《མདོ་སྨད་མདའ་ཚང་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས》ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-14 08:14:00 ཀློག་གྲངས།:

མདོ་སྨད་མདའ་ཚང་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་མཐོང་བ་དོན་ལྡན།

      
        བོད་ཀྱི་གནའ་བོའི་བོན་པོའི་རིག་གནས་ཀྱི་རྒྱུན་འཛིན་དང་བོན་གྱི་ཡིག་ཆ་སྡུད་སྒྲིག་བྱ་ཆེད།  བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་འབྲུག་ཐར་སོགས་ཀྱིས་གཙོ་སྒྲིག་བྱས་པའི་ཀན་སུའུ་མདའ་ཚང་བོད་ཁྱིམ་གྱིས་ཉར་ཚགས་བྱས་པའི《མདོ་སྨད་མདའ་ཚང་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་མཐོང་བ་དོན་ལྡན》ཞེས་པ་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས། ཡིག་ཆ་ཁ་ཚང་ཀན་སུའུ་ལུང་ནན་བོད་མིས་ད་བར་དུ་བདག་ཉར་བྱས་ཤིང་། བསྡོམས་པའི་དུམ་པ31དང་ཁག560དེབ30རུ་བགོས་ཏེ2011ལོར་ཚོན་ལྡན་གྱི་ལམ་ནས་དཔར་སྐྲུན་བྱས་པ་རེད།
        དེབ་ཡོངས་ཚོན་ལྡན་གྱི་ལམ་ནས་པར་དུ་བསྐྲུན་ཡོད་ལ་ཡི་གེ་གསལ་ཞིང་མཚོན་མདངས་མཛེས་ལ་ཤོག་ངོས་ལ་གནའ་བོའི་དཔེ་དེབ་ཀྱི་ཁྱད་ཆོས་ལྡན། འབྲེལ་ཡོད་ཆེད་མཁས་པས་བརྟག་དཔྱད་བྱས་པ་ལྟར་ན་དེབ་དེའི་ཡིག་ཆ་དག་སྤྱི་ལོའི་དུས་རབས6ནས10བའི་བར་གྱི་ལག་བྲིས་ཀྱི་བོན་པོའི་ཡིག་ཆ་ཡིན་པ་དང་།  ནང་དོན་ལ་གཙོ་བོ་བོན་པོའི་ཆོ་ག་དང་། གསོལ་ཚིག གཟུང་སྔགས། གནའ་བོའི་བོད་མིའི་ཡུལ་སྲོལ་དམངས་གཤིས་སོགས་འདུས་ཤིང་གནའ་བོའི་བོན་པོའི་དད་མོས་དང་སྤྱི་ཚོགས་འཚོ་བ་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་རིན་ཐང་གཞལ་དུ་མེད་པ་ཞིག་སྟེ། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ནང་དོན་ལ་འདུས་ཚད་ཆེ་བ་ཞིག་རེད།
        《མདོ་སྨད་མདའ་ཚང་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་མཐོང་བ་དོན་ལྡན》ནི་གནའ་བོའི་བོད་ཀྱི་རིག་གནས་དར་རྒུད་མཚོན་བྱེད་ཀྱི་དེབ་ཐར་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་གནའ་བོའི་རིག་གནས་དང་འཚོ་བའི་དངོས་བྲིས་ཤིག་ཀྱང་ཡིན་པས།  དེབ་འདི་པར་སྐྲུན་བྱས་པ་ཡིས་བོན་པོའི་ཡིག་ཆའི་ཁ་སྐོང་གི་ཚུལ་དུ་གྱུར་ཞིང་བོད་ཀྱི་གནའ་བོའི་སྐད་ཡིག་དང་ཆོས་ལུགས་དད་མོས། སྨན་རྩིས། ཡིག་གཟུགས་སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱེད་པར་རིན་ཐང་བླ་ན་མེད་པ་དང་། དེབ་འདི་པར་སྐྲུན་བྱས་རྗེས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་ཞིབ་འཇུག་བྱེད་མཁན་་དག་གིས་གདེང་འཇོག་ཆེན་པོ་བྱས་པ་དང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཚོ་ཁྲར་ཟི་རམ་བྷོ་སོགས་ཀྱིས་དེབ་འདི་ནི་ད་ལྟའི་བར་དུ་ཆེས་འཐུས་ཚང་ཞིང་ཆེས་རྒྱུན་རིང་བའི་བོན་གྱི་གནའ་བོའི་ཡིག་ཆ་ཡིན་པར་འདོད་དེ་གནའ་བོའི་ཞང་ཞུང་ལོ་རྒྱུས་དང་བོན་གྱི་རིག་གནས་ཞིབ་འཇུག་གི་སྒོ་མོ་གསར་བ་ཞིག་ཕྱེས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།