སྐུ་ཞབས་རྒྱ་གྲོལ་གྱི《སྐྱབས་འགྲོ་བྲན་གཡོག་གི་འདུ་ཤེས་ཡིན་ནམ》པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ཀླུ་ཚང་སྨྱུག་གསར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-07 08:57:00 ཀློག་གྲངས།:


《སྐྱབས་འགྲོ་བྲན་གཡོག་གི་འདུ་ཤེས་ཡིན་ནམ》པར་སྐྲུན་འགྲེམ་སྤེལ་བྱས།

          《སྐྱབས་འགྲོ་བྲན་གཡོག་གི་འདུ་ཤེས་ཡིན་ནམ》ཞེས་པ་ནི་སྐུ་ཞབས་ཤེས་རབ་བསྟན་དར་གྱིས་ཤེས་རབ་ཀྱི་ཚོམས་ཞེས་པའི་དེབ་ཕྲེང་གཉིས་པ་ཡིན་ལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས།
          དེབ་འདི་ནི་དེང་འདིར་ཡོངས་སུ་ཁྱབ་པའི་སྤྱི་ཚོགས་དང་རིག་གནས། ཆབ་སྲིད་དང་དཔལ་འབྱོར། སློབ་གསོ་བཅས་ཕྱོགས་གང་ཐད་དང་འབྲེལ་བ་ཡོད་པའི་དོགས་གཞི་སྐོར་ཞིག་ལ་བློ་ཞིབ་མོས་བསམ་ཞིང༌། རིགས་པ་ཕྲ་མོས་དཔྱད་དེ་ཁ་གསལ་ཞིང་དོན་འདུས་པ། དཔེ་གསལ་བའི་སྒོ་ནས་འགྲེལ་བཤད་བྱས་ཤིང༌། གཡམ་ལ་རྒྱུགས་པ་དང་ཆུ་སྣ་གར་ཁྲིད་ཀྱི་སྤྱོད་པ་སྤངས་ནས་བོད་ཀྱི་རིག་གཞུང་གི་རིན་ཐང་ལ་སྡོམ་ཚིག་གསར་བ་ཞིག་བཀོད་ཡོད།   
          དེབ་འདིའི་དྲི་བ་འདོན་མཁན་ལ་བློ་རབ་འབྲིང་ཐ་གསུམ་ཡོད་ན་ཡང༌། ལན་འདེབས་སྟངས་ནི་བོད་ཀྱི་སྲོག་ཏུ་གྱུར་པའི་རིག་གནས་ཀྱི་རིན་ཐང་གཞིར་བཟུང་སྟེ། ད་ལྟའི་བོད་ཀྱི་སྤྱི་ཚོགས་དང་རིག་གཞུང་གི་འགལ་ཟླ་ཐག་གཅོད་པ་གནད་དུ་བཟུང་ཡོད་པས་བློ་ཁ་མཐོ་དམན་མཐའ་དག་གིས་ངེས་པར་བཀླག་འོས་པ་ཞིག་ཡིན།   
          དེབ་འདིས་གནད་དོན་སྐོར་ཞིག་ལ་གླེང་བསླངས་པར་བརྟེན་ཀློག་པ་པོའི་བསམ་གཞིག་བོད་ཀྱི་རིག་གནས་ཀྱི་དགེ་མཚན་ལ་སྦྱོར་བ་དང་། དགེ་མཚན་དེས་བོད་ཀྱི་སྤྱི་ཚོགས་ལ་འབྲེལ་བར་གཞེན་སྐུལ་གནང་ངེས།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།