོག་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནང་ཁུལ་དུ་འཚོལ་སྡུད་བྱས་ཏེ་ལེགས་འགྲུབ་བྱུང་བ་ཡིན།
      དཔེ་དེབ་འདི་ནི་རྩོམ་སྒྲིག་འགན་ཁུར་བ་ཀྲང་ཏུང་ཕུན་གྱི་བསམ་འཆར་ལྟར་བོད་རྒྱ་ཤན་སྦྱར་གྱི་རྣམ་པར་རྩོམ་སྒྲིག་མཛད་པ་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བཀྲ་ཤིས་དོན་གྲུབ་ཀྱིས་ཡོངས་སུ་ཡིག་སྒྱུར་བྱས་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།