《མཚོ་ལྷོ་ཁུལ་རོང་འབྲོག་ཁུལ་གྱི་ཚན་རྩལ་ཤེས་བྱའི་ལག་དེབ》འགྲེམ་སྤེལ་བྱས།
《མཚོ་ལྷོ་ཁུལ་རོང་འབྲོག་ཁུལ་གྱི་ཚན་རྩལ་ཤེས་བྱའི་ལག་དེབ》འགྲེམ་སྤེལ་བྱས།
《མཚོ་ལྷོ་ཁུལ་རོང་འབྲོག་ཁུལ་གྱི་ཚན་རྩལ་ཤེས་བྱའི་ལག་དེབ》འགྲེམ་སྤེལ་བྱས།
ཉེ་ཆར། མཚོ་སྔོན་ཞིང་ཆེན་ཕྱུགས་ཟོག་སྨན་བཅོས་ཚན་རིག་གླིང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚན་རིག་ལག་རྩལ་ཅུའུ་གཉིས་ཀྱིས་མཉམ་དུ་བསྒྲིགས་པའི《མཚོ་ལྷོ་ཁུལ་རོང་འབྲོག་ཁུལ་གྱི་ཚན་རྩལ་ཤེས་བྱའི་ལག་དེབ》ཅེས་པ་འགྲེམ་སྤེལ་བྱས། ལག་དེབ་འདིའི་ནང་དུ་ཡིག་རིས་སྤེལ་མའི་སྒོ་ནས་་གཟན་རྩྭའི་ས་བོན་གྱི་འདེམ་གསེས་དང་གཟན་རྩྭ་ལས་སྣོན་དང་གསོག་འཇོག་བྱེད་ཚུལ། གཟན་སྔོ་ཟོག་ཆས་ལས་སྣོན་སྙོམས་སྒྲིག་དང་ཉར་འཇོག་བྱེད་ཚུལ་སོགས་རོང་འབྲོག་མང་ཚོགས་ལ་ཉེ་བར་མཁོ་བའི་ཚན་རྩལ་ཤེས་བྱ་ཕུན་སུམ་ཚོགས་པ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་གསལ་བོར་བཀོད་འདུག
《མཚོ་ལྷོ་ཁུལ་རོང་འབྲོག་ཁུལ་གྱི་ཚན་རྩལ་ཤེས་བྱའི་ལག་དེབ》འགྲེམ་སྤེལ་བྱས།
ལག་དེབ་འདི་བསྒྲིགས་པའི་དམིགས་ཡུལ་ནི་ཞིང་ཕྱུགས་ལས་ས་ཁུལ་གྱི་གཟན་རྩྭ་འདེབས་འཛུགས་སམ་ཡང་ན་ལས་སྣོན་གྱི་བྱ་བ་ལེགས་པར་བསྒྲུབ་ནས་ཞིང་ཕྱུགས་ལས་ས་ཁུལ་གྱི་གཟན་རྩྭ་ཐོན་སྐྱེད་ཀྱི་ནུས་ཤུགས་སྔར་ལས་ལྷག་པར་འདོན་སྤེལ་བྱ་རྒྱུ་དེ་ཡིན་ཞིང་། ལག་དེབ་འདིས་རོང་འབྲོག་མང་ཚོགས་ཀྱིས་གཟན་རྩྭའི་ས་བོན་འདེམ་གསེས་དང་འདེབས་འཛུགས་བྱེད་པའི་དུས་ཚོད། འདེབས་ཚད། འདེབས་ཐབས། གཟན་རྩྭ་འབྲེག་པའི་དུས་ཚོད། གསོག་ཉར་བྱེད་ཐབས། ལས་སྣོན་བྱེད་ཐབས་སོགས་ལེགས་པོར་རྟོགས་པར་དགེ་མཚན་ལྡན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com