《ཁྲི་ཀའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས》པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-14 09:34:00 ཀློག་གྲངས།:

《贵德藏族简史》由青海人民出版社出版
《ཁྲི་ཀའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས》པར་བསྐྲུན་འགྲེམ་སྤེལ་བྱས་པ།

  ཉེ་ཆར། ཧོར་ཀྱའི་ནོར་བུས་རྩོམ་སྒྲིག་བྱས་པའི་མཚོ་ལྷོའི་ཁྲི་ཀའི་ཡུལ་གྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་དང་མཚམས་སྦྱོར་བྱེད་པའི་ལོ་རྒྱུས་དེབ་ཐེར་ཏེ《ཁྲི་ཀའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས》ཞེས་པ་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས།
  《ཁྲི་ཀའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས》ཁྲོད་ཁྲི་ཀའི་ལོ་རྒྱུས་ཞིབ་འདྲེན་དང་། ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཁྲི་ཀའི་གནའ་མཁར། ཚོ་སྡེའི་ལོ་རྒྱུས། དམངས་ཁྲོད་རིག་རྩལ། བོད་ལུགས་གསོ་རིག  དཔལ་འབྱོར་སོགས་ལེའུ་བཅུ་གཉིས་སུ་བགོས་ནས་ཁྲི་ཀའི་ཡུལ་གྱི་བོད་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་རིག་གནས། མི་རིགས་ཀྱི་བརྗེ་སྤོ། ད་ལྟའི་གནས་བབ་སོགས་ཕྲ་ཞིང་ཞིབ་པར་མཚམས་སྦྱོར་བྱས་ཡོད་པ་རེད།དཔེ་དེབ་འདིས་ཁྲི་ཀའི་ཡུལ་གྱི་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་སོགས་སུ་ཞིབ་འཇུག་དང་སྲུང་སྐྱོབ། རྒྱུན་འཛིན་བྱེད་པར་ནུས་པ་ཆེན་པོ་ལྡན་ཞིང་། ཁྲི་ཀའི་བོད་ཀྱི་ལོ་རྒྱུས་གཞིར་བྱས་ནས་བསྒྲིགས་པའི་དེབ་ཐེར་ཐོག་མ་ཡིན་པས། ཁྲི་ཀར་བོད་ཀྱི་ལོ་རྒྱུས་དེབ་ཐེར་མེད་པའི་སྟོང་ཆ་བསྐངས་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།