ལོས་ཐི་ལིན་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་བྱིས་པའི་དཔེ་དེབ་འགའ་དཔེ་སྐྲུན་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-22 11:40:00 ཀློག་གྲངས།:

ལོས་ཐི་ལིན་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་བྱིས་པའི་དཔེ་དེབ་འགའ་དཔེ་སྐྲུན་བྱས།
བྱིས་པའི་བློ་ཁ་དང་འཚམ་པའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དཔེ་དེབ།

         ཉེ་སྔོན། ལོས་ཐི་ལིན་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་ས་གནས་ཀྱི་བྱིས་པ་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་མཐོར་འདེགས་དང་འབྲེལ་ཡོད་ཤེས་བྱ་རྒྱུད་ལ་འཇོག་པར་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་བྱིས་པ་རྣམས་ཀྱི་བློ་ཁ་དང་འཚམ་པའི་དཔེ་དེབ་འགའ་པར་དུ་བསྐྲུན་ཡོད་དེ། སྒྲོལ་མ་རྨ་ཆུར་བསྐྱོད་པ་ཞེས་པའི་སྒྲུང་གཏམ་ཐུང་ངུ་ཞིག་དང་། ཕ་ཡུལ་ཞེས་པའི་རྨ་ཆུའི་འབྲོག་པའི་པར་ལེན་བརྩམས་ཆོས། ལས་སྙོམས་སྲུང་འཛིན་ཞེས་པའི་རྨ་ཆུའི་སྐྱེས་ཁམས་རིག་གནས་ཤེས་བྱ་མཉམ་རོལ་སོགས་ཡིན།

ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བྱིས་པའི་དཔེ་དེབ་འགའ།
ལས་སྙོམས་སྲུང་འཛིན།

ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བྱིས་པའི་དཔེ་དེབ་འགའ།
ཕ་ཡུལ་ཞེས་པའི་པར་ལེན་བརྩམས་ཆོས།

ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བྱིས་པའི་དཔེ་དེབ་འགའ།
སྒྲོལ་མ་རྨ་ཆུར་བསྐྱོད་པ།

ཟུར་བཀོད། 
         ལོས་ཐིན་ལིན་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་འདི་ནི་སྤྱི་ལོ2004ལོའི་ཟླ11བའི་ཚེས4ཉིན་ཀན་སུའུ་ས་ཁུལ་དུ་ཐོག་དང་བོར་དངོས་སུ་གསར་འཛུགས་བྱས་པའི་དམངས་ཁྲོད་རིག་གནས་དང་འདྲེས་བའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཚོགས་པ་དང་བོའི་མཚན་ཉིད་ཐོབ་འདུག་པ་ཞིག་ཡིན་ལ། དེ་བཞིན་དུ་ནུབ་རྒྱུད་ས་ཁུལ་གྱི་ཁོར་ཡུག་བདག་གཉེར་བྱེད་པའི་ལས་གནས་ཐོག་གྲུབ་འབྲས་མི་དམན་པ་འཇོག་མཁན་ཞིག་ཀྱང་ཡིན། ཚོགས་པ་འདིས་ད་བར་དུ་ས་གནས་སོ་སོ་དང་རྩྭ་ཐང་སོ་སོར་བརྒྱུད་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ་ཆུའི་ཐོན་ཁུངས་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། གཏེར་ཁ་བསྔོག་འདོན། རྩྭ་ཐང་གཏོར་བརླག་བཅད་ཀྱི་ཐད་ནས་ཀྱང་སྐུལ་འདེད་བླ་ལྷག་ཐོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།