རྒན་རྒྱ་གྲོལ་ལགས་ཀྱི《ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས》པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ཀླུ་ཚང་སྨྱུག་གསར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-03-02 08:33:00 ཀློག་གྲངས།:


《ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས》པར་སྐྲུན་འགྲེམ་སྤེལ་བྱས་པ།

          《ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས》ཞེས་པ་འདི་ནི་རྒན་ཤེས་རབ་བསྟན་དར་གྱིས་ཤེས་རབ་ཀྱི་ཚོམས་ཞེས་པའི་དེབ་ཕྲེང་གི་དང་བོ་ཡིན་ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས།
          འདི་ནི་རྩོམ་པ་པོས་ནང་བསྟན་མ་ཤེས་ན་བོད་ཀྱི་རིག་གནས་ཆ་ཚང་ཞིག་ཤེས་མི་ཐུབ་ལ། བོད་ཀྱི་རིག་གནས་མ་ཤེས་ན་བོད་མི་རིགས་ཁ་ཚང་ཞིག་ངེས་མི་ཐུབ་པའི་ཚུལ་ལ་དམིགས་ནས་བོད་དང་བོད་མི་རིགས་ཀྱི་སྲོག་ཤིང་གི་ཆེད་དུ་བྲིས་པའི་ནང་བསྟན་གྱི་སློབ་དེབ་ཅིག་ཡིན། 
          སློབ་དེབ་འདིའི་ནང་ནང་བའི་བསྟན་པ་བྱུང་བའི་ལོ་རྒྱུས་དང༌། སྣོད་བཅུད་ཆགས་འཇིག་བཅས་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་ཁ་ཚང་ཞིང་གནད་བསྡུས་པ་དང་།  བརྗོད་བྱའི་དོན་གནད་དུ་འཁེལ་བ་དང་རྗོད་བྱེད་ཀྱི་ཚིག་གསལ་ཞིང་གོ་སླ་བས་སྤྱི་ཁོག་ཡིད་ལ་འཛིན་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན།  
          དེ་མིན་འདིས་སྲོལ་རྒྱུན་གྱི་བསམ་བློ་གཞིར་བཟུང་ཞིང༌། དེང་རབས་ཀྱི་རིག་པས་ཟུར་བརྒྱན་ཏེ་ས་བཅད་དང་སྤྱི་ཁོག་འཇུག་བདེ་ལ། གོ་རིམ་དང་རྗོད་བྱེད་འཛིན་སླ་བས་ལས་དང་བོ་བ་རྣམས་ཀྱིས་སྦྱངས་ན་བློ་སྐྱེད་ལེགས་པོ་འབྱུང་ངེས།     
          སློབ་དེབ་འདིས་ཁུངས་དམ་པའི་གཞུང་ལ་གཏུགས་ཤིང་འགྲོས་གྲྭ་སའི་སྲོལ་དང་བསྟུན་ནས། དུས་རབས་ཀྱི་ཁྱད་ཆོས་དང་མཐུན་པ་དམིགས་སུ་བཟུང་བས་ནང་བསྟན་ལ་སློབ་གཉེར་བྱེད་མཁན་དག་ལ་མཚོན་ན་སློབ་དེབ་ལེགས་པོ་ཞིག་དང༌།  ཞིབ་འཇུག་བྱེད་མཁན་དག་ལ་མཚོན་ནའང་དཔྱད་གཞི་གལ་ཆེན་ཞིག་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།