《སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སྤྱིའི་བསྐྱར་སྦྱོང་ལྷན་ཐབས》ཞེས་པའི་དཔེ་གསར་མཚམས་སྦྱོར།

རྩོམ་པ་པོ།:དགེ་ཆོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-14 10:13:00 ཀློག་གྲངས།:


《སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སྤྱིའི་བསྐྱར་སྦྱོང་ལྷན་ཐབས》།

          ཡིག་ཚད་ཀྱི་དོན་དུ་འདུར་རྒྱུག་རྒོད་པའི་རང་རེའི་ཁོར་ཡུག་འདི་ལྟ་བུ་ལ་མཚོན་ན། རྨང་གཞིའི་སློབ་གསོ་དམན་པར་འཛིན་ཞིང་སློབ་ཆུང་དགེ་རྒན་སླ་བར་ལྟ་བའི་འདུ་ཤེས་ཤིག་ཆགས་ཡོད། དེ་ནི་སྔ་མའི་མཐོ་དམའི་ལམ་ལུགས་ཀྱི་སློབ་གསོའི་བག་ཆགས་འདོར་མ་ཐུབ་པ་དང་དེང་གི་འབྱུང་སྤུས་སློབ་གསོའི་ལྟ་བ་དང་ལེན་མ་ཐུབ་པས་ཆད་རྟགས་ཤིག་ཏུ་ངོས་འཛིན་ཆོག་པ་རེད། 
         ད་ནས་བཟུང་དགེ་རྒན་ཐམས་ཅད་ཀྱིས་ཕྱི་སྔོག་ནང་སྤྲུགས་བྱས་ཤིང་རང་སྐྱོན་རང་བརྗོད་མཛད་དེ། འགྲོ་བ་མིའི་འབྱུང་འགྱུར་གྱི་བདག་པོ་རྣམས་ལ་དཀར་འདོན་བྱེད་དགོས་ལ།  རང་ཉིད་ཀྱི་ལྷག་བསམ་དང་འཇོན་ཐང་གི་བར་ཐག་སྙོམས་སྒྲིག་བྱེད་དགོས་པའི་ཚད་དུ་སླེབས་འདུག་པ་རྟོགས་དགོས།  དེ་ཡང་དགེ་རྒན་གྱིས་འཁྲིད་པ་ལས་སློབ་མས་སློབ་པ་གཙོ་ལ། སྐར་མཐོའི་དཔར་མ་མང་བ་ལས་རྨང་གཞིའི་རྩིག་གདན་སྲ་བའི་སློབ་མ་མཁོ་བའི་དུས་རབས་ཉེར་གཅིག་པའི་རྦ་ཀློང་དུ། སློབ་ཁྲིད་སྒེར་གཅོད་ཅན་དང་ཁྲིད་ཐབས་ཆིག་རྐྱང་ཅན་གྱི་དགེ་རྒན་དག་གནས་ས་ཡེ་ནས་མེད་ཕྱིར། རང་ཉིད་ཀྱིས་རང་ཉིད་ལ་སྙིང་ཕུར་བརྡབ་ཅིང་རང་སྦྱོང་གི་ནུས་པ་མཐོར་འདེགས་ཀྱི་ཆེད་དམ། བྱིས་པའི་ཞིང་ས་གཤིན་པོར་རྨང་གཞིའི་ས་བོན་གདབ་དགོས་པའི་དོན་དུའམ། མདུན་དུ་ལྷགས་པའི་བྱིས་པ་ཁྲི་སྟོང་མང་པོ་ནི་མི་རིགས་ཀྱི་མ་འོངས་པ་དང་། དེ་དག་གི་དོན་དུ་ཤ་ཐང་ཐང་གིས་འབད་པ་བྱ་རྒྱུ་ནི་དགེ་རྒན་ཐུན་མོང་གི་གཡོལ་མེད་ཀྱི་ལས་དོན་ཞིག་ཡིན་པར་དམིགས་ཏེ་ད་ཐེངས་ཆེད་དུ《སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སྤྱིའི་བསྐྱར་སྦྱོང་ལྷན་ཐབས》ཞེས་པའི་དཔེ་ཆ་འདི་འདྲ་ཞིག་བསྒྲིགས་ཤིང་བཀྲམ་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།