མཁན་པོ་བསོད་ནམས་དར་རྒྱས་ཀྱི《བྱས་ན་ཐོབ》(རྒྱ་ཡིག)ཅེས་པ་པར་བསྐྲུན་བྱས།
མཁན་པོ་བསོད་ནམས་དར་རྒྱས་ཀྱི《བྱས་ན་ཐོབ》(རྒྱ་ཡིག)།
ཟླ11པའི་ཚེས15ཉིན། མཁན་པོ་བསོད་ནམས་དར་རྒྱས་ཀྱིས་ཟིན་ཕྲན་དག་ལས་གསུངས་དོན། དེ་སྔོན《སྡུག་བསྔལ་ནི་མི་ཚེའོ》(རྒྱ་ཡིག)ཞེས་པའི་དཔེ་དེབ་པར་བསྐྲུན་འགྲེམ་སྤེལ་བྱས་རྗེས་ཀློག་པ་པོ་གང་མང་ཞིག་གི་ཁས་ལེན་དང་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་པའི་ཁར། མི་རྣམས་ཀྱིས་མུ་མཐུད་དུ་སྡུག་བསྔལ་ངོས་ཟིན་པ་དང་སྡུག་བསྔལ་དེ་ཉིད་ནུས་ཤུགས་སམ་སྟོབས་ཤུགས་སུ་སྒྱུར་ཆེད། 《བྱས་ན་ཐོབ》(རྒྱ་ཡིག)ཅེས་པའི་དཔེ་གསར་ཞིག་པར་བསྐྲུན་གནང་བ་ཡིན། ནང་ཆོས་ནི་འཚོ་ཆོས་ཤིག་ཡིན་ལ། ལག་ལེན་བྱེད་ཐུབ་ན་ད་གཟོད་རླབས་ཆེ་པས། ཚང་མས་འདིར་བརྒྱུད་དེ་ཐོབ་བྱ་རེ་འབྱུང་བར་སྨོན་ཞེས་བརྗོད།
2012ལོའི་ཟླ7པར། མཁན་པོ་བསོད་ནམས་དར་རྒྱས་ཀྱིས《སྡུག་བསྔལ་ནི་མི་ཚེའོ》(རྒྱ་ཡིག)ཞེས་པའི་དཔེ་དེབ་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། འགྲེམ་སྤེལ་བྱས་ནས་ཉིན45འགོར་དུས་ཚོང་ཆེན་པོ་བྲིན་ཏེ་དཔེ་དེབ་ཁྲི20ཚོང་ཐུབ་པ་བྱུང་། དེར་བརྟེན་གང་ཟག་མང་པོར་ཕན་ཆེན་པོ་ཞིག་ཐོགས་པར་ཉེ་ལམ་ཡང《བྱས་ན་ཐོབ》(རྒྱ་ཡིག)ཅེས་པ་པར་བསྐྲུན་འགྲེམ་སྤེལ་གནང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com