《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》སོགས་མུ་འབྲེལ་དཔེ་ཆ་འགྲེམ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-04 09:08:00 ཀློག་གྲངས།:

      རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། 《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》དང《ཐང་ག་བདམས་དཔྱད་ཤེལ་མཛོད》ཅེས་པ་སོགས་མུ་འབྲེལ་དཔེ་ཆ་དངོས་སུ་འགྲེམ་སྤེལ་བྱས།
      《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》དང《ཐང་ག་བདམས་དཔྱད་ཤེལ་མཛོད》ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི2013ལོའི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩ་རོགས་སྐྱོར་གྱི་ལས་གཞི་རྣམ་གྲངས་ཤིག་ཡིན་ཞིང་། 《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས》ལ་པོ་ཏི30དང་ཡིག་འབྲུ་བསྡོམས་པས་སྟོང27000འདུས་པ་དང་། པོ་ཏི30ནི2013ལོའི་ཟླ10བ་ནས་ཟླ12བར་སྔ་གཞུག་ཏུ་པར་བསྐྲུན་བྱས་ལ། དང་ཐོག་དཔེ་ཆ1500པར་དུ་བཏབ་ཅིང་པོ་ཏི་རེའི་རིན་གོང400རུ་གཏན་འཁེལ་བྱས།
      《ཐང་ག་བདམས་དཔྱད་ཤེལ་མཛོད》ཞེས་པར《ཐང་གའི་གྲུབ་ཆ》དང《ཐང་གའི་ལག་ཤེས》། 《ཐང་ག་གཟིགས་དཔྱད》། 《ཐང་ག་གཅེས་བཏུས》སོགས་དཔེ་ཆ4འདུས་ཤིང་བསྡོམས་པས་ཡིག་འབྲུ་སྟོང80དང་པར་རིས714འདུས། དཔེ་ཆ་དེ་བཞི་ནི2013ལོའི་ཟླ12ནང་དཔེ་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཐོག་མའི་དུས་སུ་དཔེ་ཆ3000པར་འདེད་གནང་ལ། 《ཐང་གའི་གྲུབ་ཆ》ཞེས་པའི་རིན་གོང228དང་། 《ཐང་གའི་ལག་ཤེས》གྱི་རིན་གོང168། 《ཐང་ག་གཟིགས་དཔྱད》ཀྱི་རིན་གོང288། 《ཐང་ག་གཅེས་བཏུས》གྱི་རིན་གོང258བཅས་སུ་གཏན་འཁེལ་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།