དགེ་ཆོས་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློ་སྐོར་གྱི་དཔེ་དེབ་ངོ་སྤྲོད།
《དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློ་སྐོར་གྱི་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ལེགས་བཏུས》ཞེས་པའི་དཔེ་དེབ་འདི་ནི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།
དཀར་ཆག
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རིག་གཞུང་ཞིབ་འཇུག་བསམ་བློ་ལས་རིས་མེད་ལྟ་བའི་སྐོར་གྱི་དཔྱད་པ།┉ཨ་སྔགས་ཚེ་རིང་བཀྲ་ཤིས།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ《དེབ་ཐེར་དཀར་པོ》ཡི་སྐོར་གླེང་བ།┉རང་སྒྲ་པ་ཚེ་རྒྱལ།
《དེབ་ཐེར་དཀར་པོ》ལས་བཙན་པོའི་རྒྱལ་རབས་ཀྱི་སྲིད་ལུགས་ཞིབ་འཇུག་བྱེད་ཐབས་སྐོར་རགས་ཙམ་གླེང་བ།┉པད་གཞུང་ཟླ་བ་ཆུང་བདག
ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་ལོ་རྒྱུས་སྔར་འགྱུར་རིང་ལུགས་ཀྱི་བསམ་བློའི་སྐོར་ཅུང་ཟད་གླེང་བ།┉དབང་དྲག་རྡོ་རྗེ།
དགེ་འདུན་ཆོས་འཕེལ་གྱི་རིག་གཞུང་བསམ་བློའི་སྐོར་གླེང་བ།┉ཆབ་འགག་རྟ་མགྲིན།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་གྱི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་ཁྱད་ཆོས་སྐོར་ལ་དཔྱད་པ།┉ཚེ་བརྟན་བཀྲ་ཤིས།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་གཅེས་བསམ་བློ་དང་འབྲེལ་བའི་གནད་དོན་ལ་རགས་ཙམ་དཔྱད་པ།┉སྲིད་དར་ཚེ་རིང་།
གངས་སེང་ཡོད་མེད་ལ་གསར་དུ་དཔྱད་པ།┉ལྷུན་གྲུབ་རྡོ་རྗེ།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་གྱི་ཡིད་འགུགས་ནུས་པའི་སྐོར་ཅུང་ཟད་གླེང་བ།┉གྱང་ཤོད་བྱམས་པ་བསྟན་འཛིན།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ཁག་གི་བསླབ་བྱའི་དོན་སྙིང་དང་དེའི་ཁྱད་ཆོས་སྐོར་ཅུང་གླེང་བ།┉སྒྲགས་པ་པདྨ་དབང་ཆེན།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ལས་འཕྲོས་པའི་མི་ཚེའི་ལྟ་ཚུལ་སྐོར་ཅུང་ཟད་བརྗོད་པ།┉རྣམ་སྲས།
བོད་ཀྱི་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དངོས་ཐོག་བདེན་འཚོལ་གྱི་ཞིབ་འཇུག་བསམ་བློ།┉རྟ་མགྲིན་རྒྱལ།
མཁས་དབང་དགེ་འདུན་ཆོས་འཕེལ་ལ་འཛིན་པའི་ལྟ་ཚུལ་འགའི་གསེད་འགྲོལ་ཐུང་ངུ།┉བླ་བྱང་པདྨ་རྒྱ་མཚོ།
མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་སྙན་རྩོམ་ཚིག་གི་སྡེབ་སྦྱོར་སྤེལ་ཚུལ་ཅུང་གླེང་བ།┉ཚེ་དབང་རིག་འཛིན།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བརྩམས་ཆོས་བཀླགས་པའི་འཆར་སྣང་།┉ཚེ་རིང་དོན་གྲུབ།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་གི་རྩོམ་ཉམས་སྐོར་རགས་ཙམ་གླེང་བ།┉འབའ་སྟོད་པདྨ་དབང་རྒྱལ།
དེ་མིན་དཔེ་དེབ་འདིའི་ནང་དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློ་སྐོར་གྱི་བགྲོ་གླེང་ཚོགས་འདུའི་རྒྱ་ཡིག་དཔྱད་རྩོམ་ཡང་འགའ་ཞིག་བཏུས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com