བོད་ཀྱི《སྒྱུ་འཕྲུལ་གཏམ་རྒྱུད》ཅེས་པའི་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:བུའུ་ཅུ་ཧ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-12 10:11:00 ཀློག་གྲངས།:

      བོད་ཀྱི་སྙན་ངག་པ་དང་གློག་བརྙན་འཕྲིན་འཁྲབ་ཁྲིད་པ་ཞི་བདེ་ཉི་མས་འཚོལ་བསྡུ་རྩོམ་སྒྲིག་བྱས་པའི་དམངས་ཁྲོད་གཏམ་རྒྱུད《སྒྱུ་འཕྲུལ་གཏམ་རྒྱུད》ཅེས་པའི་དཔེ་དེབ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། དཔེ་དེབ་འདིའི་ནང་བོད་རིགས་དམངས་ཁྲོད་ཀྱི་སྒྱུ་འཕྲུལ་རང་བཞིན་ལྡན་པའི་གཏམ་རྒྱུད་གྲགས་ཅན25བསྡུས་ཡོད།
      བོད་རིགས་ནི་དམངས་ཁྲོད་གཏམ་རྒྱུད་དང་ལྷ་སྒྲུང་ཆེས་ཕུན་སུམ་ཚོགས་པ་དང་། ཆེས་གྲངས་འབོར་མང་པའི་མི་རིགས་ཤིག་རེད། ཕུན་སུམ་ཚོགས་པའི་དམངས་ཁྲོད་རྩོམ་རིག་གིས་ལོ་རྒྱུས་རིང་བའི་བོད་ཀྱི་རིག་གནས་ཁྱབ་ཁོངས་ནང་གོ་གནས་འགངས་ཆེན་བཟུང་ཡོད། གཏམ་རྒྱུད་འདི་དག་ལ་ངོ་མཚར་བའི་སྒྱུ་འཕྲུལ་རང་བཞིན་དང་སྒྲོ་འདོགས་ཀྱི་སྒྱུ་རྩལ་ལྡན་ལ། ཕྱོགས་ངེས་ཅན་ཞིག་ནས་གནའ་མི་བོད་ཀྱི་འཇིག་རྟེན་ལྟ་སྟངས་དང་བསམ་བློ། བློ་གྲོས་དང་ཤེས་རིག སེམས་ཁམས། དཔལ་ཡོན་སོགས་ཀྱང་མངོན་པར་མཚོན་ཡོད།
       དཔེ་དེབ་འདི་ནི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ལ་ཞིབ་འཇུག་དང་། གནའ་བོའི་བོད་ཀྱི་སྤྱི་ཚོགས་བསམ་བློར་ཞིབ་འཇུག་བྱེད་པར་རིན་ཐང་ངེས་ཅན་ལྡན་ལ། བོད་རིགས་ཀློག་པ་པོ་དང་ལྷག་པར་དུ་ན་གཞོན་ལོ་ཆུང་དག་ལ་མེད་དུ་མི་རུང་བའི་དམངས་ཁྲོད་རྩོམ་རིགས་རིན་ཐང་ཅན་ཞིག་ཀྱང་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།