མེ་ལྕེས་བརྩམས་པའི་དཔེ་དེབ《དགེ་ཆོས་རྒྱང་མཇལ》།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-11 11:54:00 ཀློག་གྲངས།:


མེ་ལྕེས་བརྩམས་པའི་དཔེ་དེབ《དགེ་ཆོས་རྒྱང་མཇལ》།

          དགེ་འདུན་ཆོས་འཕེལ་ནི་དུས་རབས་ཉི་ཤུ་པའི་སྟོད་ཀྱི“མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲོད”མཁན་དང་། “འཇིགས་པའི་ང་རོ་སྒྲོག་པའི་ཚང་ཚིང”དུ་སྒེར་ཚུགས་ཀྱི་མི་གཞི་དང་མཁས་པའི་དམ་ཚིག་སྲོག་ལ་བབས་ཀྱང་འབད་པས་སྲུང་མཁན་གཅིག་པུའོ་ཞེས་བརྗོད་མྱོང་པ་ལྟར་བོད་ཀྱི་དུས་རབས་ཉི་ཤུ་པའི་བསམ་བློའི་འཕེལ་རིམ་གླེང་ཚེ་དགེ་འདུན་ཆོས་འཕེལ་ལགས་ནི་གཡོལ་མི་རུང་བའི་གསེར་གྱི་རི་བོ་ལྟ་བུའི་མི་སྣ་ཞིག་ཡིན་པ་དང་།  ཁོང་གིས་ཕྱི་རབས་པ་རྣམས་ལ་བཞག་པའི་བསམ་བློའི་གཅེས་ནོར་དག་ནི་དངོས་གནས་ཁོང་གིས་གསུངས་པ་ནང་བཞིན“མཁས་པས་རྒྱལ་ཁམས་འགྲིམ་ཏེ་བསགས་བྱས་པའི།། དབུལ་བོའི་གཅེས་ནོར་ས་ལ་བཀྲམ་པ་འདི།། སྙན་ནས་སྙན་དུ་ཤུལ་བུར་བརྒྱུད་པ་ཡི།། ཕྱུག་པོའི་གསེར་ཆོས་དག་གིས་དོ་ཟླ་མིན”ཞེས་པ་ལྟར་རོ།།
          དེ་བཞིན་དུ་ད་ལྟའི་དུས་བབ་ཀྱི་ངོས་ནས་ཀྱང་དགེ་འདུན་ཆོས་འཕེལ་ལགས་ནི་ཤེས་ཡོན་ཅན་གྱི་སྡེའི་དར་ཆ་ཞིག་ཏུ་མཐོང་བར་མ་ཟད།  “དགེ་ཆོས་སྙིང་སྟོབས”ནི་ཡོན་ཏན་པའི་སྡེ་ནས་ངེས་པར་དུ་རྒྱུན་འཛིན་བྱེད་དགོས་པའི་བསམ་བློའི་གཏེར་མཛོད་ཅིག་ཏུ་གྲུབ་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།