《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
ཉེ་ཆར་སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ》ཞེས་པའི་དཔེ་དེབ་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས།
དཔེ་དེབ་འདིའི་ནང་དུ་རང་རེའི་མདོ་དབུས་མཐོ་སྒང་དུ་ཡོད་པའི་རི་སྐྱེས་སྲོག་ཆགས་བཞི་བཅུ་ཞེ་བརྒྱད་བདམས་ཡོད་ལ། དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་གཏོགས་པ་མང་ཆེ་ཤོས་དང་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་གཏོགས་པ་ཁ་ཤས་བདམས་ཡོད་ཅིང་དེའང་རི་དྭགས་ཀྱི་སྡེ་དང་གཅན་གཟན་གྱི་སྡེ། སྤྲེའུ་སྡེ་དང་འདབ་ཆགས་ཀྱི་སྡེ། གཞན་དག་གི་སྡེ་བཅས་སུ་རིགས་དགར་ཞིང་པར་རིས་དང་ཡི་གེ་གཉིས་ཀྱི་ལམ་ནས་ངོ་སྤྲོད་བྱས་ཡོད་པས་ལྟ་ཀློག་བྱེད་བདེ་བའི་ཁྱད་ཆོས་དང་ལྡན་ལ། བོད་ཡིག་གི་ལམ་ནས་རི་སྐྱེས་སྲོག་ཆགས་རིས་འགྲེལ་བྱས་པའི་དཔེ་ཆ་སྔ་ཤོས་ཡིན། དཔེ་དེབ་འདི་ནི་ཆེད་ལས་མ་ཡིན་པའི་སྤྱིར་བཏང་གི་མང་ཚོགས་ལ་ཁ་གཏད་ནས་སྒྲིག་རྩོམ་བྱས་ཡོད་ཅིང་འདི་ཡིས་བོད་ཁམས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ངོས་འཛིན་ཚད་མཐོ་རུ་བཏང་ནས་རི་སྐྱེས་སྲོག་ཆགས་ལ་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་ཚད་ལ་ཤུགས་སྣོན་པའི་དྲིལ་སྒྲོག་གི་ནུས་པ་དང་ལྡན་ནོ།།
འབྲེལ་གཏུག་ཁ་པར། 18997281080
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com