འཇིགས་མེད་རྡོ་རྗེའི་སྐད་གཉིས་སྙན་རྩོམ་ཕྱོགས་བསྡུས《རྐང་ཐང་པ་ཞིག་གི་རྨི་བཤད》པར་སྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-21 12:14:00 ཀློག་གྲངས།:


འཇིགས་མེད་རྡོ་རྗེའི་སྐད་གཉིས་སྙན་རྩོམ་ཕྱོགས་བསྡུས《རྐང་ཐང་པ་ཞིག་གི་རྨི་བཤད》།

          ཉེ་ལམ།  བོད་རིགས་ན་གཞོན་སྙན་ངག་པའམ་ཡིག་བསྒྱུར་བ་འཇིགས་མེད་རྡོ་རྗེའི(མཚོ་སྔོན་ཁྲི་ཀ་ནས་སྐྱེས་ཤིང་།  ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ན་ལས་གཉེར་གནང་བཞིན་ཡོད)བོད་རྒྱ་སྐད་གཉིས་ཀྱི་སྙན་རྩོམ་ཕྱོགས་བསྡུས《རྐང་ཐང་པ་ཞིག་གི་རྨི་བཤད》ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད། 
          སྙན་རྩོམ་ཕྱོགས་བསྡུས་འདིར་ཁོང་གི་སྙན་རྩོམ80ལྷག་འདུས་ཤིང་ཁྱད་ཆོས་གཙོ་བོ་ནི་སྙན་རྩོམ་རེ་རེར་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་བྲིས་ཡོད་པ་དང་། རྩོམ་པ་པོའི་རྩོམ་རྩལ་དང་གཏིང་ཟབ་པའི་ཡིག་བསྒྱུར་ཆུ་ཚད་མངོན་ཡོད།  རྩོམ་པ་པོ་ལས་རྒྱུས་ལོན་བྱུང་བ་ལྟར་ན།  བརྩམས་ཆོས་འདི་པར་སྐྲུན་འགྲེམ་སྤེལ་གྱི་དུས་ཡུན་ནང་དཀའ་ཚགས་ཆེ་སྟེ། ཞིབ་བཤེར་དང་།  དཔེ་རྟགས་དངCIPཡར་ཞུ་ཆོག་མཆན་སོགས་ཀྱི་བརྒྱུད་རིམ་ངེས་ཅན་ཁྲོད་ད་དུང་བོད་རྒྱ་སྐད་གཉིས་ཀྱི་སྙན་རྩོམ10ལྷག་འཕྲི་དགོས་པ་བྱུང་།    ཡིན་ཡང་ལོ་གཅིག་རིང་གི་བརྩོན་པར་བརྒྱུད་དཔེ་ཆ་འདི་ཉིད་ད་ལྟ་དངོས་སུ་དཔེ་ཀློག་བ་རྣམས་ཀྱི་སྤྱན་སྔར་ཐོན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།