ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-04 12:23:00 ཀློག་གྲངས།:

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱས་པ།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱས་པ།

         ཉེ་སྔོན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མས་སྒྲུབ་བཞིན་པའི《ང་རོ》འདོན་ཐེངས་དྲུག་པ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འགྲེམ་སྤེལ་བྱས། 

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱས་པ།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱེད་པའི་ཡུལ་དངོས།

         ཐེངས་འདིའི་རྩོམ་སྒྲིག་པས་ངོ་སྤྲོད་བྱས་པ་ལྟར་ན།  《ང་རོ》འདོན་ཐེངས་དྲུག་པའི་དུས་དེབ་ཀྱི་ཁ་ཕྱོགས་ས་གཙོ་བོ་ནི་རྩོམ་རིག་སྐོར་གྱི་གླེང་བརྗོད་ཡིན་ལ།  དེར་གཙོ་བོ་རྩོམ་རིག་སྐོར་གྱི་དཔྱད་བརྗོད་དང་ཕྲན་དཔྱད། བཅར་འདྲི།  འཛམ་གླིང་རྩོམ་རིག་གི་དོན་ཆེན་རེའུ་མིག་སོགས་འདུས་ཡོད། 《ང་རོ》འདོན་ཐེངས་དྲུག་པའི་རྩོམ་སྒྲིག་པ་ནི།  ལྷ་མོ་བཀྲ་ཤིས་དང་།  བཙུན་པོ་དོན་འགྲུབ།  ཚེ་རིང་།  དཔལ་རྩལ་བཅས་ཡིན།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱས་པ།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱེད་པའི་ཚོགས་ར།

         《ང་རོ》འདོན་ཐེངས་དྲུག་པར་ཆེད་སྒྲིག་གསར་བ་གཉིས་བསྣན་ཡོད་པ་ནི། རྩོམ་སྒྲིག་པས་རྒྱལ་ནང་གི་སློབ་ཆེན་སྐོར་ཞིག་གི་བོད་ཀྱི་རྩོམ་རིག་དགེ་རྒན་འགའ་ཞིག་ལ་རྩོམ་རིག་སྐོར་གྱི་བཅར་འདྲི་བྱས་པའི་ནང་དོན་བཀོད་ཡོད་པ་དང་།  གཞན་ཞིག་ནི་རྩོམ་སྒྲིག་པས་བོད་ཀྱི་གློག་བརྙན་སྐོར་གྱི་དོན་ཆེན་རེའུ་མིག་ཅིག་བཀོད་ཡོད།  དེར་ད་བར་དུ་ཕབ་སྐྲུན་ལེགས་འགྲུབ་བྱུང་ཞིང་དྲ་ངོས་སོགས་སུ་ཕྱིར་བསྒྲགས་བྱས་ཡོད་པའི་བོད་ཀྱི་གློག་བརྙན་དང་བརྙན་ཐུང་།  དངོས་བྲིས་གློག་བརྙན་བཅས40ལྷག་བསྡུ་སྒྲིག་བྱས་ཏེ་ཁྱབ་བསྒྲགས་རི་མོ་དང་། འཁྲབ་འཁྲིད་པ།  གློག་བརྙན་ངོ་སྤྲོད་སོགས་རེའུ་མིག་གི་སྒོ་ནས་ཕྲ་ཞིབ་བཟོས་ཡོད། 

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱས་པ།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱས་པ།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱས་པ།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《ང་རོ》འགྲེམ་སྤེལ་བྱེད་པའི་ཟུར་ཞིག

         《ང་རོ》ནི2006ལོར་གསར་དུ་སྤེལ་བ་ནས་བཟུང་ད་བར་ལོ་ངོ་དྲུག་གི་དུས་ཡུན་རིང་དུ།  ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཚོས་རྩོམ་སྒྲིག་འགན་འཁུར་ཏེ་སྒྲུབ་པ་ཡིན་ལ།  དུས་དེབ་ཏུ་འབོལ་རྩོམ་དང་།  སྒྱུར་རྩོམ།  ཕྲན་དཔྱད་དང་གླེང་བརྗོད་སོགས་ཀྱི་ལྗགས་རྩོམ་སྤེལ་གྱི་ཡོད་ཅིང་།   རྩོམ་རིག་ལ་སྤྲོ་སེམས་དོད་པའི་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་ལྗགས་རྩོམ་རེ་ཟུང་གཤམ་གྱི་ཡིག་ཟམ་དུ་སྐུར་ནས《ང་རོ》འདོན་ཐེངས་བདུན་པར་རྒྱབ་སྐྱོར་བྱེད་པར་སྨོན་འདུན་ཞུ།  

འབྲེལ་གཏུག་ཡིག་ཟམ།  Ngaro2006@yahoo.com.cn


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།