འཇིག་རྟེན་ལ་འཇུག་པའི་བློ་སྦྱོང་ཞེས་པའི་དཔེ་དེབ་ངོ་སྤྲོད།
《འཇིག་རྟེན་ལ་འཇུག་པའི་བློ་སྦྱོང》།
《འཇིག་རྟེན་ལ་འཇུག་པའི་བློ་སྦྱོང》ཞེས་པའི་དཔེ་དེབ་འདི་ནི་མ་ཁུ་སེ་ཝེ་པུར་གྱིས་བརྩམས་ཤིང་། བདུད་ལྷ་རྒྱལ་གྱིས་གཙོ་སྒྲིག་འོག་ཚེ་མཁར་རྒྱལ་དང་བསོད་ནམས་དོན་འགྲུབ་གཉིས་ཀྱི་བརྩམས་ཆོས་འདི་ཉིད་བོད་ཡིག་ཏུ་བསྒྱུར་བ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་ཞིག་རེད།
མ་ཁུ་སེ་ཝེ་པུར་ནི་འཇར་མན་གྱི་ཆབ་སྲིད་དཔལ་འབྱོར་རིག་པ་བ་དང་སྤྱི་ཚོགས་ཚན་རིག་པ། སྤྱི་བའི་སྲིད་འཛིན་རིག་པའི་སྲོལ་འབྱེད་མཁན་ཆེས་གཙོ་བོ་ཞིག་ཀྱང་ཡིན། ཝེ་པུར་གྱིས་ཐོག་མར་པིར་ལེན་སློབ་ཆེན་དུ་དགེ་རྒན་མཛད་པ་དང་། ཕྱིས་སུ་ཝི་ཨིན་ན་སློབ་ཆེན་དང་ཉུག་ནི་ཁུ་སློབ་ཆེན་སོགས་སུ་དགེ་རྒན་གྱི་ལས་ཀ་མཛད། སྐབས་དེའི་འཇར་མན་གྱི་ཆབ་སྲིད་ཕྱོགས་ལ་ཁོའི་ཤུགས་རྐྱེན་ཧ་ཅང་ཆེ་སྟེ། ཁོང་འཇར་མན་གྱི་ཚབ་བྱས་ཏེ་ཧྥར་ཨར་སད་ཚོགས་འདུར་ཞུགས་ལ། ད་རུང་ཝེ་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འཆར་ཟིན་འགོད་པའི་བྱ་བར་ཡང་ཞུགས་མྱོང་།
ཁོང་གི་བརྩམས་ཆོས་གཙོ་བོ་ནི་སྤྱི་ཚོགས་རིག་པའི་ཆོས་ལུགས་དང་ཆབ་སྲིད་ཞིབ་འཇུག་གི་ཕྱོགས་ཡིན་ཞིང་། ཁོས་དཔལ་འབྱོར་རིག་པའི་ཕྱོགས་སུ་ཡང་མཛད་རྗེས་རླབས་ཆེན་བཞག་ཡོད། བརྩམས་ཆོས་གྲགས་ཅན《གསར་མ་བའི་མི་ཆོས་དང་མ་རྩ་རིང་ལུགས་ཀྱི་སྙིང་སྟོབས》ཞེས་པ་ནི་ཁོའི་ཆོས་ལུགས་སྤྱི་ཚོགས་རིག་པའི་ཆེས་ཐོག་མའི་ཞིབ་འཇུག་གི་འབྲས་བུ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com