《གློག་བརྙན་སྒྱུ་རྩལ་གྱི་གསང་བ》ཞེས་པའི་བརྩམས་ཆོས་གསར་བ་པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-24 09:39:00 ཀློག་གྲངས།:


《གློག་བརྙན་སྒྱུ་རྩལ་གྱི་གསང་བ》ཞེས་པའི་བརྩམས་ཆོས་གསར་བ་པར་བསྐྲུན་འགྲེམ་སྤེལ་བྱས།

         ཆ་འཕྲིན་དུས་རབས་ཀྱི་འགྲོས་དང་བསྟུན་ནས་སྨྱན་བྱད་རིག་པའི་བརྒྱུད་སྒྲོག་ཐབས་ལམ་སྤྱད་དེ། ཐུན་མོང་མ་ཡིན་པའི་རིག་གནས་ངོ་སྤྲོད་དང་བསམ་བློ་བརྗེ་རེས། བློ་སྦྱོང་ཡར་བསྐྱེད་སོགས་བྱེད་པའི་ཐད་ལ།  བརྙན་གཟུགས་ལས་རིགས་འདིས་གཞན་དྲིང་མི་འཇོག་པའི་བྱེད་ནུས་འགངས་ཆེན་ཐོན་ཡོད་ཕྱིར།  གསར་དར་གྱི་ལས་རིགས་འདིས་ཀྱང་མཐའ་གཅིག་ཏུ་མིའི་རིགས་ཀྱི་ཆབ་དཔལ་རིག་གསུམ་གྱི་དར་རྒུད་དང་འཕེལ་འགྱུར། ནང་སྒོས་སུ་རིག་གནས་ཡུལ་མཐའ་ཅན་ལས་འགོང་སྟེ། འཛམ་གླིང་རང་བཞིན་ཅན་གྱི་བརྒྱུད་སྒྲོག་འཁོར་ལམ་སྟེང་ནན་གྱིས་སྐུལ་པའི་གཙོ་ཤུགས་ལྟ་བུར་གྱུར་ཡོད།

        དེ་ལྟ་བས་ན། གློག་བརྙན་ནི་བརྙན་གཟུགས་རང་བཞིན་གྱི་ཤེས་ཡོན་ཞིག་ཡིན་པས། ལས་རིགས་འདི་ལ་དུང་ཞེན་ཟབ་ཅིང་འཚོབ་ཞིབ་བྱེད་ཀྱིན་པའི་ཟླ་ཚང་དཔལ་མཁར་རྒྱལ་གྱིས་སློབ་གསེང་གི་དུས་ཡུན་དང་ལས་ཚོགས་ཀྱི་བྲེལ་ཟིང་བར་ནས། ཆེད་དུ་བོད་གློག་བརྙན་གྱི་སྐབས་དོན་གནས་བབ་དང་དུས་རབས་ཀྱི་གླེང་ཕྱོགས་ལ་གཞིགས་ཏེ《གློག་བརྙན་སྒྱུ་རྩལ་གྱི་གསང་བ》ཞེས་པའི་བརྩམས་ཆོས་གསར་བ་ཞིག་བརྩམས་ཤིང༌། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས། བརྩམས་ཆོས་འདིའི་ནང་དུ་གློག་བརྙན་ལོ་རྒྱུས་དང་གློག་བརྙན་སྒྱུ་རྩལ། གློག་བརྙན་རྩོམ་རིག་སོགས་ལ་གཞིགས་ནས་རྣམ་པ་མི་འདྲ་བ་ཆེན་པོ་ལྔ་རུ་ཕྱེ་ནས་བརྗོད་ཡོད་པ་རེད།
མངགས་ཉོ་བྱེད་སའི་འབྲེལ་གཏུགས་ཐབས་ལམ།
གནའ་མཁར་ཟི་ལིང་གི་ཞུན་ཧྭ་དཔེ་ཁང༌། (新华书店)
གནའ་མཁར་ཟི་ལིང་གི་དཔེ་གླིང༌།(西宁书城)
གནའ་མཁར་ཟི་ལིང་གི་བོད་མིའི་ཁྲོམ་གྱི་ཁ་གཏད1+1དཔེ་ཁང༌།  ལྷ་མཚོ། 
འབྲེལ་གཏུག་ཁ་པར།  13709785883    18997197949   0971-3973174 
གནའ་མཁར་ཟི་ལིང་གི་ཚོང་ཟོག་ཆུང་བའི(小商品) རིག་བཅུ་དཔེ་ཁང༌། བཀྲ་ཤིས་རྒྱལ། འབྲེལ་གཏུགས་ཁ་པར།   13997122180    13897408838 
ཡིག་ཟམ། tibetanmoviestar@126.com
གློག་རྡུལ་བཤེར་གནས།
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།


ཟླ་ཚང་དཔལ་མཁར་རྒྱལ།

         ཟླ་ཚང་དཔལ་མཁར་རྒྱལ་ནི་ལོ་རབས་བརྒྱད་བཅུ་བའི་སྐབས་སུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་ཕ་ཡུལ་ཀྱེ་ཕུར་ཟླ་ཚང་ནས་སྐྱེས། ཆུང་དུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་མཐར། 2010ལོར་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དབྱིན་ཡིག་ཆེད་སྦྱོང་སྡེ་ཁག་ནས་སློབ་མཐར་ཕྱིན། སྔ་གཞུག་ཏུ་ཁོའི་དཔྱད་རྩོམ་དང་ལྷུག་རྩོམ། སྙན་རྩོམ། བསྒྱུར་རྩོམ་སོགས་བོད་ལྗོངས་དང་མཚོ་སྔོན། ཀན་ལྷོ་བཅས་ཞིང་ཆེན་གསུམ་གྱི་ཁོངས་སུ་གཏོགས་པའི་གཞུང་སྒེར་དུས་དེབ་དང་ཚགས་པར་སོགས་སུ་རྩོམ་ཡིག་བརྒྱ་ཕྲག་ལྷག་སྤེལ་མྱོང་བས། རྩོམ་ཡིག་བརྩམས་ཆོས་ལ་ཞིང་ཆེན་རིམ་པའི་བྱ་དགའ་དང་སློབ་གླིང་རིམ་པའི་བྱ་དགའ་ཐོབ་མྱོང་། 2010ལོ་ནས་བཟུང་མགོ་ལོག་ས་ཁུལ་གྱི་དགེ་རྒན་གྱི་བྱ་བའི་ལས་གནས་སུ་ཞུགས། ཉེ་ཆར་ཧྲང་ཧེ་ཕྱི་རྒྱལ་སྐད་རིགས་སློབ་གླིང་དུ་དབྱིན་ཡིག་ཟབ་སྦྱོང་ལས་ཧྲང་ཧེ་སློབ་གླིང་རྟགས་མའི་ཕུལ་བྱུང་སློབ་མར་བདམས་མྱོང༌། ཞོར་དུ་པེ་ཅིང་བོད་བརྙན་དྲ་བའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཁ་བ་ཅན་གློག་བརྙན་འཕྲིན་ཁྱབ་སྤེལ་ཚད་ཡོད་ཀུང་ཟིའི་ཚོགས་མིར་གྱུར། སྔར་མུས་སུ་གློག་བརྙན་འཁྲབ་གཞུང་དབྱིན་བསྒྱུར་དང་གློག་བརྙན་འཚོལ་ཞིབ་ཀྱི་ཐད་ལ་འབད་པ་བྱེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།