སྙན་ངག་པ་གེ་སར་གྱི《འཕུར་འདོད་དུས》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:བདེ་ཆེན་འཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-03 10:43:00 ཀློག་གྲངས།:

      ཉེ་ཆར། སྙན་ངག་པ་གེ་སར་ལགས་ཀྱིས་བརྩམས་པའི《འཕུར་འདོད་དུས》ཞེས་པ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས། སྙན་དེབ་དེའི་ཁྲོད《1996•དབྱར་ཁའི་འགྲུལ་བཞུད་ཐེངས་ཤིག》དང་། 《རྐྱེན་དེའི་དབང་གིས》། 《ཨ་ཕ》། 《གཟའ་ཉི་མ》། 《གཏམ་རྒྱུད་ཀྱི་ཁ་དོག》། 《ཕ་ཡུལ་ལ་འགྲོ》། 《ནུབ་ཕྱོགས། ནུབ་ཕྱོགས།》སོགས་སྙན་ངག་པ་གེ་སར་ལགས་ཀྱིས་ལོ་ངོ་ཉི་ཤུའི་རིང་ལ་གསར་རྩོམ་གནང་བའི་ཀློག་པ་པོ་རྣམས་ཀྱི་བསམ་པའི་ལོངས་སྤྱོད་དུ་འགྱུར་པའི་སྙན་ངག་གི་བརྩམས་ཆོས120ལྷག་བསྡུས་བསྒྲིགས་བྱས་འདུག
      བརྩམས་ཆོས་དེའི་ཁྲོད་འདུ་འཛི་ཆེ་ཞིང་ཁེ་དབང་དང་སྙན་གྲགས་ལ་བརྩོན་པ། དངོས་པོའི་ལོངས་སྤྱོད་ལ་ཞེན་ཆགས་པ་སོགས་ཁོར་ཡུག་བཙོག་པོ་ལས་རྩོམ་པ་པོས་ཕུགས་རེ་དང་བདེན་དགེ་རྫུན་གསུམ་དུས་དང་རྣམ་པ་ཀུན་དུ་དོར་དུ་མེད་པའི་རང་སྒེར་གྱི་འདུ་ཤེས་བཟང་བོ་དེ་མངོན་པར་མཚོན་ཐོག   རྩོམ་པ་པོ་ཁོང་ཉིད་ཀྱིས་ཁེར་རྐྱང་ལས་སུན་སྣང་དང་གཡེང་བག་སོགས་ཀྱི་དབང་དུ་མ་གྱུར་པའི་ལྷིང་འཇགས་དང་དྭངས་གཙང་གི་མི་ཚེའི་སྙིང་བོ་མཆོག་ཏུ་གྱུར་པ་ཞིག་འཚོལ་སྙེག་བྱེད་བཞིན་པ་དེ་བརྗོད་ཡོད་པས། ཀློག་པ་པོ་རྣམས་ལ་མཚོན་ན《འཕུར་འདོད་དུས》ཞེས་པའི་བརྩམས་ཆོས་འདི་ཀློག་པ་ནི་ང་ཚོའི་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད་པའི་ཚིག་གི་མཆོར་སྒེག་ལ་རོལ་མྱོང་བྱེད་པའམ་ཡང་ན་དཔེ་ཀློག་གི་བརྒྱུད་རིམ་ཞིག་མ་ཡིན་པར། ཕྱི་རོལ་ཡུལ་གྱི་ཁེ་གྲགས་འབྱོར་གསུམ་གྱི་ཤན་སྟོབས་མ་ཐེབས་པའི་ནང་སེམས་ཀྱི་བདེན་དགེ་མཛེས་གསུམ་ལ་དངོས་སུ་གདོང་གཏུག་པའི་བསམ་པའི་འགྲུལ་བཞུད་ཅིག་ཡིན་ནོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།