མེས་པོའི་ཤུལ་བཞག་དཔེ་ཚོགས་ཤིག་པར་བསྐྲུན་བྱས་དང་བྱེད་བཞིན་པ།
མེས་པོའི་ཤུལ་བཞག་དཔེ་ཚོགས།
བོད་ཡིག་དཔེ་རྙིང་དཔེ་ཚོགས་ཆེན་མོ་འདི་ནི་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་ལེགས་བསྒྲིགས་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་ཞུས་དག་པར་སྐྲུན་གནང་བ་ལྟར་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་ཀློག་མཁན་དག་གི་སྤྱན་ལམ་དུ་འབུལ་བཞིན་ཡོད་ལ། འདི་ནི་བོད་ཀྱི་སྔོན་བྱོན་མཁས་དབང་རྣམས་ཀྱི་གསུང་འབུམ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གསུང་འབུམ་གཏེར་མཛོད་ཅིག་ཡིན། ད་ལྟ་དངོས་སུ་པར་སྐྲུན་བྱས་དང་བྱེད་བཞིན་པའི་དེབ་བཞི་བརྒྱ་དང་ཞེ་ལྔའི་དཀར་ཆག་རྣམས་དཀྱུས་གཅིག་ཏུ་འདིར་འགོད་པར་བྱ། སྐལ་ལྡན་འབྲེལ་ཐོགས་རྣམས་ལ་ཕན་གྱུར་ཅིག
(༡)—གསོ་རིག་སྨན་གྱི་རོ་ནུས་ངོས་འཛིན་གསལ་སྟོན་ཕྱོགས་བསྒྲིགས་རིན་ཆེན་སྒྲོན་མེ་བཞུགས་སོ།།(པོད་༡བཞུགས།)
(༢)—སྨན་བླའི་མདོ་དང་མདོ་ཆོག་ཕྱོགས་བསྒྲིགས་རིན་ཆེན་སྒྲོན་མེ།(པོད༡བཞུགས།)
(༣—༢༧)—ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ།(པོད༢༥བཞུགས།)
(༢༩—༣༥)—སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ།(པོད༧བཞུགས།)
(༣༦—༣༩)—ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་གསུང་འབུམ།(པོད༣བཞུགས།)
(༤༠—༤༢)—འུ་ཡུག་པ་རིགས་པའི་སེང་གེའི་གསུང་འབུམ།(པོད༣བཞུགས།)
( ༤༣ -༨༧)—ཇོ་ནང་ཏཱ་ར་ན་ཐའི་གསུང་འབུམ་དཔེ་བསྡུར་མ།(པོད༤༥བཞུགས།)
(༨༨-༡༠༥)—ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།(པོད༡༨བཞུགས།)
(༡༠༦-༡༣༡)—ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ།(པོད༢༦བཞུགས།)
(༡༣༢—༡༥༡)—ཨེ་ཝཾ་བཀའ་འབུམ།(པོད༢༠བཞུགས།)
(༡༦༥—༡༩༤)—ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ།(པོད༣༢བཞུགས།)
(༡༩༦—༢༠༨)—ཇོ་ནང་དོལ་བོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ།(པོད༡༣བཞུགས།)
(༢༠༩)—པཎ་ཆེན་ན་ཏོ་པའི་ཀྱེ་རྡོར་འགྲེལ་བ།(པོད༡བཞུགས།)
(༢༡༠—༢༡༦)—ལྷོ་བྲག་མར་བ་ལོ་ཙྭའི་གསུང་འབུམ།(པོད༧བཞུགས། )
(༢༡༧—༢༢༡)—རྗེ་བཙུན་མི་ལ་རས་པའི་གསུང་འབུམ།(པོད༥བཞུགས།)
(༢༢༢—༢༥༥)—རྔོག་སློབ་རྒྱུད་དང་བཅས་པའི་གསུང་འབུམ།(པོད༣༤བཞུགས།)
(༢༥༦—༢༧༤)—རས་ཆུང་སྙན་བརྒྱུད།(པོད༡༩བཞུགས།)
(༢༧༥—༢༧༩)—དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱི་གསུང་འབུམ།(པོད༥བཞུགས།)
(༢༨༠—༢༨༣)—ལྷོ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་ཀྱི་གསུང་འབུམ།(པོད༤བཞུགས།)
(༢༨༤—༢༩༣)—སྒམ་པོའི་གདན་རབས་རིམ་བྱོན་གྱི་གསུང་འབུམ།(པོད༡༠བཞུགས།)
(༢༨༤—༢༩༣)—ཕག་མོ་གྲུ་བ་རྡོ་རྗེ་རྒྱལ་པོའི་གསུང་འབུམ།(པོད༡༠བཞུགས།)
(༣༠༣—༣༠༥)—ཀརྨ་དུས་གསུམ་མཁྱེན་པའི་གསུང་འབུམ།(པོད༣བཞུགས།)
(༣༠༦—༣༡༧)—ཀརྨ་པཀྵིའི་གསུང་འབུམ།(པོད༡༢བཞུགས།)
(༣༡༨—༣༣༢)—ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ།(པོད༡༥བཞུགས།)
(༣༣༣)—ཀརྨ་རོལ་པའི་རྡོ་རྗེའི་གསུང་འབུམ།(པོད༡བཞུགས།)
(༣༣༤—༣༣༩)—ཀརྨ་མཐོང་བ་དོན་ལྡན་གྱི་གསུང་འབུམ།(པོད༦བཞུགས།)
(༣༤༠—༣༥༤)—ཀརྨ་ཆོས་གྲགས་རྒྱ་མཚོའི་གསུང་འབུམ།(པོད༡༥བཞུགས།)
(༣༥༥—༣༩༠)—ཀརྨ་མི་བསྐྱོད་རྡོ་རྗེའི་གསུང་འབུམ།(པོད༣༦བཞུགས།)
(༣༩༡—༣༩༩)—ཀརྨ་དབང་ཕྱུག་རྡོ་རྗེའི་གསུང་འབུམ།(པོད༩བཞུགས།)
(༤༠༠—༤༠༡)—ཀརྨ་ཆོས་དབྱིངས་རྡོ་རྗེའི་གསུང་འབུམ།(པོད༢བཞུགས།)
(༤༠༢—༤༠༣)—ཀརྨ་མཐུ་སྟོབས་རྡོ་རྗེའི་གསུང་འབུམ།(པོད༢བཞུགས།)
(༤༠༤)—ཀརྨ་ཐེག་མཆོག་རྡོ་རྗེའི་གསུང་འབུམ།(པོད༡བཞུགས།)
(༤༠༥—༤༡༧)—ཞྭ་དམར་པ་མཁའ་སྤྱོད་དབང་པོའི་གསུང་འབུམ།(པོད༡༣བཞུགས།)
(༤༡༨—༤༤༥)—ཞྭ་དམར་པ་ཆོས་གྲགས་ཡེ་ཤེས་ཀྱི་གསུང་འབུམ།(པོད༢༨བཞུགས།)
དཀར་ཆག་འདིར་གསལ་བའི་དེབ་ཕྲེང300ལྷག་ད་སྔ་གཟིགས་འབུལ་གནང་ཟིན་པ་དང་། ད་དུང་མདོ་སྔགས་རིག་གནས་ལོ་རྒྱུས་དང་བཅས་པའི་དཔེ་དཀོན་འཐོར་བ་རྣམས་བསྡུས། ཆད་པ་རྣམས་བསབ། ཉམས་པ་རྣམས་གསོས། འཁྲུགས་པ་རྣམས་ལེགས་པར་བསྒྲིགས་ཏེ་དཔེ་ཚོགས་ཆེན་མོ་འདི་རིམ་པ་བསྟར་ཆགས་སུ་པར་དུ་བསྐྲུན་དང་སྐྲུན་བཞིན་པ་ལགས་སོ།།
པོད་རེ་རེའི་བརྗོད་བྱ་དང་དཀར་ཆག་ནི་འདིར་འགོད་མི་ལངས་བས་དཔེ་ཚོགས་འདིའི་ནང་དོན་རགས་བསྡུས་ཤིག་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་གིས་མཛད་པའི་གླེང་གཞི་ལས་དྲངས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com