དཀར་མཛེས་ཀྱི་བོད་རིགས་དམངས་ཁྲོད་རྩོམ་རིག་བརྩམས་ཆོས《འབའ་གཞས་ཀྱི་ཚིག་གདངས་གཅེས་བསྡུས》པར་དུ་བསྐྲུན།
དཀར་མཛེས་ཀྱི་བོད་རིགས་དམངས་ཁྲོད་རྩོམ་རིག་བརྩམས་ཆོས
《འབའ་གཞས་ཀྱི་ཚིག་གདངས་གཅེས་བསྡུས》པར་དུ་བསྐྲུན།
རྒྱུས་ལོན་པ་ལྟར་ན། སི་ཁྲོན་དཀར་མཛེས་ཁུལ་འབའ་ཐང་རྫོང་གི་དམངས་ཁྲོད་དུ་ཁྱབ་པའི་འབའ་གཞས་ཀྱི《འབའ་གཞས་ཀྱི་ཚིག་གདངས་གཅེས་བསྡུས》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་དཔེ་སྐྲུན་མཐུན་ཚོགས་ཀྱིས་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་བསྡོམས་པས་སྟོང2ལྷག་པར་བསྐྲུན་གནང་ཡོད།
《འབའ་གཞས་ཀྱི་ཚིག་གདངས་གཅེས་བསྡུས》ཞེས་པར་གཅེས་ཉར་དཔེ་དེབ་གསུམ་འདུས་ཤིང་། དེ་ལས《འབའ་བའི་གཞས་གདངས་གཅེས་བསྡུས》དང《འབའ་བའི་གཞས་ཚིག་གཅེས་བསྡུས》གཉིས་ལས་སྔ་མ་ནི་མ་ནེ་སྐྱིད་དང་བློ་བཟང་གཉིས་ཀྱིས་སྒྲིག་རྩོམ་དང་། རྗེས་མ་ནི་བོད་རིག་པའི་ཆེད་མཁས་པ་ཕུན་ཐོའོ་དང་བློ་བཟང་ཕ་བུ་བཅས་ཀྱིས་སྒྲིག་རྩོམ་མཛད་ལ་དེར་སྟོད་ཆ་དང་སྨད་ཆ་གཉིས་སུ་དབྱེ། 《འབའ་གཞས་ཀྱི་ཚིག་གདངས་གཅེས་བསྡུས》ནི་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་དང་། རིག་གཞུང་ཞིབ་འཇུག་གི་རིན་ཐང་། རྩེད་འཇོ་རོལ་མྱོང་གི་རིན་ཐང་བཅས་ལྡན་པའི་བརྩམས་ཆོས་ཤིག་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com